སྐྱེ་ཁམས་དཔལ་ཡོན་ཅན་གྱི་འཚོ་བ་སྐྱེལ་སྟངས།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:39ལ་འགྲུབ།

སྐྱེ་ཁམས་དཔལ་ཡོན་ཅན་གྱི་འཚོ་བ་སྐྱེལ་སྟངས།

སྐྱེ་ཁམས་དཔལ་ཡོན་ཅན་གྱི་འཚོ་བ་སྐྱེལ་སྟངས།
སྐྱེ་ཁམས་དཔལ་ཡོན་ཅན་གྱི་འཚོ་བ་སྐྱེལ་སྟངས་ནི་མིའི་རིགས་ཀྱིས་དངོས་པོའི་རྒྱུ་ཆ་འཛད་སྤྱོད་བྱེད་སྟངས་ཡིན་ཞིང་། དེའི་ནང་དངོས་པོའི་འཚོ་བ་དང་། རིག་གནས་འཚོ་བ། བསམ་པའི་འཚོ་བ་བཅས་ཚུད་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
生态文明型生活方式
འཚོ་བ་སྐྱེལ་སྟངས།
མིའི་རིགས་ཀྱིས་དངོས་པོའི་རྒྱུ་ཆ་འཛད་སྤྱོད་བྱེད་སྟངས།
འདུས་བ།
དངོས་པོའི་འཚོ་བ་དང་། རིག་གནས་འཚོ་བ། བསམ་པའི་འཚོ་བ།
ཐག་གཅོད་རྒྱུ་རྐྱེན།
སྤྱི་ཚོགས་ཀྱི་དངོས་པོའི་ཐོན་སྐྱེད་འཕེལ་རྒྱས།
1 ངོ་སྤྲོད།

སྐྱེ་ཁམས་དཔལ་ཡོན་ཅན་གྱི་འཚོ་བ་སྐྱེལ་སྟངས་ནི་མིའི་རིགས་ཀྱིས་དངོས་པོའི་རྒྱུ་ཆ་འཛད་སྤྱོད་བྱེད་སྟངས་ཡིན་ཞིང་། དེའི་ནང་དངོས་པོའི་འཚོ་བ་དང་། རིག་གནས་འཚོ་བ། བསམ་པའི་འཚོ་བ་བཅས་ཚུད་ཡོད།

