ཨའེ་ཁྲུན་རོང་ནི་སྤྱི་ལོ1962ལོར་ཧུའུ་པེ་ཞིང་ཆེན་དུ་སྐྱེས་ཤིང་། སྤྱི་ལོ1982ལོར་ཧྭ་ཀྲུང་ཚན་རྩལ་སློབ་གྲྭ་ཆེན་མོའི་རྩིས་རིག་ཚན་ཁག་ནས་མཐར་ཕྱིན་པ་དང་། སྤྱི་ལོ1985ལོར་ཧྭ་ཀྲུང་ཚན་རྩལ་སློབ་གྲྭ་ཆེན་མོའི་རབ་འབྱམས་པའི་བསླབ་གནས་ཐོབ། སྤྱི་ལོ1990ལོར་མ་ཧྲེང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ། ཨ་རིའི་ཧྥོ་ལོ་ལི་ཏ་སློབ་ཆེན་གྱི་ཝེ་ལིང་ཏུན་བཟོ་ཚོང་དོ་དམ་སློབ་གླིང་གི་དཔལ་འབྱོར་སྡེ་ཁག་གི་ཚེ་གང་དགེ་རྒན་ཆེན་མོ་བ་དང་། ཧྭ་ཏུང་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན་ལ། དེ་སྔ་ཧྲང་ཧའེ་ནོར་དཔལ་སློབ་ཆེན་གྱི་བསྡོམས་རྩིས་རིག་པའི་ཡོན་ཀྲང་གི་འགན་བཞེས་པ། སྤྱི་ལོ2015ལོར་ཀྲུང་གོ་མི་དམངས་སློབ་ཆེན་གྱི་བསྡོམས་རྩིས་དང་གཞི་གྲངས་ཆེན་མོའི་ཞིབ་འཇུག་ཁང་གི་ཡོན་ཀྲང་གི་འགན་བཞེས།
ད་ལྟ་ཞང་ཀང་རྒྱ་ཡིག་སློབ་ཆེན(ཧྲེན་ཀྲེན)གྱི་དཔལ་འབྱོར་དོ་དམ་ཁང་གི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་བ་དང་སློབ་གཙོའི་འཆད་ཁྲིད་དགེ་རྒན་ཆེན་མོ་བ། ཧྲེན་ཀྲེན་མཐོ་རིམ་དངུལ་རྩ་ཞིབ་འཇུག་ཁང་གིFEMBA/EEརྣམ་གྲངས་ཀྱི་ཀྲུའུ་རེན། ཧྲེན་ཀྲེན་གྲོང་ཁྱེར་གཞི་གྲངས་ཆེན་མོ་ཞིབ་འཇུག་ཁང་གི་སྤྱི་ཚོགས་བྱ་སྤྱོད་ཀྱི་གཞི་གྲངས་ཆེན་མོའི་ཚོད་ལྟ་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་བཞེས་བཞིན་ཡོད་པ་དང་། གོ་ལ་ཧྲིལ་བོའི་ཕྱི་ཁོངས་ཀྲུང་གོ་བའི་དཔལ་འབྱོར་རིག་པ་མཁས་ཅན་གྱི་ཁྲོད་ནས་ཨང་བཅུ་པར་སླེབས་ཡོད།
སྤྱི་ལ1978ལོ་ནས་སྤྱི་ལོ1982ལོའི་བར་ཀྲུང་གོའི་ཀྲུང་ལུགས་བཟོ་ལས་སློབ་གླིང(ད་ལྟ་ཧྭ་ཀྲུང་ཚན་རྩལ་སློབ་ཆེན)དུ་སློབ་སྦྱོང་གནང་ནས་རྩིས་རིག་གི་ཤེས་རམས་པའི་བསླབ་གནས་ཐོབ།
སྤྱི་ལོ1982ལོ་ནས་སྤྱི་ལོ1985ལོའི་བར་ཧྭ་ཀྲུང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན(ད་ལྟ་ཧྭ་ཀྲུང་ཚན་རྩལ་སློབ་ཆེན)དུ་རབ་འབྱམས་པའི་བསླབ་གནས་ཐོབ།
སྤྱི་ལོ1990ལོར་ཨ་མེ་རི་ཁའི་མ་ཧྲིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ།
