རྒྱལ་ཁབ་སྒེར་སྡེམ་ཞེས་པ་ནི་རྒྱལ་ཁབ་ཀྱིས་སྲིད་དབང་གི་སྟོབས་ཤུགས་བེད་སྤྱོད་བྱས་པ་མ་ཟད། རྒྱལ་གཉེར་དཔལ་འབྱོར་རྩ་འཛུགས་བརྒྱུད་ནས་ཐོན་ལས་སྡེ་ཁག་གལ་ཆེན་ཁ་ཤས་སམ་ཐོན་རྫས་ཐོན་སྐྱེད་དང་ཚོང་རར་ཚད་ངེས་ཅན་གྱི་སྒེར་སྡེམ་དང་ཡང་ན་གཅིག་གྱུར་གྱིས་དོ་དམ་བྱེད་པ་ཞིག་ཡིན། དེའི་དམིགས་ཡུལ་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཐོན་ལས་གལ་ཆེན་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་ཀྱི་དཔལ་འབྱོར་འཚོ་བ་གཏན་འཇགས་སུ་གཏོང་བའི་ཆེད་དུ་ཡིན། དེའི་བྱེད་ཐབས་ནི་ཁྲིམས་མཐུན་ཡིན་པ་དང་། དེ་གནས་པ་ནི་དགོས་ངེས་དང་ལུགས་མཐུན་ཡིན།
སྤྱིར་བཏང་གི་སྒེར་སྡེམ་ནས་རྒྱལ་ཁབ་ཀྱི་སྒེར་སྡེམ་དུ་བསྒྱུར་བ་དང་། འབྱོར་ལྡན་གྲལ་རིམ་གྱི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དེ་སྒེར་སྡེམ་རྩ་འཛུགས་ཀྱི་སྟོབས་ཤུགས་དང་ཟུང་འབྲེལ་བྱས་ཡོད། རྒྱལ་ཁབ་སྒེར་སྡེམ་མ་རྩ་ནི་མ་རྩ་ཚད་མཐོའི་སྤྱི་ཚོགས་ཅན་དུ་འགྱུར་བའི་རྣམ་པ་ཞིག་ཡིན་ཞིང་། དེས་རིམ་པ་ཅུང་མཐོ་བའི་ཐོག་ཐོན་སྐྱེད་སྤྱི་ཚོགས་ཅན་དུ་འགྱུར་བའི་འཕེལ་རྒྱས་དང་འཚམ་པར་བྱས་ཏེ། མ་རྩའི་རིང་ལུགས་ཀྱི་ཐོན་སྐྱེད་འབྲེལ་བའི་ཆ་ཤས་ཀྱི་ངོ་བོའི་འགྱུར་ལྡོག་བྱུང་མོད། འོན་ཀྱང་མ་རྩའི་རིང་ལུགས་ཀྱི་སྒེར་ལ་དབང་བའི་ལམ་ལུགས་ལ་ཕོག་ཐུག་གཏོང་མི་ཐུབ།
རྩ་བའི་ཐོག་ནས་བཤད་ན། རྒྱལ་ཁབ་སྒེར་སྡེམ་མ་རྩའི་རིང་ལུགས་ནི་རྒྱལ་ཁབ་ཀྱིས་སྤྱི་ཚོགས་ཀྱི་དཔལ་འབྱོར་བྱེད་སྒོར་ཞུགས་པ་དང་སྙོམས་སྒྲིག་བྱེད་པར་བརྟེན་ནས་སྒེར་སྡེམ་འབྱོར་ལྡན་གྲལ་རིམ་གྱི་ཁེ་ཕན་སྲུང་སྐྱོང་སྔར་ལས་ལེགས་པ་བྱེད་པ་ཞིག་ཡིན། དེ་ནི་རྒྱལ་ཁབ་སྒེར་སྡེམ་མ་རྩའི་རིང་ལུགས་ཀྱི་ངོ་བོ་གནས་ས་ཡིན། འདི་ནི་དེང་རབས་མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་དཔལ་འབྱོར་བྱ་སྤྱོད་ཁ་ཤས་ལས་གསལ་བཤད་བྱེད་ཐུབ།
རྒྱལ་ཁབ་ཀྱིས་ཐད་ཀར་མ་དངུལ་བཏང་ནས་སྒེར་གྱི་སྒེར་སྡེམ་ཁེ་ལས་ཉོ་སྒྲུབ་བྱེད་པ། དེ་ནི་རྒྱུན་པར་རྒྱལ་ཁབ་ཀྱིས་སྒེར་གྱི་སྒེར་སྡེམ་མ་རྩ་ཐད་ཀར་སྐྱོབ་ཐུབ་པ་དང་། དེ་ཉིད་མ་རྩ་སྟོངས་སུ་མི་འཇུག་པར་ལག་བསྟར་བྱེད་པའི་ཐབས་ཇུས་ཤིག་ཡིན། རྒྱལ་ཁབ་ཀྱིས་རྟག་ཏུ་སྒེར་གྱི་སྒེར་སྡེམ་ཁེ་ལས་ཀྱི་རིན་ཐང་དངོས་ཀྱི་རིན་གོང་སྤྱད་དེ་ཉོ་སྒྲུབ་བྱེད་པ་མ་ཟད། དེ་ཉིད་ཐོན་སྐྱེད་སྒྱུར་བའི་ཁྲོད་དུ་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལག་བསྟར་བྱས་ཏེ། སྒེར་གྱི་སྒེར་སྡེམ་ཁེ་ལས་ཐོན་ལས་ཀྱི་ཁྱབ་ཁོངས་གསར་པར་ཞུགས་པར་རོགས་སྐྱོར་བྱེད་ཀྱིན་ཡོད།