2 གཞི་རྩའི་ཆ་འཕྲིན།

སྐྱེ་ཁམས་དཔལ་ཡོན་ཅན་གྱི་འཚོ་བ་སྐྱེལ་སྟངས་ནི་མིའི་རིགས་ཀྱི་དངོས་པོའི་རྒྱུ་ཆས་འཛད་སྤྱོད་བྱེད་སྟངས་ཡིན་ཞིང་། དེའི་ནང་དངོས་པོའི་འཚོ་བ་དང་། རིག་གནས་འཚོ་བ། བསམ་པའི་འཚོ་བ་བཅས་ཚུད་ཡོད། དེ་གཙོ་བོ་སྤྱི་ཚོགས་ཀྱི་དངོས་པོའི་ཐོན་སྐྱེད་འཕེལ་རྒྱས་ཀྱིས་ཐག་གཅོད་པ་ཡིན་ལ། དེང་རབས་ཀྱི་འཚོ་བ་སྐྱེལ་སྟངས་ལ་རྒྱུ་ནོར་ཧ་ཅང་ཆེན་པོ་དང་། སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཐོན་རྫས་ཀྱི་འདེགས་སྐྱོར་ཡོད། བཟོ་ལས་ཅན་གྱི་ཐོན་སྐྱེད་ཆེན་པོས་དངོས་པོ་ཧ་ཅང་ཕུན་སུམ་ཚོགས་པོ་བཟོ་སྐྲུན་བྱས་ཡོད་པ་དང་། རྒྱལ་སྤྱི་ཅན་གྱི་ཚོང་ར་བརྒྱུད་འཛམ་གླིང་ཡོངས་ལ་ཕྱིར་འཚོང་བྱས་ཏེ། མི་དམངས་ཀྱི་འཚོ་བ་ཡག་པོ་སྐྱེལ་བའི་འདོད་པ་སྐོང་བ་དང་། འཛད་སྤྱོད་མཐོ་བའི་རྦ་རླབས་འཕྱུར་བཞིན་ཡོད་པས།འཛད་སྤྱོད་འཚོ་བའི་གསར་བརྗེ་ཞེས་འབོད་པ་རེད།ཐོན་སྐྱེད་མང་དྲགས་པ་དང་། དངོས་རྫས་ཧ་ཅང་ཕུན་སུམ་ཚོགས་པ། ཐོན་སྐྱེད་བཟོ་གྲྭ་དང་བརྡ་ཁྱབ་ཀུང་སིས་འཛད་སྤྱོད་རིང་ལུགས་འགྲེམ་འཚོང་བྱེད་ཀྱིན་ཡོད་པས། མི་རྣམས་ཀྱིས་དངོས་པོ་ཉོ་སྐབས་གྲོན་ཆུང་བྱེད་དགོས་པའི་གནད་དོན་ལ་བསམ་བློ་གཏོང་མི་དགོས་པར་གཅིག་རྗེས་གཉིས་མཐུད་ཀྱིས་དངོས་པོ་ཉོ་བཞིན་ཡོད་པས། དངོས་གནས་འཛད་སྤྱོད་ཆེ་བ་དང་འཛད་སྤྱོད་ཚད་ལས་བརྒལ་བའི་འཚོ་བར་སྐུལ་འདེད་བཏང་ཡོད། རིན་གོང་མཐོ་བའི་ཚོང་ཟོག་ལ་བརྩོན་ལེན་བྱས་ནས་ཚོང་རྟགས་གྲགས་ཅན་ཉོ་ཐུབ་ཆེད་ལས་ཀ་བྱེད་པ། རིན་གོང་མཐོ་བའི་ཚོང་ཟོག་ཉོས་ན་ད་གཟོད་ལ་རྒྱ་ཡོད་པ་དང་། དེས་ཡོང་འབབ་མཐོ་བའི་གཏོང་སྤྲོད་ནུས་པ་མཚོན་པ་དང་། སྔར་ལས་རྒྱ་ཆེ་བ་དང་། ངོ་སོ་སྔར་ལས་ཆེ་བ། སྙན་གྲགས་ཆེ་བ་བཅས་ཀྱི་གོ་གནས་མཚོན་ཡོད། དཔལ་འབྱོར་རིག་པ་བ་སོ་ཨེར་སི་ཐན·ཧྥན་པོ་ལུན་གྱིས་འཛད་སྤྱོད་དེ་རིགས་ལ“ངོམ་ངོམ་རང་བཞིན་གྱི་འཛད་སྤྱོད་”ཅེས་འབོད་ཀྱིན་ཡོད། རྗེས་སུ་མི་རྣམས་ཀྱིས“ཐོབ་ཐང་མཚོན་བྱེད་ཐོན་རྫས”དེ་རིགས་ལ “ཧྥན་པོ་ལུན་ཚོང་ཟོག”ཞེས་འབོད་པ་ལས་ཚོང་ཟོག་གཞན་དག་མིན།  

