ཐུའུ་ཞིན་ཆོན།སྔ་མའི་པར་གཞི་དེ སེང་མཚོ།  ནས 2021-11-26 09:11ལ་འགྲུབ།

ཐུའུ་ཞིན་ཆོན།

ཐུའུ་ཞིན་ཆོན།
ཁོང་སྤྱི་ལོ1973ལོར་སྐྱེས་ཤིང་། ཀྲེ་ཅང་ཐུང་ཞང་གི་མི་ཡིན་ལ། ད་ལྟ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་ཀྲུང་གོWTOཞིབ་འཇུག་ཁང་གི་ཡོན་ཀྲང་དང་། རྒྱལ་སྤྱིའི་དམིགས་འཛུག་འགུག་དང་སྲིད་གཞུང་གི་ཉོ་སྒྲུབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། དགེ་རྒན་ཆེན་མོ་བ། དཔལ་འབྱོར་རིག་པའི་འབུམ་རམས་པ། འབུམ་རམས་པའི་སློབ་དཔོན། པེ་ཅིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་འཐུས་མི། ཚོང་དོན་པུའི་དཔལ་འབྱོར་ཉོ་ཚོང་སྲིད་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཕྱི་ཕྱོགས་ཚོང་དོན་ཆེད་མཁས། ཞིན་ཧྭ་གསར་འགྱུར་ཁང་གིས་ཆེད་མངགས་དཔལ་འབྱོར་དབྱེ་ཞིབ་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
屠新泉
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1973ལོ།
ལས་རིགས།
དགེ་རྒན།
མཐར་ཕྱིན་སློབ་གྲྭ།
པེ་ཅིང་སློབ་ཆེན། ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན།
1 ངོ་སྤྲོད།

ཐུའུ་ཞིན་ཆོན་ནི་སྤྱི་ལོ1973ལོར་སྐྱེས་ཤིང་། ཀྲེ་ཅང་ཐུང་ཞང་གི་མི་ཡིན་ལ། ད་ལྟ་ཕྱི་ཕྱོགས་དཔལ་འབྱོར་ཚོང་དོན་སློབ་ཆེན་གྱི་ཀྲུང་གོWTOཞིབ་འཇུག་ཁང་གི་ཡོན་ཀྲང་དང་། རྒྱལ་སྤྱིའི་དམིགས་འཛུག་འགུག་དང་སྲིད་གཞུང་གི་ཉོ་སྒྲུབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། དགེ་རྒན་ཆེན་མོ་བ། དཔལ་འབྱོར་རིག་པའི་འབུམ་རམས་པ། འབུམ་རམས་པའི་སློབ་དཔོན། པེ་ཅིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་འཐུས་མི། ཚོང་དོན་པུའི་དཔལ་འབྱོར་ཉོ་ཚོང་སྲིད་ཇུས་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཕྱི་ཕྱོགས་ཚོང་དོན་ཆེད་མཁས། ཞིན་ཧྭ་གསར་འགྱུར་ཁང་གིས་ཆེད་མངགས་དཔལ་འབྱོར་དབྱེ་ཞིབ་པ་བཅས་ཡིན།  

2 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1996ལོར་པེ་ཅིང་སློབ་ཆེན་གྱི་དཔེ་མཛོད་རིག་པའི་ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ2001ལོ་དང་སྤྱི་ལོ2004ལོར་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་རྒྱལ་སྤྱིའི་ཉོ་ཚོང་ཆེད་ལས་ཀྱི་རབ་འབྱམས་པ་དང་འབུམ་རམས་པའི་བསླབ་གནས་ཐོབ། 

སྤྱི་ལོ2001ལོ་ནས་བཟུང་སློབ་གསོ་པུའུ་ཡི་མི་ཆོས་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི་སྟེ་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་ཀྲུང་གོའིWTOཞིབ་འཇུག་ཁང་དུ་ལས་ཀ་བྱས། 

སྤྱི་ལོ2008ལོར་དགེ་རྒན་ཆེན་མོ་གཞོན་པར་བདམས།

སྤྱི་ལོ2011ལོར་དགེ་རྒན་ཆེན་མོར་འཕར།

སྤྱི་ལོ2012ལོར་པེ་ཅིང་གྲོང་ཁྱེར་གྱི་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་བའི་འཐུས་མིར་བདམས།

