རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:21ལ་འགྲུབ།

རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ།

རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ།
རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པའི་པུའུ་རིམ་པ་གཞོན་པའི་ལས་ཁུངས་ཤིག་ཡིན་པ་དང་། དེ་སྔོན་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་ཅུའུ་ཞིག་ཡིན་ལ། སྤྱི་ལོ2021ལོའི་ཟླ11པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད9ཙམ་ལ་རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ་ནས་བཙུགས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སན་ལི་ཧུ་གཞུང་ལས་ཁུལ་དང་ཐོག་ཁང་གཅིག་ཏུ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国家反垄断局
བཙུགས་ལོ།
སྤྱི་ལོ2021ལོའི་ཟླ11པའི་ཚེས18ཉིན།
སྲིད་འཛིན་རིམ་པ།
པུའུ་རིམ་པ་གཞོན་པ།
ཅུའུ་ཀྲང་།
ཀན་ལིན།
གནས་ཡུལ།
རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སན་ལི་ཧུ་གཞུང་ལས་ཁུལ།
1 ​ངོ་སྤྲོད།

རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པའི་པུའུ་རིམ་པ་གཞོན་པའི་ལས་ཁུངས་ཤིག་ཡིན་པ་དང་། དེ་སྔོན་རྒྱལ་ཁབ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་ཅུའུ་ཞིག་ཡིན་ལ། སྤྱི་ལོ2021ལོའི་ཟླ11པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད9ཙམ་ལ་རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་སྒོ་བྱང་དངོས་སུ་བཀལ་ནས་བཙུགས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སན་ལི་ཧུ་གཞུང་ལས་ཁུལ་དང་ཐོག་ཁང་གཅིག་ཏུ་ཡོད། 

2 སྒྲིག་གཞིའི་རྒྱུད་རིམ།
2_1 རྒྱབ་ལྗོངས།

སྤྱི་ལོ2018ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱས་རྗེས་དེ་སྔོན་ཚོང་དོན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུའུ་བཅས་ཀྱིས་འགན་འཁུར་བའི་སྒེར་སྡེམ་ངོ་རྒོལ་ཁྲིམས་འཛིན་ལས་དོན་གཅིག་གྱུར་ཐོག་གཅིག་སྡུད་བྱས་པ་དང་། རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་སྒེར་སྡེམ་ངོ་རྒོལ་ཅུའུ་ནི་ཆེད་མངགས་ཁྲིམས་འཛིན་གྱི་འགན་འཁུར་མཁན་སྒྲིག་གཞིར་གྱུར་པ་དང་། དུས་མཚུངས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒེར་སྡེམ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལྡན་ལས་ཀ་བསྒྲུབ་པར་འགན་འཁུར་དགོས།

ད་ཐེངས་རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་བཙུགས་པའི་སྒོ་བྱང་བཀལ་བ་དེ་ནི་སྤྱི་ལོ2018ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱས་པ་དང་སྒེར་སྡེམ་ངོ་རྒོལ་ཁྲིམས་འཛིན་གཅིག་གྱུར་བྱུང་རྗེས་ཀྱི་བྱེད་ཐབས་གལ་ཆེན་གཞན་ཞིག་ཡིན་པས་ཀྲུང་གོའི་སྒེར་སྡེམ་ངོ་རྒོལ་ཁྲིམས་འཛིན་གྱི་སྒྲིག་སྲོལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྒེར་སྡེམ་ངོ་རྒོལ་ཁྲིམས་འཛིན་ལས་དོན་གྱི་གཅིག་གྱུར་རང་བཞིན་དང་དབང་གྲགས་རང་བཞིན་ཆེ་རུ་ཕྱིན་ཡོད།

2_2 དོན་སྙིང་།

རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ནི་རང་རྒྱལ་གྱི་སྒེར་སྡེམ་ངོ་རྒོལ་ཁྲིམས་འཛིན་སྒྲིག་སྲོལ་གྱི་སྒྱུར་བཅོས་དང་ཡར་ཐོན་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཚོང་རའི་མ་ལག་འཛུགས་སྐྲུན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་སྔར་ལས་བརྟན་པོ་བཏིང་ཡོད།  

2_3 དངོས་སུ་སྒོ་བྱང་བཀལ་བ།

སྤྱི་ལོ2021ལོའི་ཟླ11པའི་ཚེས18ཉིན་གྱི་སྔ་དྲོ་རྒྱལ་ཁབ་སྒེར་སྡེམ་ངོ་རྒོལཅུའུ་ཡི་སྒོ་བྱང་དངོས་སུ་བཀལ་ནས་དེ་སྔའི་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཐད་གཏོགས་ཅུའུ་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསར་དུ་བཙུགས་པའི་པུའུ་རིམ་པ་གཞོན་པའི་རྒྱལ་ཁབ་ཅུའུ་རུ་གྱུར་ཡོད། 

3 སྒྲིག་གཞིའི་མགོ་ཁྲིད།

ཀན་ལིན་གྱིས་ད་ལྟ་རྒྱལ་ཁབ་ཚོང་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དང་རྒྱལ་ཁབ་སྒེར་སྡེམ་ངོ་རྒོལ་ཅུའུ་ཡི་ཅུའུ་ཀྲང་གི་འགན་བཞེས་བཞིན་ཡོད།


དཔྱད་གཞིའི་ཡིག་ཆ།