ཨ་རིས་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆའི6ཟིན་པར་བརྟེན་ནས་འཛམ་གླིང་གི་ཐོན་ཁུངས་ཀྱི་བརྒྱ་ཆའི30ཟིན་པའི་འཛད་སྤྱོད་བྱས་པ་དེའི་དཔེ་མཚོན་གྱི་ཁྱད་ཆོས་ནི་ནུས་ཁུངས་ཟད་གྲོན་ཆེ་བ་དེ་ཡིན༎ “རླངས་འཁོར་རིག་གནས”འཕེལ་རྒྱས་ཕྱིན་ནས་ཨ་རིའི་ཁྱིམ་ཚང་རེར་ཉུང་མཐར་ཡང་རླངས་འཁོར་རེ་ཡོད་མོད འོན་ཀྱང་རྒྱུན་དུ་རླངས་འཁོར་གཉིས་ཡན་ཡོད་པ་དང་རླངས་འཁོར་དུང་ཕྱུར་གཉིས་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པའི་མྱུར་བགྲོད་གཞུང་ལམ་ཐོག་རྒྱུག་བཞིན་ཡོད། ཀྲུང་གོས་ད་ཆ་ཨ་རི་དང་འདྲ་བར་རླངས་འཁོར་བཟོ་སྐྲུན་ལས་རིགས་དེ་སྤྱི་ཚོགས་ཀྱི་ལྟེ་བའི་ཐོན་ལས་སུ་བརྩིས་ནས་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཀྲུང་གོའི་རླངས་འཁོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྙན་ཞུ་ཞིག་སྔོན་དཔག་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཀྲུང་གོའི་སྒེར་གྱི་རླངས་འཁོར་དབང་ཚད་དུང་ཕྱུར་ལས་བརྒལ་རྒྱུ་དང་ལོ་བཅུ་ཡས་མས་སུ་དུད་ཚང་བརྒྱ་རེར་རླངས་འཁོར་དབང་ཚད60ཟིན་པའམ་ཡང་ན་ཉེ་བར་ཟིན་རྒྱུ་ཡིན།

ཨ་རིར་སྤྲོ་ཁང་དང་། བཟོ་ལས་ཅན། ཚད་མཐོའི་རིག་ནུས་ཅན་བཅས་ཀྱི་ཁྱིམ་ཚང་བཀོད་སྒྲིག་བྱས་པས་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་པ་དང་རིན་གོང་སྔར་བས་མཐོ་རུ་ཕྱིན་ནས་འཚོ་བ་རྒྱུན་ཆད་མེད་པར་མཐོ་རིམ་རྒྱས་སྤྲོས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ནུས་ཚད་མཐོ་བའི་སྲོ་སྐམ་འཕྲུལ་འཁོར་གྱིས་གྱོན་ཆས་སྐམ་པོ་བཟོ་སྐབས། ཉི་འོད་རབ་ཏུ་འཕྲོ་བའི་ཅ་ཀྲོའུ་རུ་ཡིན་ནའང་མི་རྣམས་ཀྱིས་ཉི་འོད་སྤྱད་དེ་གྱོན་ཆས་སྐམ་པོ་བྱེད་པ་ཁྱེད་ཀྱིས་མཐོང་མི་ཐུབ། རྩོལ་ཕྱོད་མཐོ་བའི་བར་སྣང་སྙོམས་སྒྲིག་འཕྲུལ་ཆས་དང་། དཀར་ཡོལ་འཁྲུད་ཆས། གློག་ཆས་སྣ་ཚོགས་ཅན་དུ་བསྒྱུར་བ་བཅས་ཀྱིས་གློག་གྲོན་ཆུང་བྱེད་པའི་གནད་དོན་ལ་བསམ་བློ་གཏོང་མ་མྱོང་། ཀྲུང་གོ་བས་གོ་གནས་ཀྱི་ཆེད་དུ་འཛད་སྤྱོད་བྱེད་པ་དེ་ཨ་རི་བ་ཡང་ཧ་ལས་སྲིད། རྒྱས་ཟ་རྒྱས་འཐུང་གི་དར་སྲོལ་དར་ཁྱབ་ཆེ་བ་དང་། གྲོང་ཁྱེར་གྱི་རིན་གོང་མཐོ་བའི་ཟ་ཁང་དང་སྐར་མ་རིམ་པའི་མགྲོན་ཁང་གིས་ལོ་མང་རིང་མགྲོན་པོས་ཁེངས་པ་དང་། གསོལ་ལྕོག་ཐོག་མཐོ་རིམ་གྱི་ཞིམ་ཟས་དང་། ཨ་རག་གྲགས་ཅན། བཏུང་བྱ་བཅས་སྣ་ཚོགས་བསྒྲིགས་ཡོད་པ། གསོལ་སྟོན་གཟབ་རྒྱས་རེར་སྒོར་སྟོང་ཕྲག་ཁ་ཤས་དང་ཁྲི་ཁ་ཤས་ནས་ཁྲི་ཁ་ཤས་བར་མི་འདྲ་བ་ཡོད་པ་མ་ཟད། ད་དུང་གསོལ་སྟོན་ཡག་ཤོས་ཀྱང་ཡོད་པ་ཡིན། དྲན་གསོའི་ཉིན་མོ་སྣ་ཚོགས་དང་། བྱ་དགའ་སྤྲོད་པའི་མཛད་སྒོ་ཆེན་པོ་སྣ་ཚོགས། ལས་མགོ་ཚུགས་པའི་དར་ཚོན་འབྲེག་པ། རྨང་འདིང་བའི་རྟེན་འབྲེལ་མཛད་སྒོ་སྣ་ཚོགས་བཅས་ཚང་མས་དངུལ་གཏོང་བ་དང་ཚ་ཚ་འུར་འུར་ངང་གཉེར་ན་གཞི་ནས་མཐོང་ཆེན་དང་། གོང་བཀུར། ལྷག་བསམ་བཅས་མངོན་པར་བྱེད་ཐུབ།

