ཏེན་མག་གི་རྩོམ་རིགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-10-19 09:10ལ་འགྲུབ།

ཏེན་མག་གི་རྩོམ་རིག

ཏེན་མག་གི་རྩོམ་རིག
གནའ་རབས་དང་དུས་རབས་བར་མར་ཏེན་མག་དང་སི་ཁན་ཏི་ན་ཝེ་ཡ་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་ལ་ཐུན་མོང་གི་རིག་གནས་ཡོད་ཅིང་། ཏེན་མག་གིས་སྔར་ནས་བཟུང་ཡོ་རོབ་སྐམ་ས་ཆེན་མོ་དང་སི་ཁན་ཏི་ན་ཝེ་ཡའི་རྒྱལ་ཁབ་བར་གྱི་འབྲེལ་བར་ནུས་པ་གལ་ཆེན་ཐོན་ཡོད་ལ། དེ་དག་གིས་ལྷོ་ཕྱོགས་དང་ལྷག་པར་དུ་འཇར་མན་གྱི་ཤུགས་རྐྱེན་དང་ལེན་བྱེད་སླ་བར་བྱས། དེས་འཛམ་གླིང་གི་རྩོམ་རིག་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་པ་བཏོན་ཡོད་དེ། བྱིས་སྒྲུང་མཁས་ཅན་ཨན་ཐུའུ་ཧྲེང་དང་། པུའུ་ལན་ཏའེ་སི། འབྱོར་མེད་གྲལ་རིམ་གྱི་བརྩམས་སྒྲུང་མཁས་ཅན་ཉི་ཁེ་སུའོ་སོགས་མི་སྣ་གྲགས་ཅན་མང་བོ་སྐྱེད་སྲིང་བྱས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丹麦文学
ས་ཁུལ།
ཏེན་མག
རིགས་དབྱེ།
རྩོམ་རིག
1 ​གཞུང་དངོས།

ཏེན་མག་རྩོམ་རིག་གི་འབྱུང་ཁུངས་ནི་ལོ་ངོ1500ཡི་གོང་དུ་ཁུངས་འདེད་བྱས་ཆོག་ཅིང་། དེའི་མངའ་ཁོངས་ནས་བྱུང་བའི་སྤྱི་ལོ400ལོའི་ཡས་མས་ཀྱི་གསེར་གྱི་དུང་བརྡ་གཉིས་ཀྱི་སྟེང་དུ་བརྐོས་པའི་ཡོ་རོབ་བྱང་མའི་གནའ་བོའི་ཡི་གེ་སྟེ་ལོ་ནཱ་ཞེས་པ་ཚང་མར་ཡིག་འབྲུHཡིས་མགོ་བཙུགས་ཡོད་པ་དེས་སྐབས་དེར་སྙན་ངག་གི་ཐོག་མའི་རྣམ་པ་བྱུང་བ་གསལ་བཤད་བྱས་ཡོད། ལོ་ནཱའི་རྡོ་རིང་ཡི་གེ་ཆེས་རིང་ཤོས་ནི་སྤྱི་ལོ983ལོ་ནས་སྤྱི་ལོ987ལོའི་བར་ཏེན་མག་གི་རྒྱལ་བོ་ཆིང་ཁྲི་རྒྱལ་བོས་རང་གི་ཨ་ཕར་བཙུགས་པའི་བང་སོའི་རྡོ་རིང་དེ་ཡིན་ལ། རྡོ་རིང་གི་ཡི་གེ་ལ་ལར་སྙན་ངག་གི་སྡེབ་སྦྱོར་ཡོད་པ་རེད།

