ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་འཛིན་པའི་གཞི་རྩའི་ལམ་ཕྱོགས་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ཏེ། རང་རྒྱལ་འདི་ཉིད་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་། དཔལ་ཡོན་རྒྱས་པ། འཆམ་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་རྒྱུ་དེ་ཡིན།
ཏང་གི་གཞི་རྩའི་ལམ་ཕྱོགས་ནི་ཐོག་མར་ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གི་སྙན་ཞུ་ལས་བྱུང་བ་ཡིན། (《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དེད་ནས་མདུན་དུ་སྐྱོད་པ》ཞེས་པ)རྗེས་སུ་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་བཅུ་དགུ་པའི་ཐོག་སྔ་རྗེས་སུ་ཏང་གི་གཞི་རྩའི་ལམ་ཕྱོགས་ཀྱི་ནང་དོན་འཐུས་ཚང་དུ་བཏང་།
ཀྲུང་གུང་ཚོགས་ཆེན་བཅུ་དགུ་བའི་ཐོག་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་ནི། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་བྱེད་པ།(སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་མཐའ་འཁྱོངས། གུང་ཁྲན་ཏང་གི་མགོ་ཁྲིད་མཐའ་འཁྱོངས། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་དགོངས་པ་མཐའ་འཁྱོངས་བཅས)མཐའ་འཁྱོངས་བྱས་ཏེ་བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ནས་རང་རྒྱལ་འདི་ཉིད་སྟོབས་འབྱོར། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས།
“ལྟེ་བ་གཅིག”ནི་དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་འཛིན་དགོས། འདི་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་འགལ་བ་གཙོ་བོ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྗེས་ལུས་ཐེབས་པའི་བར་གྱི་འགལ་བ་དེ་རེད། “གཞི་རྩའི་གནད་གཉིས”ནི་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། གཞི་རྩའི་རྩ་དོན་བཞི་ནི་ང་ཚོས་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྩ་བ་ཡིན། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱ་རྒྱུ་ནི་ང་ཚོས་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་བྱེད་པའི་ལམ་བུ་ཡིན། ཏང་གི་གཞི་རྩའི་ལམ་ཕྱོགས་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་ཆབ་སྲིད་ལམ་ཕྱོགས་ཡིན། རང་རྒྱལ་གྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལག་ལེན་རླབས་པོ་ཆེ་ཕྱོགས་གཅིག་ཏུ་བསྡུས་ན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་ཏང་གི་གཞི་རྩའི་ལམ་ཕྱོགས་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་བྱས་པ་དེ་རེད།
སྤྱི་ལོ1978ལོའི་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། ཀྲུང་གོ་་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་རང་རྒྱལ་གྱི་སྤྱི་ཚོགས་འཕེལ་རྒྱས་དུས་རིམ་དང་མཐུན་པའི་གཞི་རྩའི་ལམ་ཕྱོགས་རིམ་བཞིན་གྲུབ་པ་དང་འཕེལ་རྒྱས་བྱུང་། སྤྱི་ལོ1987ལོར་ཀྲུང་གུང་ཚོགས་ཆེན་བཅུ་གསུམ་པས་གཞི་རྩའི་ལམ་ཕྱོགས་འདི་སྙིང་བསྡུས་བྱས་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་ང་ཚོའི་ཏང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གཞི་རྩའི་ལམ་ཕྱོགས་ཡིན་པ་སྟེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ཏེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས།
མདོར་བསྡུས་ནས་བཤད་ན། གཞི་རྩའི་ལམ་ཕྱོགས་འདིའི་ནང་དོན་གཙོ་བོ་ནི“ལྟེ་བ་གཅིག་དང་གཞི་རྩའི་གནད་གཉིས”ཡིན་པ་སྟེ། དཔལ་འབྱོར་འཛུགས་སྐྲུན་ལྟེ་གནད་དུ་བཟུང་ནས་གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས་དང་། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་ནི་རྒྱལ་ཁབ་དར་རྒྱས་གཏོང་བའི་གནད་འགག་ཡིན་པ་དང་། གཞི་རྩའི་རྩ་དོན་བཞི་ནི་རྒྱལ་ཁབ་འཛུགས་པའི་རྩ་བ་ཡིན་པ། བསྒྱུར་བཅོས་སྒོ་འབྱེད་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་ལམ་བུ་ཡིན་པ་བཅས་ཀྱི་གཞི་རྩའི་ལམ་ཕྱོགས་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲོག་རྩ་དང་མི་དམངས་ཀྱི་བདེ་སྐྱིད་ཀྱི་ལམ་བུ་ཡིན་པ་ལག་ལེན་ཐོག་ནས་ར་འཕྲོད་བྱུང་ཡོད།
སྤྱི་ལོ2007ལོར་ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་སྙན་ཞུའི་ནང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་གྱི་ནང་དོན་ལ་འགྲེལ་བཤད་བརྒྱབ་སྟེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ནི་ཀྲུང་གོའི་གུང་ཁྲན་ཏང་གི་མགོ་ཁྲིད་འོག་ཏུ། རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་པ་དང་། དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས། བསྒྱུར་བཅོས་སྒོ་འབྱེད་མཐའ་འཁྱོངས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་བཅས་ལ་བརྟེན་ནས་འབྱོར་པ་ཕྱུག་ཅིང་དམངས་གཙོ་ལྡན་ལ་དཔལ་ཡོན་དར་བ་དང་ཞི་ཞིང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས། ཚོགས་ཆེན་ཐོག་ཏང་གི་སྒྲིག་ཡིག་ནང་ཏང་གི་གཞི་རྩའི་ལམ་ཕྱོགས་ནང་གི་འབད་འཐབ་དམིགས་འབེན་དེ་རང་རྒྱལ་འདི་ཉིད་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་། དཔལ་ཡོན་རྒྱས་ཤིང་འཆམ་མཐུན་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱ་རྒྱུར་མགྲིན་གཅིག་ཏུ་མོས་མཐུན་བྱས་པ་རེད།
སྤྱི་ལོ2017ལོར་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་བའི་སྙན་སྒྲོན་ནང《ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་བཅད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་དགོས》ཞེས་པའི་ནང་ཏང་གི་གཞི་རྩའི་ལམ་ཕྱོགས་ལ་ཞིབ་གླེང་གསར་པ་གནང་སྟེ། “རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མགོ་ཁྲིད་དང་མཐུན་སྒྲིལ་བྱས་ནས་དཔལ་འབྱོར་འཛུགས་སྐྲུན་གཙོ་གནད་དུ་འཛིན་པ་དང་། གཞི་རྩའི་རྩ་དོན་བཞི་མཐའ་འཁྱོངས། བསྒྱུར་བཅོས་དང་སྒོ་འབྱེད་རྒྱུ་མཐའ་འཁྱོངས། རང་སྟོབས་རང་སྤེལ། དཀའ་སྤྱད་ལས་སྐྲུན་བཅས་བྱས་ཏེ་རང་རྒྱལ་འདི་ཉིད་སྟོབས་འབྱོར་དང་། དམངས་གཙོ། དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་དགོས”