དེ་ནི་གཞི་རྩའི་དགོས་མཁོའི་ཆེད་དུ་མིན་པ་གསལ་པོ་ཡིན། རླབས་རྒྱུན་འདི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དགོས་མཁོ་དང་མི་མཐུན། “རླངས་འཁོར་རིག་གནས”ཐད་ང་ཚོར་ནུས་རྒྱུའི་རྒྱབ་སྐྱོར་ནུས་པ་འདང་ངེས་ཤིག་མེད་ལ་ཁོར་ཡུག་གི་རྒྱབ་སྐྱོར་ནུས་པ་འདང་ངེས་ཤིག་ཀྱང་མེད། དུས་རབས20བའི་དུས་དཀྱིལ་དུ་ལུའོ་ཧྲན་ཅི་གྲོང་ཁྱེར་གྱི་རླངས་འཁོར་ཁྲི250ཡིས་མིང་གྲགས་ཅན་གྱི་སྤྱི་གནོད་དོན་རྐྱེན་ཏེ། “ལའོ་ཧྲན་ཅི་འོད་རྫས་འགྱུར་དུ་སྨུག་དོན་རྐྱེན”བཟོས་པ་དང་། ཀྲུང་གོར་བྱུང་བའི་པེ་ཅིང་ལུ་ཞེས་པའི་ཐ་སྙད་དར་ཁྱབ་ཆེ་བ་ནི་པེ་ཅིང་དུ་སྡོད་པའི་ཕྱི་ནས་ཡོང་བའི་མིར་དབུགས་ལམ་གྱི་ནད་ཅིག་ཡིན་པ་ཙམ་མིན། སྤྱི་ལོ2013ལོའི་ལོ་གསར་ལ་སྨུག་པ་ཆེན་པོ་ཞིག་ཟླ1པོའི་ཚེས7ཉིན་ནས་བཟུང་པེ་ཅིང་གིས་གཙོ་བོ་བྱས་པའི་རྒྱལ་ཡོངས་ཀྱི་སྦགས་བཙོག་ཚབས་ཆེན་ཕོག་པའི་གྲོང་ཁྱེར33གྱི་མཁའ་རླུང་སྤུས་ཚད་ཉིན་བཅུ་བསྟུད་མར་ཚད་གཞི་ལས་བརྒལ་ཡོད། རླུང་ཁམས་ཆེན་མོའི་སྦགས་བཙོག་གི་དཀའ་ངལ་འཕྲད་པའི་གྲོང་མི་མང་པོ་ཞིག་ཁྱིམ་དུ་སྨུག་རྡུལ་ལས་གཡོལ་ནས་ཡོང་གིན་ཡོད།

