ཏང་གི་སློབ་སྟོན་བསམ་བློ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:21ལ་འགྲུབ།

ཏང་གི་སློབ་སྟོན་བསམ་བློ།

ཏང་གི་སློབ་སྟོན་བསམ་བློ།
ཏང་གི་སློབ་སྟོན་བསམ་བློར་ཏང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཟེར་ཞིང་། ང་ཚོའི་ཏང་གི་བྱེད་སྒོ་ཡོངས་ལ་སློབ་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ལ། ཏང་གི་བསམ་བློ་ལེགས་སྐྱོང་དང་། ཆབ་སྲིད་ལེགས་སྐྱོང་། རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། རིག་གནས་དར་སྤེལ། ལམ་ལུགས་འཛུགས་སྐྱོང་། རུལ་རྒོལ་གཙང་སྤེལ་བཅས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
党的指导思想
ཕྱི་ཡིག་གི་མིང་།
Party's guiding ideology
ངོ་བོ།
སློབ་སྟོན་བསམ་བློ།
ཁོངས་གཏོགས་རྒྱལ་ཁབ།
ཀྲུང་གོ།
1 ངོ་སྤྲོད།

ཏང་གི་སློབ་སྟོན་བསམ་བློར་ཏང་གི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡང་ཟེར་ཞིང་། ང་ཚོའི་ཏང་གི་བྱེད་སྒོ་ཡོངས་ལ་སློབ་སྟོན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན་ལ། ཏང་གི་བསམ་བློ་ལེགས་སྐྱོང་དང་། ཆབ་སྲིད་ལེགས་སྐྱོང་། རྩ་འཛུགས་ལེགས་སྐྱོང་། སྤྱོད་ཚུལ་ལེགས་སྐྱོང་། རིག་གནས་དར་སྤེལ། ལམ་ལུགས་འཛུགས་སྐྱོང་། རུལ་རྒོལ་གཙང་སྤེལ་བཅས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཡང་ཡིན།

2 བྱ་སྤྱོད་ཕྱོགས་སྟོན།

ཚོགས་ཆེན་བཅུ་དགུ་བའི་ཏང་གི་སྒྲིག་ཡིག་ནང་གསལ་པོར་བཀོད་དོན། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་དགོས།      

མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་ཡོངས་ཁྱབ་རྩ་བའི་རིགས་པ་དང་ཀྲུང་གོའི་གསར་བརྗེའི་ལག་ལེན་དངོས་ཟུང་འབྲེལ་བྱས་པ་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། དེས་ཀྲུང་གོའི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་དམངས་གཙོའི་རིང་ལུགས་གསར་བའི་གསར་བརྗེའི་རྒྱལ་ཁ་བླངས་པ་རེད། དེའི་རྗེས་སུ་ཡང་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་དང་སྤྱི་ཚོགས་རིང་ལུགས་ཐོག་མར་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་མངོན་འགྱུར་བྱུང་། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ནི་མའོ་ཙེ་ཏུང་གི་དགོངས་པ་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་ཞིག་དང་། ཀྲུང་གོར་མར་ཁེ་སིའི་རིང་ལུགས་འཕེལ་རྒྱས་གཏོང་བའི་དུས་རིམ་གསར་བ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སིའི་རིང་ལུགས་བཅས་རེད། བསྒྱུར་བཅོས་སྒོ་འབྱེད་ལོ་ངོ་བཞི་བཅུ་ལྷག་ཙམ་བྱས་པའི་ཉམས་མྱོང་ཐོག་ནས་རིགས་པའི་གཞུང་ལུགས་འདི་ཁོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་གི་གནད་དོན་ཐག་གཅོད་ངོ་མ་བྱེད་ཐུབ་པ་དང་། ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོས་མི་རིགས་དར་རྒྱས་ཡོངས་སུ་མངོན་འགྱུར་ཡོང་བར་གཞི་ནས་འགན་ལེན་བྱེད་ཐུབ་པ་ར་འཕྲོད་བྱུང་བ་རེད། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་རྒྱལ་ཁ་ཐམས་ཅད་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་བཅས་ཀྱི་ཁྲིད་སྟོན་འོག་ཐོབ་པ་ཞིག་ཡིན་པ་དང་། ཚང་མ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། དེར་བརྟེན་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་གང་ཡིན་རུང་ང་ཚོའི་ཏང་གིས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་འཛིན་དགོས།   

སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཐོག་བསྟན་དོན། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས།

ཀྲུང་གུང་ཚོགས་ཆེན་བཅུ་དགུ་བའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་འབྲེལ་ཏང་གི་མཛུབ་ཁྲིད་བསམ་བློར་གཏན་འཁེལ་བྱས་ཡོད། 

3 ​འཕེལ་རིམ།

ཀྲུང་གོའི་གུང་ཁྲན་ཏང་གིས་རང་ཉིད་དབུ་བརྙེས་པ་ནས་བཟུང་སྔོན་ཐོན་གྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དེ་རང་ཉིད་ཀྱི་སློབ་སྟོན་བསམ་བློར་བརྩིས་པ་སྟེ། སྤྱི་ལོ1921ལོར་ཀྲུང་གུང་ཚོགས་ཆེན་དང་པོའི་ཐོག“མར་ཁེ་སི་ལེ་ཉིན་རིང་ལུགས”དེ་ཏང་གི་སློབ་སྟོན་བསམ་བློར་བརྩིས་པ་དང་། སྤྱི་ལོ1945ལོར་ཀྲུང་གུང་ཚོགས་ཆེན་ཐེངས་བདུན་པའི་ཐོག“མའོ་ཙེ་ཏུང་གི་དགོངས་པ”ཏང་གི་སྒྲིག་ཡིག་ནང་བཀོད་པ་མ་ཟད་ཏང་གི་སློབ་སྟོན་བསམ་བློར་གཏན་འཁེལ་བྱས། སྤྱི་ལོ1997ལོར་ཀྲུང་གུང་ཚོགས་ཆེན་ཐེངས་བཅོ་ལྔ་པའི་ཐོག“ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས”དེ་ཏང་གི་སྒྲིག་ཡིག་ནང་བཀོད་པ་མ་ཟད་ཏང་གི་སློབ་སྟོན་བསམ་བློར་གཏན་འཁེལ་བྱས། སྤྱི་ལོ2002ལོར་ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་ཏང་གི་སྒྲིག་ཡིག་ནང་བཀོད་པ་མ་ཟད་ཏང་གི་སློབ་སྟོན་བསམ་བློར་གཏན་ཁེལ་བྱས། སྤྱི་ལོ2007ལོར་ཀྲུང་གུང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི“ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ”དེ་ཏང་གི་སྒྲིག་ཡིག་ནང་བཀོད་པ་དང་། སྤྱི་ལོ2012ལོར་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པའི“ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ”དེ་ཏང་གི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱས་པ་དང་། སྤྱི་ལོ2017ལོའི་ཟླ10བར་ཀྲུང་གུང་ཚོགས་ཆེན་བཅུ་དགུ་བའི་ཐོག“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ”དེ་ཏང་གི་སྒྲིག་ཡིག་ནང་བཀོད་པ་མ་ཟད་ཏང་གི་མཛུབ་སྟོན་བསམ་བློར་གཏན་འཁེལ་བྱས།


དཔྱད་གཞིའི་ཡིག་ཆ།