རྒྱལ་ཁབ་ཀྱིས་ཐད་ཀར་མ་དངུལ་བཏང་ནས་ཁེ་ལས་གཉེར་བ། གཙོ་བོ་མ་དངུལ་འཇོག་གྲངས་ཧ་ཅང་མང་བ་དང་མ་རྩའི་དུས་འཁོར་རིང་པོ་ཡོད། ཁེ་སྤོགས་ཀྱི་ཚད་དམའ་བ་དང་མ་དངུལ་འཇོག་པའི་ཉེན་ཁ་ཆེ་བའི་སྡེ་ཁག་དཔེར་ན། སྤྱི་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་བྱ་གཞག་དང་དེ་བཞིན་རྨང་གཞིའི་བཟོ་ལས་སྡེ་ཁག་སྣ་ཚོགས་ལྟ་བུ། རྒྱལ་ཁབ་ཀྱིས་སྡེ་ཁག་དེ་དག་ལ་མ་དངུལ་བཏང་ནས་སྒེར་གྱི་མ་རྩའི་མཚམས་བཅད་པར་གོང་ཁེ་དང་མ་རྩ་གཉེར་སྐྱོང་བདེ་བླག་ངང་ལྡོག་ཕྱོགས་སུ་འགྲོ་བར་འགན་ལེན་བྱེད་པར་མེད་དུ་མི་རུང་བའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད།
རྒྱལ་ཁབ་ཀྱིས་གསར་དར་ཐོན་ལས་དང་ཚན་རྩལ་མཐོ་བའི་ཐོན་ལས་ལ་ཐད་ཀར་མ་དངུལ་འཇོག་རྒྱུ་དང་། གསར་དར་ཐོན་ལས་དང་ཚན་རྩལ་མཐོ་བའི་ཐོན་ལས་ཀྱིས་རྒྱལ་ཁབ་ཁག་གི་སྒེར་སྡེམ་མ་རྩ་འཕྲོག་རེས་བྱེད་པའི་ཁྱབ་ཁོངས་གལ་ཆེན་དུ་སླེབས་ཡོད། འོན་ཀྱང་ཁྱབ་ཁོངས་དེ་དག་ལ་ཉེན་ཁ་ཆེ་བ་དང་། འགྲོ་གྲོན་མང་པོ་ཡོད་པས་སྒེར་གྱི་སྒེར་སྡེམ་མ་རྩ་དེ་ཙམ་གྱིས་འདྲི་དཀའ་བ་རེད། དེས་ན་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་གསར་སྤེལ་བྱེད་པ་ནི་སྒེར་གྱི་སྒེར་སྡེམ་མ་རྩ་ཁྱབ་ཁོངས་དེ་དག་ནང་ཞུགས་པ་དང་བཙན་བཟུང་བྱེད་པར་ཆ་རྐྱེན་འདོན་སྤྲོད་བྱས་ནས་འགྲོ་ལམ་བརྟན་པོ་འདིང་བ་དེ་རེད། རྒྱལ་ཁབ་ཀྱིས་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོར་ཞུགས་པ་བརྒྱུད་སྲིད་འཛིན་དང་ཁེ་ལས་མཉམ་ལས་བྱེད་པར་ཞུགས་པ། ཅ་ཁེ་ལིན་ཏུན་སྲིད་གཞུང་སྲིད་སྟེགས་ཐོག་སླེབས་པ་ནས་བཟུང་བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ་ཁེ་ལས་ཀྱི་བྱེད་སྒོར་ཞུགས་ནས་ཁེ་ལས་ལ་ལག་རྩལ་གསར་པ་སྤྱོད་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་བཞིན་ཡོད།
རྒྱལ་ཁབ་ཀྱིས་ད་དུང་སྲིད་གཞུང་གིས་མངག་ཉོ་དང་། གཟིགས་སྐྱོང་། དངུལ་བུན། ཁ་གསབ་མཁོ་འདོན་སོགས་ཀྱི་བྱ་སྤྱོད་བརྒྱུད་སྒེར་གྱི་སྒེར་སྡེམ་མ་རྩར་སྒེར་སྡེམ་ཁེ་སྤོགས་སྔར་ལས་མང་བ་ཐོབ་པར་འགན་ལེན་བྱས་ཡོད། རྒྱལ་ཁབ་གཅིག་གིས་སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཕྱོགས་གཅིག་ནས་སྤྱི་ཚོགས་ཀྱི་མ་དངུལ་བསྡོམས་འབོར་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་མཐུན་སྦྱོར་བྱས་ཏེ་རྨོངས་ཚོད་རང་བཞིན་ཉུང་དུ་གཏོང་བ་དང་། སྒེར་སྡེམ་མ་རྩ་གཉེར་སྐྱོང་གི་གོ་རིམ་ལྡན་པའི་ཁོར་ཡུག་འགན་ལེན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ད་དུང་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་རྒྱལ་དམངས་ཡོང་འབབ་སྒེར་སྡེམ་འབྱོར་ལྡན་གྲལ་རིམ་ལ་ཕན་པའི་ཡང་བསྐྱར་བགོ་བཤའ་རྒྱག་དགོས།