འཛད་སྤྱོད་མཐོ་བའི་རིག་གནས་གཞན་དག་ལ་མཚོན་ན། ཨ་རིའི་འཛད་སྤྱོད་མཐོ་བའི་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ནི་མི་ཚོན་པོ་མང་བ་དང་། ལུས་པོ་ལྗིད་ཚད་ལས་བརྒལ་བའི་རྐྱེན་གྱིས་ཨ་རིས་ལོ་ལྟར་ཨ་སྒོར་དུང་ཕྱུར930ནས1170བར་གྱི་སྨན་བཅོས་རྩིས་ཁྲ་སྤྲོད་དགོས་པ་ལས། མི་ཚོན་པོ་འཛད་སྤྱོད་མང་བའི་ཟས་རིགས་དང་། གྱོན་ཆས། འགྲོ་གྲོན་གཞན་དག་བཅས་ཀྱང་མི་བརྩི། ཀྲུང་གོར་དོན་དངོས་ཐོག་ཀྲུང་གོའི་མི་དམངས་ཀྱི་འཚོ་བ་སྐྱེལ་སྟངས་ལ་འཕེལ་ཕྱོགས་གཉིས་ཡོད་པ་སྟེ། གཅིག་ནི་མི་མང་ཆེ་བ་ལས་ལ་བརྩོན་ཞིང་བབ་ཆགས་པ་དང་ཐ་ན་འཛད་སྤྱོད་བྱེད་ཚད་མི་འདང་བ་དང་། གཉིས་ནི་མི་ཉུང་ཤས་ཀྱི་འཛད་སྤྱོད་ཆེན་པོ་དང་འཛད་སྤྱོད་ཚད་ལས་བརྒལ་བ་དེ་ཡིན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་།

3 སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་།

འཚོ་བ་སྐྱེལ་སྟངས་སྒྱུར་བར་མིག་སྔར་ལས་འགན་གལ་ཆེན་གཉིས་ཡོད་པ་སྟེ། གཅིག་ནི་དབུལ་ཕོངས་པའི་འཛད་སྤྱོད་མི་འདང་བའི་གནད་དོན་ཐག་གཅོད་བྱས་ནས་མི་དམངས་ཀྱི་གཞི་རྩའི་དགོས་མཁོ་སྐོང་དགོས་པ་དང་། གཉིས་ནས“གཞན་འགྱུར་འཛད་སྤྱོད”དང་འཛད་སྤྱོད་ཚད་ལས་བརྒལ་བ་ཚོད་འཛིན་བྱེད་པ་དང་། “ལྗང་མདོག་འཛད་སྤྱོད”དར་སྤེལ་བཏང་ནས་འཛད་སྤྱོད་མཐོ་བའི་འཚོ་བ་ནས་ལྗང་མདོག་འཚོ་བར་ཕྱོགས་སྒྱུར་ཐུབ་པ་བྱེད་དགོས།

