ཧྥུའུ་ཅུན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:17ལ་འགྲུབ།

ཧྥུའུ་ཅུན།

ཧྥུའུ་ཅུན།
ཁོང་ནི་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་དང་པེ་ཅིང་སློབ་ཆེན་གྱི་སྲིད་གཞུང་དོ་དམ་སློབ་གླིང་གི་ཆབ་སྲིད་དཔལ་འབྱོར་དང་སྤྱི་བའི་སྲིད་ཇུས་ཀྱི་དགེ་རྒན་ཆེན་མོ་བ་དང་། པེ་ཅིང་སློབ་ཆེན་གྱི་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་གི་རིག་གཞུང་ཡོན་ཀྲང་ཡིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཆེད་བསྐོས་དཔྱད་བརྗོད་པ་དང་། པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ། ཆིང་ཧྭ་སློབ་ཆེན་གྱི་སྤྱི་བའི་དོ་དམ་སློབ་གླིང་གི་མགོ་འཛིན་གཞོན་པ། ཆིང་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། དགེ་རྒན་ཆེན་མོ་བཅས་ཀྱི་འགན་བཞེས་མྱོང་།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
傅军
རྒྱལ་ཁབ།
ཀྲུང་གོ།
གོ་གནས།
པེ་ཅིང་སློབ་ཆེན་གྱི་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་གི་རིག་གཞུང་ཡོན་ཀྲང་།
མཐར་ཕྱིན་སློབ་གྲྭ།
ཧ་ཧྥུའུ་སློབ་ཆེན།
1 ངོ་སྤྲོད།

ཧྥུའུ་ཅུན་ནི་པེ་ཅིང་སློབ་ཆེན་གྱི་རྒྱལ་ཁབ་འཕེལ་རྒྱས་ཞིབ་འཇུག་ཁང་དང་པེ་ཅིང་སློབ་ཆེན་གྱི་སྲིད་གཞུང་དོ་དམ་སློབ་གླིང་གི་ཆབ་སྲིད་དཔལ་འབྱོར་དང་སྤྱི་བའི་སྲིད་ཇུས་ཀྱི་དགེ་རྒན་ཆེན་མོ་བ་དང་། པེ་ཅིང་སློབ་ཆེན་གྱི་ལྷོ་ལྷོ་མཉམ་ལས་དང་འཕེལ་རྒྱས་སློབ་གླིང་གི་རིག་གཞུང་ཡོན་ཀྲང་ཡིན། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ཆེད་བསྐོས་དཔྱད་བརྗོད་པ་དང་།  པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ། ཆིང་ཧྭ་སློབ་ཆེན་གྱི་སྤྱི་བའི་དོ་དམ་སློབ་གླིང་གི་མགོ་འཛིན་གཞོན་པ། ཆིང་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། དགེ་རྒན་ཆེན་མོ་བཅས་ཀྱི་འགན་བཞེས་མྱོང་།     

དེ་སྔོན་ཀྲུང་གོའི་ཕྱི་འབྲེལ་པུའུ་དང་། ཧྲེན་ཀྲེན་ལག་ཁྱེར་འགྲིམ་འགྲུལ་ཁང་གི་ཁྲོམ་ཞུགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལག་བསྟར་ཅུའུ་ཡི་ཀྲུའུ་ཞིའི་བློ་འདྲི་བ་བཅས་ཀྱི་འགན་འཁུར་མྱོང་ཡོད། ད་ལྟSOSབྱིས་པའི་གྲོང་ཚོའི(ཀྲུང་གོ)ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོ་ཞི་བདེ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིCCTV-Newsདཔྱད་བརྗོད་པ། འཛམ་གླིང་དཔལ་འབྱོར་གླེང་སྟེགས་གོ་ལ་ཧྲིལ་བོའི་འཕར་སྣོན་གསར་བའི་དཔེ་དབྱིབས་གྲོས་རིམ་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་གཅིག་ལྕོགས་འཁུར་བཞིན་ཡོད། པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་ཆེན་གྱི་རྩོམ་རིག་ཤེས་རམས་པ་དང་། ཕྱི་འབྲེལ་སློབ་གླིང་གི་ཁྲིམས་རིག་པའི་ཤེས་རམས་པ། ཧ་ཧྥུའུ་སློབ་ཆེན་གྱི་རབ་འབྱམས་པ། འབུམ་རམས་པ་བཅས་ཀྱི་མཚན་སྙན་ཐོབ་པ་དང་། ཧ་ཧྥུའུ་པེ་ཅིང་སློབ་གྲྭའི་མཛའ་གྲོགས་ཚོགས་པའི་གཟི་བརྗིད་ཚོགས་གཙོ་ཡིན།

2 སློབ་གསོའི་བརྒྱུད་རིམ།

སྤྱི་ལོ1984ལོར་པེ་ཅིང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་རྩོམ་རིག་ཤེས་རམས་པ་ཡིན།

སྤྱི་ལོ1986ལོར་ཕྱི་འབྲེལ་སློབ་གླིང་གི་ཁྲིམས་ཤེས་རམས་ཡིན།

སྤྱི་ལོ1994ལོར་ཧ་ཧྥུའུ་སློབ་ཆེན་གྱི་རབ་འབྱམས་པ་ཡིན།

སྤྱི་ལོ1998ལོར་ཧ་ཧྥུའུ་སློབ་ཆེན་གྱི་མཚན་ཉིད་རིག་པའི་འབུམ་རམས་པ(སྲིད་གཞུང་དང་ཆབ་སྲིད་དཔལ་འབྱོར)ཡིན།

3 བརྩམས་ཆོས།

དབྱིན་ཡིག་གི་ཆེད་རྩོམ《ལམ་ལུགས་དང་མ་འཇོགཀྲུང་གོའི་སྒྱུར་བཅོས་དུས་སྐབས་ཀྱི་ཕྱི་རྒྱལ་གྱིས་ཐད་ཀར་མ་འཇོག་བྱེད་པ》(ཨ་རིའི་སྨི་ཞེ་ཀེན་སློབ་ཆེན་དཔེ་སྐྲུན་ཁང)དང་རྒྱ་ཡིག་གི་ཆེད་རྩོམ《རྒྱལ་ཁབ་ཕྱུག་པོར་འགྱུར་བའི་ལམ་ལུགས》ཞེས་པ་དཔེ་སྐྲུན་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།