སྤྱི་ལོ2006ལོའི་ཟླ4བ་ནས་སྤྱི་ལོ2007ལོའི་ཟླ4བའི་བར་ཨ་རིའིJohns Hopkins University SAISལ་འཚམས་འདྲིའི་ཞིབ་འཇུག་བྱས།

སྤྱི་ལོ2009ལོའི་ཟླ4བར་ཧན་གོའི་ཕྱི་ཕྱོགས་དཔལ་འབྱོར་སྲིད་ཇུས་ཞིབ་འཇུག་ཁངKIEPདུ་བཅར་འདྲི་ཞིབ་འཇུག་པ་བྱས།

སྤྱི་ལོ2011ལོའི་ཟླ4བར་ཨ་རིའིIndiana Universityརུ་འཚམས་འདྲི་མཁས་པ་བྱས།

སྤྱི་ལོ2011ལོའི་ཟླ6པ་ནས་ཟླ9པའི་བརWTOདྲུང་ཡིག་ཁང་དུ་འཚམས་འདྲི་མཁས་དབང་བྱས།

སྤྱི་ལོ2011ལོའི་ཟླ12པ་ནས་སྤྱི་ལོ2014ལོའི་ཟླ12པའི་བར་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་ཀྲུང་གོWTOཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་བ་དང་ཡོན་ཀྲང་གཞོན་པའི་འགན་བཞེས་པ་དང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་རྒྱལ་སྤྱིའི་འོས་སྐུལ་འོས་དཔོད་དང་སྲིད་གཞུང་ཉོ་སྒྲུབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2014ལོའི་ཟླ7པ་ནས་སྤྱི་ལོ2014ལོའི་ཟླ9བའི་བར་འཇར་མན་རྒྱལ་སྤྱི་དང་བདེ་འཇགས་ལས་དོན་ཞིབ་འཇུག་ཁངSWPགི་རིག་གཞུང་སྤེལ་རེས་མཁས་དབང་གྱི་འགན་བཞེས།

སྤྱི་ལོ2015ལོའི་ཟླ1པོ་ནས་ད་བར་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་ཀྲུང་གོWTOཞིབ་འཇུག་ཁང་གི་ཡོན་ཀྲང་གི་འགན་བཞེས།

སྤྱི་ལོ2016ལོའི་ཟླ2པ་ནས་སྤྱི་ལོ2016ལོའི་ཟླ3པའི་བར་ཨ་རིའི་མོང་ཐེ་ལེ་རྒྱལ་སྤྱིའི་ཞིབ་འཇུག་ཁང་གི་འཚམས་འདྲི་མཁས་དབང་ཡིན།

3 གྲུབ་འབྲས་གཙོ་བོ།
3_1 ཆེད་རྩོམ།

ཀྲུང་གོའིWTOཁྲོད་ཀྱི་གནས་ཐིག་གཏན་ཁེལ་དང་། ནུས་པ། ཐབས་ཇུས། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་དཔེ་སྐྲུན་ཁང་། སྤྱི་ལོ2005ལོའི་ཟླ8པར། 

3_2 དཔྱད་རྩོམ།

ཏོ་ཧའི་རེས་སྐོར་འགྲན་ཐེངས་ལོ་བཅུའི་རིང་ཀྲུང་གོའི་གནས་གཏན།《རྒྱལ་སྤྱིའི་ཚོང་འཕྲིན》སྤྱི་ལོ2011ལོའི་ཟླ12པའི་ཚེས10ཉིན།

རང་རྒྱལGPAགྲོས་མོལ་ནང་ཞུགས་པའི་གནད་འགག་གི་གནད་དོན་ལ་དབྱེ་ཞིབ།《ཀྲུང་གོའི་སྲིད་གཞུང་གི་ཉོ་སྒྲུབ》སྤྱི་ལོ2011ལོའི་ཟླ9བ།