གནད་དོན་དང་པོར་མཚོན་ན། དྲང་གཞག་གི་འཚོ་བ་ནི་མིའི་རིགས་ཀྱི་འཚོ་བའི་དམིགས་འབེན་ཡིན། མིའི་རིགས་འཚོ་གནས་དང་ལོ་རྒྱུས་ཡོད་ཚད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་པོ་ནི་མིའི་རིགས་འཚོ་གནས་དང་ལོ་རྒྱུས་གསར་སྐྲུན་བྱེད་ཆེད་ངེས་པར་དུ་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས། འཚོ་བའི་ཆེད་དུ་ཐོག་མར་ཟས་གོས་འགྲོ་སྡོད་དང་འཚོ་བའི་དངོས་པོའི་རྒྱུ་ཆས་གཞན་དག་དགོས། དེར་བརྟེན་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བྱེད་སྒོ་དང་པོ་ནི་རྒྱུ་ཆ་དེ་དག་ཐོན་སྐྱེད་བྱེད་པ་དང་དེ་བཞིན་དངོས་པོའི་རྒྱུ་ཆས་འཛད་སྤྱོད་བྱེད་པ་དེ་ཡིན་ལ། མིའི་རིགས་ཀྱི་དམིགས་ཡུལ་ནི་འཚོ་གནས་དང་། ལོངས་སྤྱོད། འཕེལ་རྒྱས་བཅས་ཡིན་པས། དྲང་བདེན་གྱི་རྨང་གཞིའི་སྟེང་བཙུགས་པའི་འཚོ་བ་ནི་དམིགས་འབེན་འདི་དང་མཐུན་པ་ཡིན། དམིགས་འབེན་འདི་མངོན་འགྱུར་བྱ་རྒྱུ་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་སྒུལ་ཤུགས་ཡིན། དེང་རབས་སྤྱི་ཚོགས་སུ་དར་བཞིན་པའི་“དངོས་པོའི་རིང་ལུགས། དཔལ་འབྱོར་རིང་ལུགས། སྐྱིད་འདོད་རིང་ལུགས”བཅས་ཀྱི་འཚོ་བའི་མ་དཔེ་ནི་དམངས་རྩ་བའི་སྤྱི་ཚོགས་ཀྱི་རིན་ཐང་དོན་གཉེར་བྱེད་པ་མིན། དབྱིན་ཇིའི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བ་ཁོ་ཏི་སི·དབྱི་ཏུན་སོགས་ཀྱིས་རིགས་པའི་གཞུང་ལུགས་བཏོན་ནས་རྒྱལ་ཁབ་ཅིག་གི་འཚོ་བའི་ཆུ་ཚད་ལུགས་མཐུན་གྱི་ཚད་གཞི་ཞིག་ཏུ་སླེབས་ཚེ་རྒྱུ་ནོར་མུ་མཐུད་འཕར་བ་དེས་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་རྒྱུ་མ་ཟད། དེ་ལས་ལྡོག་སྟེ་དམངས་ཚོགས་ལ་དེ་བས་ཀྱང་སྟབས་མ་ལེགས་པའི་ཚོར་སྣང་ཡོང་སྲིད། ངོམ་ངོམ་རང་བཞིན་གྱི་འཛད་སྤྱོད་ཀྱིས་མི་རྣམས་ཀྱི་བདེ་སྐྱིད་ལ་ཤུགས་རྐྱེན་ཐེབས་པ་མ་ཟད། དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་ལའང་གནོད་འཚེ་གཏོང་སྲིད། ངོམ་ངོམ་རང་བཞིན་གྱི་འཛད་སྤྱོད་དེ་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཇེ་སྡུག་ཏུ་འགྲོ་སྲིད། སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་གཞི་ནས་བདེ་སྐྱིད་ཡོང་ཐུབ་པ་དང་། འདྲ་མཉམ་ནི་བདེ་སྐྱིད་ཀྱི་རྨང་གཞི་ཡིན། དྲང་གཞག་གི་འཚོ་བའི་དམིགས་ཚད་ནི་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་དང་ལ་རྒྱ་དེ་བས་ཆེ་བ་ཡོད་པ་དང་། སྤྱི་ཚོགས་ཀྱི་འབྲེལ་བ་སྔར་བས་དྲང་སྙོམས་དྲང་བདེན་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བ། སྔར་བས་འཆམ་མཐུན་བདེ་འཇགས་ཡོང་བ་བཅས་བྱེད་དགོས། རང་བྱུང་གྲུབ་ཚུལ་སྔར་ལས་གོ་རིམ་ལྡན་པ་དང་། སྐྱེ་སྟོབས་དང་གསོན་ཤུགས་སྔར་ལས་ཆེ་བ་ལྡན་པ། “མི་དང་སྤྱི་ཚོགས། རང་བྱུང”འདྲེས་སྦྱོར་སྐྱེ་ཁམས་མ་ལག་བརྟན་པོ་དང་། འཐུས་ཚང་། དར་རྒྱས་བཅས་ཡོང་བ་བྱེད་དགོས།  