2 དུས་རབས་བཅུ་དགུ་བའི་དུས་སྟོད།

དུས་རབས19བའི་དུས་སྟོད་དུ་ཏེན་མག་རྩོམ་རིག་གི་གྲུབ་མཐའ་གཙོ་བོ་ནི་འཆར་ཡན་རིང་ལུགས་ཡིན་ལ། སྙན་ངག་པ་ཨ་ཏ་མུའུ་ཀུ་ཐུ་ལོ་པོ་ཨོའུ་ལུན་ཧྲི་ལའེ་ཨེར་ལ་འཇར་མན་གྱི་འཆར་ཡན་རིང་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཤིང་། ཁོའི་སྙན་ངག〈གསེར་གྱི་དུང་བརྡ〉(སྤྱི་ལོ1803ལོ)ཡིས་ཏེན་མག་གི་འཆར་ཡན་རིང་ལུགས་རྩོམ་རིག་གི་མགོ་ཚུགས་པ་མཚོན་ཡོད། འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་བྱིས་སྒྲུང་མཁས་ཅན་ཨན་ཐུའུ་ཧྲེང་ནི་སྐབས་དེའི་ཏན་མག་རྩོམ་རིག་གི་ཕུལ་བྱུང་མཚོན་བྱེད་ཅིག་ཡིན་ལ། བྱིས་སྒྲུང་གསར་རྩོམ་བྱེད་སྐབས་ཁོས་འཚོ་བ་དངོས་ལ་གཞིགས་པ་དང་འཆར་ཡན་རིང་ལུགས་ཀྱི་བྱེད་ཐབས་སྤྱད་དེ་མིའི་རིགས་ཀྱིས་མཛེས་སྡུག་གི་འབྱུང་འགྱུར་ལ་རེ་སྨོན་བྱེད་ཚུལ་མཚོན་པ་དང་། དངོས་ཡོད་རིང་ལུགས་ཀྱི་འཕེལ་ཕྱོགས་དང་དམངས་གཙོ་རིང་ལུགས་ཀྱི་སྙིང་སྟོབས་མཚོན་ཡོད། ཨན་ཐུའུ་ཧྲེང་གི་བྱིས་སྒྲུང་ནི་ཏེན་མག་གིས་འཛམ་གླིང་རྩོམ་རིག་ལ་ཕུལ་བའི་ལེགས་སྐྱེས་གལ་ཆེན་ཞིག་ཡིན་པ་རེད། དུས་སྐབས་དེའི་ཡུའེ་ཧན་ལུའུ་ཙི་ཝེ་ཧའེ་པེ་ཡ་ནི་དཔྱད་གཏམ་པ་ཞིག་ཡིན་ལ། སྤྲོ་གར་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོའི་ཟློས་གར་གྱིས་འབྱོར་ལྡན་གྲལ་རིམ་གྱི་ཀུན་སྤྱོད་འདུ་ཤེས་ལ་ཟུར་ཟ་བྱས་པས། ཏེན་མག་གི་དགོད་བྲོའི་ཟློས་གར་གསར་དུ་འཕེལ་རྒྱས་བྱུང་།

3 དུས་རབས་བཅུ་དགུ་བའི་ལོ་རབས་བདུན་ཅུ་བ།

དུས་རབས19བའི་ལོ་རབས70བ་ནི་ཏེན་མག་གི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལ་ཐོལ་བརྒལ་བྱུང་བའི་ལོ་རབས་ཤིག་ཡིན་པ་དང་། རྩོམ་པ་པོས་སྤྱི་ཚོགས་དང་དཔལ་འབྱོར་གྱི་གནད་དོན་ལ་དམིགས་ནས་གསར་རྩོམ་བྱས་ཤིང་། མི་སྣ་གཙོ་བོ་ནི་དཔྱད་བརྗོད་པ་ཀུ་ཨོར་ཀུ་པུའུ་ལན་ཏེ་སི་ཡིན་ལ། ཁོས་ཡོ་རོབ་གླིང་གི་གསར་བརྗེ་ལས“རིག་གནས་ཀྱི་གྲུབ་འབྲས”བྱུང་བ་དང་། ཏན་མག་གི་རྩོམ་རིག་དེ་ཡོ་རོབ་གླིང་གི་གནས་བབ་འཕེལ་རྒྱས་ཀྱི་རྗེས་ཟིན་མེད་པར་འཆར་ཡན་རིང་ལུགས་རྙིང་བར་མགོ་འཁོར་ནས་དོན་དངོས་དང་ཁ་བྲལ་བའི་ཕྱོགས་ལྷུང་བྱུང་བས་ཚད་བཀག་རང་བཞིན་ཇེ་ཆེར་སོང་བར་ངོས་འཛིན་བྱས་ཤིང་། ཁོས་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་བྱེད་ཐབས་དར་སྤེལ་བཏང་ནས“རྩོམ་རིག་ནི་འཚོ་བ་དངོས་ཀྱི་ནང་ནས་བྱུང་བ་དང་། འཚོ་བ་དངོས་ལ་ཞིབ་འཇུག་བྱེད་དགོས་པ”དང་རྩོམ་རིག་གསར་རྩོམ་བྱེད་སྐབས་གནད་དོན་བཏོན་ནས་གྲོས་བསྡུར་བྱེད་དགོས་པའི་འདོད་ཚུལ་བཟུང་།