ཨ་རི་དང་ཧན་གོའིFTAཀྲུང་གོར་ཕྱིར་གཏོང་བྱས་པའི་ཚོང་དོན་ཚབ་བྱེད་ནུས་པར་ཞིབ་འཇུག《འཛམ་གླིང་དཔལ་འབྱོར་ཞིབ་འཇུག》སྤྱི་ལོ2011ལོའི་ཟླ9བ།

3_3 སྒྱུར་རྩོམ།

《འཛམ་གླིང་ཚོང་དོན་སྙན་ཞུ། སྤྱི་ལོ2012ལོ》པེ་ཅིང་། ཀྲུང་གོ་ཚོང་དོན་དཔེ་སྐྲུན་ཁང་། སྤྱི་ལོ2013ལོ། 

《འཛམ་གླིང་ཚོང་དོན་སྙན་ཞུ་སྤྱི་ལོ2011ལོ》པེ་ཅིང་། ཀྲུང་གོ་ཚོང་དོན་དཔེ་སྐྲུན་ཁང་། སྤྱི་ལོ2012 ལོ།  

《འཛམ་གླིང་ཚོང་དོན་སྙན་ཞུ་སྤྱི་ལོ2010ལོ》པེ་ཅིང་། ཀྲུང་གོ་ཚོང་དོན་དཔེ་སྐྲུན་ཁང་། སྤྱི་ལོ2011ལོ།

《འཛམ་གླིང་ཚོང་དོན་སྙན་ཞུ། སྤྱི་ལོ2009ལོ》 པེ་ཅིང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་དཔེ་སྐྲུན་ཁང་། སྤྱི་ལོ2010ལོ།   

《འཛམ་གླིང་ཚོང་དོན་སྙན་ཞུ། སྤྱི་ལོ2008ལོ》པེ་ཅིང་། ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་དཔེ་སྐྲུན་ཁང་། སྤྱི་ལོ2009ལོ།  

《འཛམ་གླིང་ཚོང་དོན་སྙན་ཞུ། སྤྱི་ལོ2007ལོ》པེ་ཅིང་། ཀྲུང་གོའི་ཚོང་དོན་དཔེ་སྐྲུན་ཁང་། སྤྱི་ལོ2008ལོ།  

3_4 ཞིབ་འཇུག་དཔྱད་གཞི།

ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཁྲོད་ཀྱི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གནད་དོན་ཞིབ་འཇུག་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཙོ་གནད་རྣམ་གྲངས། སྤྱི་ལོ2014ལོ།

རང་རྒྱལ་གྱིསGPAགྲོས་མོལ་ཞིབ་འཇུག་ནང་ཞུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས། སྤྱི་ལོ2011ལོའི་ལོ་མཇུག་ཏུ། 

GPAརང་རྒྱལ་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བར་ཞུགས་པ་དང་། ཚོང་དོན་པུའི་མངགས་བཅོལ་ཞིབ་འཇུག་དཔྱད་གཞི། སྤྱི་ལོ2011ལོ།

G20གོ་ལ་ཧྲིལ་བོའི་དཔལ་འབྱོར་བཅོས་སྐྱོང་གི་ལམ་སྲོལ་གསར་བ། ཀྲུང་གོའི་གནས་ཐིག་གཏན་ཁེལ་དང་། ནུས་པ། ཐབས་ཇུས། སློབ་གསོ་པུའུ་ཡི་གཙོ་གནད་ཞིབ་འཇུག་རྟེན་གཞིའི་རྣམ་གྲངས་གལ་ཆེན། སྤྱི་ལོ2010ལོ།

དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་འོག་གི་རྒྱལ་སྤྱིའི་ཉོ་འཚོང་སྒྲིག་སྲོལ་གྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གཞོན་ནུའི་རྣམ་གྲངས། སྤྱི་ལོ2008ལོ།

ཨ་རིའི་ཀྲུང་གོར་ཉོ་ཚོང་སྲིད་ཇུས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དབྱེ་ཞིབ་དང་། སློབ་གསོ་པུའུ་ཡི་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ནས་ཕྱིར་ལོག་པའི་མི་སྣའི་ཚན་རིག་ཞིབ་འཇུག་གི་མགོ་ཚུགས་ཐེབས་རྩ། སྤྱི་ལོ2008ལོ།


དཔྱད་གཞིའི་ཡིག་ཆ།