གནད་དོན་གཉིས་པའི་ངོས་ནས་བརྗོད་ན། འཚོ་བ་སྐྱེལ་སྟངས་གསར་བ་ནི་བབ་ཆགས་ཀྱི་འཚོ་བ་དང་ཐཱན་ཉུང་གི་འཚོ་བ་ཡིན་ལ། འཚོ་བ་སྐྱེལ་སྟངས་གསར་བ་ནི་འཛད་སྤྱོད་བྱེད་ཐལ་ཤོར་བ་ནི་བབ་ཆགས་ཀྱི་འཚོ་བ་ཞིག་ཡིན།རྦ་རླབས་ལས་བརྒལ་བའི་འཛད་སྤྱོད་ནི་ཐཱན་ཉུང་གི་འཚོ་བ་ཞིག་ཡིན། སྟབས་བདེའི་འཚོ་བ་ནི་གཞི་རྩའི་དགོས་མཁོ་སྐོང་རྒྱུ་དམིགས་ཡུལ་དུ་བྱེད་པ་དང་། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་པའི་འཛད་སྤྱོད་འོས་འཚམ་བྱེད་པའི་འཚོ་བ་ཞིག་ཡིན། འདིར་“འཚོ་བའི་སྤུས་ཚད”ཞེས་པ་ནི། “མིའི་འཚོ་བ་སྐྱིད་ཅིང་སྟབས་བདེ་བའི་ཚད་གཞི།བསམ་པའི་ཐོག་ནས་ཐོབ་པའི་ལོངས་སྤྱོད་དང་སྤྲོ་སྣང”ལ་ཟེར། འདིར“བབ་ཆགས”ནི་རྒྱས་སྤྲོས་དང་།བག་མེད་ལོངས་སྤྱོད་བཅས་དང་བསྡུར་ན་རྒྱས་སྤྲོས་ནི་སྐྱིད་སྣང་དོད་པ་དང་སྟབས་བདེ་མིན་པར་དཀའ་ལས་དང་མི་བདེ་བ་ཡིན་ལ། བབ་ཆགས་ཀྱི་འཚོ་བས་འཛད་སྤྱོད་མཐོན་པོ་དང་ལེན་མི་བྱེད་པ་དང་། འདོད་རྔམ་དང་ཆུད་ཟོས་བཀག་འགོག་བྱེད་པ། རྒྱས་སྤྲོས་དང་། བག་མེད་ལོངས་སྤྱོད་བཅས་ལ་ངོ་རྒོལ་བྱེད་པ། གྲོན་ཆུང་བྱ་རྒྱུ་རྩ་བར་འཛིན་པ། ཐན་ཉུང་འཚོ་བ་ནི་ཟད་གྲོན་ཆུང་བ་དང་ནུས་ཁུངས་ཟད་གྲོན་ཆུང་བ། བཙོག་འབུད་ཉུང་བ། སྦགས་བཙོག་ཉུང་བ་བཅས་ཁྱད་ཆོས་གལ་ཆེན་དུ་འཛིན་པའི་འཚོ་བ་ཞིག་ཡིན། དེ་གར་འཚོ་བ་སྐྱེལ་སྟངས་གསར་པ་ནི་འཛད་སྤྱོད་དངུལ་ག་ཚོད་བྱས་ནས་མཚོན་པ་ཞིག་མིན་པར། ནུས་ཚད་ཟད་གྲོན་ཉུང་དུ་གཏོང་བ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་དམའ་རུ་གཏོང་རྒྱུ་དེ“ཐཱན་འཛད་སྤྱོད”ཀྱི་རྣམ་པ་མཚོན་པ་ཞིག་ཡིན་པ་དང་། དེ་གར“ཐཱན་འཛད་སྤྱོད”དང“ཐཱན་འབུད་གཏོང”ཚང་མ་ཞིབ་རྩིས་ཞིབ་ཚགས་རྒྱག་ཐུབ། གློག་སྐས་ལ་སྡོད་པ་དང་། ཆུ་དྲོན་མོས་ཁྲུས་བྱེད་པ། ཤེལ་དམ་ནང་བླུགས་པའི་བཏུང་བྱ་འཐུང་བ་བཅས་ཀྱི་གནས་ཚུལ་ཡང་ཐཱན་ཕྱིར་འབུད་བྱེད་ཐབས་ཡོད་པ་ཡིན་ལ། དཔེར་ན། ཆུ་ཚོད་རེར་གློག་བཏང་བའི་ཐཱན་ཕྱིར་གཏོང་བྱེད་ཚད་སྟོང་ཁེ0.79ཡིན་པ་དང་། གལ་ཏེ་ཁྱོད་ཀྱིས་ཆུ་ཚོད་རེར་གློག་ཆན་ཝ100བཀོལ་ན། ཁྱོད་ཀྱིས་དབྱང་གཉིས་ཐཱན་འགྱུར་སྟོང་ཁེ79ཕྱིར་འབུད་བྱས་པ་ཡིན་ལ། དེའི་ཕྱིར་ཁྱེད་ལ་སྡོང་བོ་ཞིག་འཛུགས་དགོས། 

