ཀུང་ཡུའུ་ཀྲེན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:09ལ་འགྲུབ།

ཀུང་ཡུའུ་ཀྲེན།

ཀུང་ཡུའུ་ཀྲེན།
ཁོང་ནི་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང(སྔོན་ཆད་པེ་ཅིང་སློབ་ཆེན་གྱི་ཀྲུང་གོའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས)གི་དགེ་རྒན་ཆེན་མོ་བ་དང་། པེ་ཅིང་སློབ་ཆེན་གྱི་ཏུང་ཧྥང་འཐབ་ཇུས་དང་མགོ་ཁྲིད་ནུས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་ཚོང་ལས་སློབ་གླིང(བསྡུས་མིང་ལ་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་སློབ་གླིང་གི་ཚོང་ལས་སློབ་གླིང)གི་ཡོན་ཀྲང་གཞོན་པ་དང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད་པ་དང་། དུས་ཡུན་རིང་པོར་ཀྲུང་གོའི་འཐབ་ཇུས་དོ་དམ་གྱི་བསམ་བློར་ཞིབ་འཇུག་དང་སློབ་ཁྲིད། གསོ་སྦྱོང་སོགས་བྱེད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
宫玉振
ལས་རིགས།
དགེ་རྒན།
ལས་ཐོབ།
དགེ་རྒན་ཆེན་མོ།
གོ་གནས།
པེ་ཅིང་སློབ་ཆེན་གྱི་ཏུང་ཧྥང་འཐབ་ཇུས་དང་མགོ་ཁྲིད་ནུས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན།
1 ངོ་སྤྲོད།

ཀུང་ཡུའུ་ཀྲེན་ནི་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང(སྔོན་ཆད་པེ་ཅིང་སློབ་ཆེན་གྱི་ཀྲུང་གོའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས)གི་དགེ་རྒན་ཆེན་མོ་བ་དང་། པེ་ཅིང་སློབ་ཆེན་གྱི་ཏུང་ཧྥང་འཐབ་ཇུས་དང་མགོ་ཁྲིད་ནུས་པའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གིཚོང་ལས་སློབ་གླིང(བསྡུས་མིང་ལ་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་སློབ་གླིང་གི་ཡོན་ཀྲང་གཞོན་པ་དང་རིག་གཞུང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་བཞེས་བཞིན་ཡོད་པ་དང་། དུས་ཡུན་རིང་པོར་ཀྲུང་གོའི་འཐབ་ཇུས་དོ་དམ་གྱི་བསམ་བློར་ཞིབ་འཇུག་དང་སློབ་ཁྲིད། གསོ་སྦྱོང་སོགས་བྱེད་ཀྱིན་ཡོད།  

པེ་ཅིང་སློབ་ཆེན་གྱི་སུན་ཙིའི་དམག་ཁྲིམས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་དང་། ཀྲུང་གོའི་སུན་ཙིའི་དམག་ཁྲིམས་ཞིབ་འཇུག་ཚོགས་པའི་ལས་འཛིན་པ། པིན་ཀྲོའུ་སློབ་གླིང་གི་ཀྲུང་གོའི་སུན་ཙིའི་དམག་ཁྲིམས་ཞིབ་འཇུག་ཁང་གི་གདན་ཞུའི་ཞིབ་འཇུག་པ་དང་སུའུ་ཀྲོའུ་སུན་ཝུའུ་དཔེ་ཁང་གི་བློ་འདྲི་བ་བཅས་ཡིན།    

2 སློབ་གསོའི་རྒྱབ་ལྗོངས།

སྤྱི་ལོ1991ལོར་ཧྲན་ཏུང་ཆུས་ཧྥུའུ་དགེ་འོས་སློབ་ཆེན་གྱི་ལོ་རྒྱུས་སྡེ་ཁག་ཏུ་སློབ་སྦྱོང་བྱས་ཏེ། ལོ་རྒྱུས་རིག་པའི་ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1994ལོར་པེ་ཅིང་དགེ་འོས་སློབ་ཆེན་གྱི་ལོ་རྒྱུས་རིག་པའི་རབ་འབྱམས་པའི་བསླབ་གནས་ཐོབ། 