4 དུས་རབས་ཉི་ཤུ་བའི་དུས་སྟོད།

དུས་རབས20བའི་དུས་སྟོད་དུ་ཏེན་མག་གི་སྐད་གྲགས་ཆེ་ཤོས་ཀྱི་བརྩམས་སྒྲུང་མཁས་ཅན་ནི་མ་ཏིང་ཨན་ཏེ་ཞུན་ཉི་ཁུ་སུའོ་ཡིན་ལ། ཁོའི་ཐོག་མའི་བརྩམས་ཆོས་ནི་དངོས་ཡོད་རིང་ལུགས་ཀྱི་ཡུལ་ཕྱོགས་རྩོམ་རིག་ལ་གཏོགས་པ་དང་། དུས་མཇུག་གི་ཚབ་བྱེད་བརྩམས་ཆོས་ནི་མིང་དུ་གྲགས་པའི་སྒྲུང་རིང་ཁག་གསུམ་སྟེ<དབང་བསྡུ་མཁན་པེ་ལའེ>དང་། 〈ཏི་ཐུ། མིའི་བྱིས་པ〉  〈མོ་ཨེར་ཏུན་དམར་པོ〉བཅས་ཀྱིས་ཏེན་མག་གི་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་དངོས་སུ་མཚོན་ཡོད།

5 ལོ་རབས་སུམ་ཅུ་བའི་དུས་དཀྱིལ།

ལོ་རབས30བའི་དུས་དཀྱིལ་དུ་ཧྥ་ཞི་སིས་ཡོ་རོབ་ལ་གནོད་འཚེ་བཟོས་པས་ཏེན་མག་མི་དམངས་ཀྱི་གོ་རྟོགས་སད་ཅིང་། རྩོམ་པ་པོ་མང་བོས་ཞི་བདེ་རིང་ལུགས་ཀྱི་སྟོང་བསམ་དོར་ནས་ཧྥ་ཞི་སི་དང་མཐའ་གཅིག་ཏུ་འཐབ་རྩོད་བྱས། དུས་སྐབས་དེར་ཟློས་གར་ལ་ཡང་འཕེལ་རྒྱས་ཆེན་པོ་བྱུང་།

འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་རྗེས་སུ། ཏེན་མག་གི་རྩོམ་རིག་ལས་རིགས་ལ་རྣམ་པ་གསར་བ་ཞིག་མངོན།

6 ལོ་རབས་ལྔ་བཅུ་བའི་རྗེས།

ལོ་རབས50བའི་རྗེས་སུ་ཏེན་མག་གི་རྩོམ་རིག་ལས་རིགས་སུ་རྩོམ་པ་པོ་གསར་བ་དང་བརྩམས་ཆོས་གསར་བ་ཁག་ཅིག་བྱུང་བ་དང་། འཕེལ་ཕྱོགས་གཙོ་བོ་ནི་སྤྱི་ཚོགས་ཀྱི་མུ་ནག་གི་ཕྱོགས་མངོན་པར་བྱས་ཡོད། མི་རབས་དེའི་རྩོམ་པ་པོའི་ཁྲོད་ཅུང་སྐད་གྲགས་ཆེ་བ་ནི་ཁེ་ལའོ་སི་ལི་ཧྥུ་པེ་ཡ་ཡིན་པ་དང་། བརྩམས་ཆོས་གཙོ་བོ་ནི་སྙན་ངག་ཡིན་ལ། བརྩམས་སྒྲུང་དང་། ཟློས་གར། གློག་བརྙན་འཁྲབ་གཞུང་། དཔྱད་བརྗོད་བཅས་མི་ཉུང་བ་ཞིག་ཀྱང་བརྩམས་ཡོད་པས། ཁོ་ནི་བརྩམས་ཆོས་ཆེས་མང་བའི་རྩོམ་པ་པོ་ཞིག་ཡིན་པ་རེད།

དཔྱད་གཞིའི་ཡིག་ཆ།