4 ཐཱན་ཉུང་འཚོ་བ།

དྲང་གཞག་གི་འཚོ་བ་དང་བབ་ཆགས་ཀྱི་འཚོ་བ་སྐྱེལ་སྟངས་ནི་རྒྱུན་མཐུད་ཀྱི་འཚོ་བ་སྐྱེལ་སྟངས་ཤིག་ཡིན། དེ་དག་ནི་དོན་སྙིང་ལྡན་པའི་འཚོ་བ་ཞིག་དང་ཀུན་སྤྱོད་བཟང་བའི་འཚོ་བ་ཞིག་ཡིན། དེའི་དོན་སྙིང་གཙོ་བོ་ནི། མི་སྒེར་ལ་མཚོན་ན་སྟབས་བདེ་བ་དང་། སྟབས་བདེ་བ། སྐྱིད་སྣང་དོད་པ་བཅས་ཡིན་པ་དང་། སྤྱི་ཚོགས་ཀྱི་ངོས་ནས་བཤད་ན་བླ་ན་མེད་པ་དང་། དྲང་གཞག་ཞི་བདེ་ཡོང་བ་སོགས། རྒྱུད་ཕྱི་མ་ལ་དགའ་བ་དང་འགན་འཁྲི། རེ་བ་བཅས་ཡིན། རང་བྱུང་ཁམས་ལ་དགའ་ཞེན་དང་། བརྩི་འཇོག ལེགས་སྐྱེས་བཅས་བྱེད་པ་ཞིག་ཡིན། རྒྱུན་མཐུད་ངང་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ན་མིའི(དེང་རབས་ཀྱི་མི་དང་བུ་རབས་ཚ་རྒྱུད)ཀྱི་གཞི་རྩའི་དགོས་མཁོ་དང་། མིའི་འཚོ་གནས། ལོངས་སྤྱོད། འཕེལ་རྒྱས་བཅས་ཀྱི་དགོས་མཁོ་སྐོང་དགོས་པ་མ་ཟད། སའི་གོ་ལའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་དགོས་མཁོ་ཡང་སྐོང་དགོས། མིའི་རིགས་ཀྱིས་རང་བྱུང་ཐོན་ཁུངས་ཟད་གྲོན་གཏོང་བའི་མྱུར་ཚད་དང་གཏིང་ཚད་དེ་སའི་གོ་ལའི་སྐྱེ་ཁམས་མ་ལག་གིས་ཐེག་ཐུབ་པའི་ཁྱབ་ཁོངས་ནང་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཀྱི་མིའི་བདེ་སྐྱིད་ཀྱི་འཚོ་བ་དང་། བུ་རབས་ཚ་རྒྱུད་ཀྱི་ཕན་བདེ། སའི་གོ་ལའི་ཐོག་གི་སྐྱེ་དངོས་རིགས་ཁྲི་སྟོང་མང་པོ་བཅས་ལ་མཉམ་དུ་སའི་གོ་ལའི་ཐོན་ཁུངས་མཉམ་དུ་ལོངས་སྤྱོད་བྱས་ཏེ། མི་རབས་ཁྲི་སྟོང་མང་པོར་ཞི་བདེ་ཡོང་བ་བྱེད་དགོས། འཚོ་བ་སྐྱེལ་སྟངས་དེ་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་རྒྱུ་ནི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་དགོས་མཁོ་ཡིན་ལ། འཚོ་བའི་འཕེལ་ཕྱོགས་གསར་བ་ཡང་ཡིན།


དཔྱད་གཞིའི་ཡིག་ཆ།