སྤྱི་ལོ1994ལོ་ནས་སྤྱི་ལོ2004ལོའི་བར་དམག་དོན་ཚན་རིག་གླིང་གི་འཐབ་ཇུས་ཞིབ་འཇུག་པུའུ་ཡི་ཞིབ་འཇུག་པ་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཚན་རིག་གླིང་གི་འཐབ་ཇུས་ཞིབ་འཇུག་པུའུ་དམག་དོན་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ2006ལོ་ནས་སྤྱི་ལོ2007ལོའི་བར་ཀྲུང་གོའི་སུན་ཙིའི་དམག་ཇུས་ཞིབ་འཇུག་ལྷན་ཚོགས་ཀྱི་ཕྱི་ཕྱོགས་འབྲེལ་གཏུག་པུའུ་ཡི་ཀྲུའུ་རེན་དང་བྱ་གཞག་འཕེལ་རྒྱས་པུའུ་ཡི་ཀྲུའུ་རེན། ཨ་རིའི་ཁང་ནེར་སློབ་ཆེན་གྱི་འཚམས་འདྲི་མཁས་དབང་བཅས་ཀྱི་འགན་བཞེས། 

སྤྱི་ལོ2013ལོར་ལོ་འཁོར་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་གི་དཔལ་འབྱོར་རིག་པའི་བསླབ་གནས་གཉིས་ཀྱི་ཕུལ་བྱུང་སློབ་ཁྲིད་བྱ་དགའ་ཐོབ།

3 ​གསུང་རྩོམ།

《དམག་འཁྲུག་ལ་མཁས་པའི་སུན་ཙིའི་དམག་ཐབས་དང་རྒྱལ་ཁ་ལེན་པའི་གནས་ལུགས་སྐོར་བཅུ་གཉིས》(ཀྲུང་ཞིན་དཔེ་སྐྲུན་ཁང་། སྤྱི་ལོ2020)དང་། 《ལམ་ཆེན་གྱི་ཐབས་ཤེས》(ཞང་ཀང་ཀྲུང་ཧུ་དཔེ་སྐྲུན་ཚད་ཡོད་ཀུང་སི། སྤྱི་ལོ2013ལོ) 《རྒྱལ་ཁ་ལེན་པའི་ཐབས་ཤེས》(པེ་ཅིན་སློབ་ཆེན་དཔེ་སྐྲུན་ཁང་། སྤྱི་ལོ2012ལོ) 《སྤྱི་ལོ2010ལོའི་རིག་གནས་དཔེ་སྐྲུན་བྱེད་པའི་རྩ་བའི་རིགས་པ》 《ཙེང་གོ་ཧྥན་གྱི་དོ་དམ་ཇུས་གཞི་ཆེན་པོ་བདུན》(པེ་ཅིང་སློབ་ཆེན་དཔེ་སྐྲུན་ཁང་། སྤྱི་ལོ2004ལོ་དང་སྤྱི་ལོ2007ལོ) 《ཙེང་གོ་ཧྥན་གྱི་དམག་ཁྲིམས་དང་འགོ་ཁྲིད་སྒྱུ་རྩལ》(ཀོང་ཏུང་དཔལ་འབྱོར་དཔེ་སྐྲུན་ཁང་། སྤྱི་ལོ2005ལོ) 《ཙེང་གོ་ཧྥན་གྱི་སྲིད་སྐྱོང་དཔོན་པོ་བྱེད་པའི་ཐབས་ཇུས》(པེ་ཅིང་སློབ་ཆེན་གྱི་སྒྲ་བརྙན་དཔེ་སྐྲུན་ཁང་། སྤྱི་ལོ2003ལོ) 《ཙེང་གོ་ཧྥན་གྱི་དོ་དམ་ཐབས་ཇུས》(VCDཀྲུང་གོའི་ཚན་རྩལ་རིག་གནས་དཔེ་སྐྲུན་ཁང་། སྤྱི་ལོ2011) 《ཕལ་སྐད་གསུམ་བསྡུས》(སྐབས་དོན་དཔེ་སྐྲུན་ཁང་། སྤྱི་ལོ1996ལོ) 《ཧོང་ཧྲི་ཀུང་གི་ཐབས་ཇུས་གསུམ་པ》(ཀོང་ཏུང་དཔལ་འབྱོར་དཔེ་སྐྲུན་ཁང་། སྤྱི་ལོ2004ལོ)སོགས་རིགས10ལྷག་ཡོད་པ་དང་། 《ཀྲུང་གོའི་དམག་དོན་ཚན་རིག》དང《དམག་དོན་ལོ་རྒྱུས་ཞིབ་འཇུག》སོགས་རིམ་པ་སོ་སོའི་དུས་དེབ་ཐོག་ཆེད་རྩོམ་བཅུ་ཕྲག་ཁ་ཤས་སྤེལ་ཡོད། 


དཔྱད་གཞིའི་ཡིག་ཆ།