ཀན་ལིན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:21ལ་འགྲུབ།

ཀན་ལིན།

ཀན་ལིན།
ཁོ་མོ་ནི་སྤྱི་ལོ1963ལོའི་ཟླ10བར་སྐྱེས་ཤིང་། ཧུའུ་ནན་ཞང་ཡིན་གྱི་མི་ཡིན་པ་དང་། སྤྱི་ལོ1994ལོའི་ཟླ1པོར་ཀྲུང་གོ་ཀྲི་ཀུང་ཏང་ནང་དུ་ཞུགས། སྤྱི་ལོ1988ལོའི་ཟླ7པར་བྱ་བར་ཞུགས། ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་སྡེ་ཁག་གི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཞིང་ལས་རིག་པའི་འབུམ་རམས་པ་ཡིན། ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲི་ཀུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་ཅུའུ་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
甘 霖
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཧུའུ་ནན་ཞང་ཡིན།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ10བ།
མཐར་ཕྱིན་སློབ་གྲྭ།
ཧྭ་ཀྲུང་ཞིང་ལས་སློབ་ཆེན།
1 ངོ་སྤྲོད།

ཀན་ལིན་ནི་སྤྱི་ལོ1963ལོའི་ཟླ10བར་སྐྱེས་ཤིང་། ཧུའུ་ནན་ཞང་ཡིན་གྱི་མི་ཡིན་པ་དང་། སྤྱི་ལོ1994ལོའི་ཟླ1པོར་ཀྲུང་གོ་ཀྲི་ཀུང་ཏང་ནང་དུ་ཞུགས། སྤྱི་ལོ1988ལོའི་ཟླ7པར་བྱ་བར་ཞུགས། ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་སྡེ་ཁག་གི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། ཞིང་ལས་རིག་པའི་འབུམ་རམས་པ་ཡིན།

ད་ལྟ་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲི་ཀུང་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་ཅུའུ་ཀྲང་བཅས་ཀྱི་འགན་བཞེས་བཞིན་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1981ལོའི་ཟླ9བ་ནས་སྤྱི་ལོ1988ལོའི་ཟླ7པའི་བར་ཧུའུ་ནན་ཞིང་ལས་སློབ་གླིང་དུ་སློབ་སྦྱོང་བྱས་ནས་ཤེས་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཐོབ།

སྤྱི་ལོ1988ལོའི་ཟླ7པ་ནས་སྤྱི་ལོ1991ལོའི་ཟླ2བའི་བར་ཧུའུ་ནན་ཞིང་ལས་སློབ་གླིང་གི་ལྡུམ་རའི་ལག་རྩལ་སྡེ་ཁག་གི་སིལ་སྡོང་འདེབས་གསོ་སློབ་དཔྱོད་ཁང་གི་ལས་རོགས་པ་ཡིན།

སྤྱི་ལོ1991ལོའི་ཟླ2པ་ནས་སྤྱི་ལོ1993ལོའི་ཟླ12པའི་བར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་ལག་རྩལ་སྡེ་ཁག་ཏུ་སློབ་སྦྱོང་བྱས་ནས་འབུམ་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1993ལོའི་ཟླ12པ་ནས་སྤྱི་ལོ1994ལོའི་ཟླ8པའི་བར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་ལག་རྩལ་སྡེ་ཁག་གི་འཆད་ཁྲིད་དགེ་རྒན་ཡིན།

སྤྱི་ལོ1994ལོའི་ཟླ8པ་ནས་སྤྱི་ལོ1996ལོའི་ཟླ12པའི་བར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་ལག་རྩལ་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་གཞོན་པ་དང་སྐྱེད་ཚལ་སྒྱུ་རྩལ་སྡེ་ཁག་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ1996ལོའི་ཟླ12པ་ནས་སྤྱི་ལོ1997ལོའི་ཟླ12པའི་བར་དབྱིན་ཇིའི་ནུའོ་ཏིང་ཧན་སློབ་ཆེན་གྱི་ཚེ་སྲོག་ཚན་རིག་སྡེ་ཁག་གི་འབུམ་རམས་པ་ཡིན།

སྤྱི་ལོ1997ལོའི་ཟླ12པ་ནས་སྤྱི་ལོ1999ལོའི་ཟླ12པའི་བར་ཁ་ན་ཏའི་ཞིང་ལས་པུའི་ཞོག་ཁོག་ཞིབ་འཇུག་ལྟེ་གནས་ཀྱི་འབུམ་རམས་པ་ཡིན།

སྤྱི་ལོ1999ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ8པའི་བར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་ལག་རྩལ་སྡེ་ཁག་གི་དགེ་རྒན་ཆེན་མོ་བ་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ8པ་ནས་སྤྱི་ལོ2001ལོའི་ཟླ5བའི་བར་ཧུའུ་ནན་ཞིང་ལས་སློབ་ཆེན་གྱི་ལྡུམ་རའི་ལག་རྩལ་སྡེ་ཁག་གི་ཀྲུའུ་རེན་དང་། དགེ་རྒན་ཆེན་མོ། འབུམ་རམས་པའི་སློབ་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2001ལོའི་ཟླ5བ་ནས་སྤྱི་ལོ2002ལོའི་ཟླ7པའི་བར་ཧུའུ་ནན་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ7པ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར་ཀྲི་ཀུང་ཏང་ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་ཧུའུ་ནན་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོའི་ཟླ12པ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར་ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ཨུ་དང་། ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཧུའུ་ནན་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2003ལོའི་ཟླ1པོ་ནས་སྤྱི་ལོ2011ལོའི་ཟླ2པའི་བར་ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ཨུ་དང་། ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། ཧུའུ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ2པ་ནས་སྤྱི་ལོ2012ལོའི་ཟླ5བའི་བར་ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ཨུ་དང་། ཧུའུ་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2012ལོའི་ཟླ5བ་ནས་སྤྱི་ལོ2013ལོའི་ཟླ3པའི་བར་ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ཨུ་དང་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ3པ་ནས་སྤྱི་ལོ2017ལོའི་ཟླ12པའི་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲི་ཀུང་ཏང་ཀྲུང་དབྱང་གི་རྒྱུན་ལས་ཨུ་ཡོན། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ3པའི་བར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2021ལོའི་ཟླ11པར་རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས།

3 གོ་གནས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་རྒྱུན་ཨུ་དང་། ཀྲུང་གོ་ཀྲི་ཀུང་ཏང་གི་སྐབས་བཅོ་ལྔ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ། རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་ཅུའུ་ཀྲང་བཅས་ཀྱི་འགན་བཞེས།


དཔྱད་གཞིའི་ཡིག་ཆ།