སྤྱི་ལོ1991ལོ་ནས་སྤྱི་ལོ1994ལོའི་བར་ཨ་རིའི་ཉིའུ་ཡུའེ་ཀྲོའུ་ཡིས་བཙུགས་པའི་སློབ་གྲྭ་ཆེན་མོའི་ཧྲི་ཞི་ཡན་ལག་སློབ་གྲྭ་ནས་དགེ་རྒན་བྱས།
སྤྱི་ལོ2015ལོའི་ཟླ12པར་ཧྭ་ཏུང་འགྲིམ་འགྲུལ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་བར་གདན་ཞུ་བྱས།
ཀྲུང་གོའི་མི་དམངས་སློབ་ཆེན་གྱི་བསྡོམས་རྩིས་དང་གཞི་གྲངས་ཆེན་མོའི་ཞིབ་འཇུག་ཁང་གི་ཡོན་ཀྲང་དང་དགེ་རྒན་ཆེན་མོ་ཡིན།
ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་གྲྭ་ཆེན་མོའི་བསྡོམས་རྩིས་དང་དོ་དམ་སློབ་གླིང་གི་མགོ་འཛིན་དང་དགེ་རྒན་ཆེན་མོ་ཡིན།
ཨ་རིའི་ཧྥོ་ལོ་ལི་ཏ་སློབ་ཆེན་གྱི་ཝེ་ལིང་ཐོན་བཟོ་ཚོང་དོ་དམ་སློབ་གླིང་གི་དཔལ་འབྱོར་སྡེ་ཁག་གི་ཚེ་གང་གི་དགེ་རྒན་ཆེན་མོ་ཡིན།
ཆིང་ཧྭ་སློབ་ཆེན་གྱི་ཁག་དང་པོའི་ཆེད་མངག་གདན་ཞུས་དགེ་རྒན་ཆེན་མོ་དང་། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན།
རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་ལས་རིགས་ཀྱི་དཔལ་འབྱོར་རིག་པ་མཁས་ཅན་གྱི་མདུན་གྲལ1000ནང་ཀྲུང་གོ་བ19གྲས་ཤིག་ཡིན།
གོ་ལ་ཧྲིལ་བོའི་ཨང279ཡིན་པའི་ཀྲུང་གོ་བའི་དཔལ་འབྱོར་རིག་པ་མཁས་ཅན་ཁྲོད་ཨང་བདུན་པ་ཡིན་པ་དང་། ཧྲང་ཧའེ་ནོར་སྲིད་དཔལ་འབྱོར་སློབ་གྲྭ་ཆེན་མོའི་བསྡོམས་རྩིས་དང་དོ་དམ་སློབ་གླིང་གི་མགོ་འཛིན་དང་དགེ་རྒན་ཆེན་མོ་ཡིན།
ཚད་འཇལ་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་དང་། བསྡོམས་རྩིས་རིག་པ། དངོས་དཔང་དངུལ་རྩ། དངོས་དཔང་ཐོན་ལས་རྩ་འཛུགས། འཕྲོད་བསྟེན་དཔལ་འབྱོར་རིག་པ། ཀྲུང་གོའི་དཔལ་འབྱོར་བཅས་ཡིན།
དབྱང་ཅི་ཧྲེང་དང་། ཝང་ཧྲའོ་ཕིང་། ཨའེ་ཁྲུན་རུང་བཅས་ཀྱིས“ལག་ཆའི་འགྱུར་ཚད་བཅའ་ཁྲིམས་ཕྱོགས་བསྡུས་ཚན་པས་ཞིབ་བཤེར་བྱེད་པའི་ཕྱོགས་ལྷུང་རང་བཞིན་དང་བཟོ་བཅོས་རྒྱག་པ” གྲངས་འབོར་དཔལ་འབྱོར་ལག་རྩལ་གྱི་དཔལ་འབྱོར་ཞིབ་འཇུག སྤྱི་ལོ2006ལོའི་དུས་ཐེངས2པ།
ཨའེ་ཁྲུན་རུང་དང་། ཧྥེང་ཧྲོའེ་ཀྲང་། ཝུའུ་ཡུས་ལིང་བཅས་ཀྱིས“ཕྲ་མཐོང་བསྡོམས་རྩིས་གཞི་གྲངས་ཁྱབ་བསྒྲགས་དང་དེ་བསྟུན་གྱི་གསང་སྲུང་བྱེད་ཐབས” བསྡོམས་རྩིས་ཞིབ་འཇུག སྤྱི་ལོ2007ལོའི་འདོན་ཐེངས6པ།