འཁོར་བར་འཁོར་ཞིང་མི་ལུས་རྙེད་པར་དཀའ་བའི་གང་ཟག་རྣམ་པ་བཅུ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-19 09:07ལ་འགྲུབ།

འཁོར་བར་འཁོར་ཞིང་མི་ལུས་རྙེད་པར་དཀའ་བའི་གང་ཟག་རྣམ་པ་བཅུ།

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བའི་འཁོར་བར་འཁོར་ཞིང་མི་ལུས་རྙེད་པར་དཀའ་བའི་གང་ཟག་རྣམ་པ་བཅུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཛ་པ》ཤ259བ7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འདུས་པ་ཆེན་པོ་ལས་སའི་སྙིང་པོའི་འཁོར་ལོ་བཅུ་པའི་མདོ་ལས་བྱུང་བ་སྟེ།

1.དགེ་བའི་རྩ་བ་མི་སྐྱེད་པ། 

2.བསོད་ནམས་ཀྱི་ལས་མི་བྱེད་པ། 

3.ཀུན་ནས་ཉོན་མོངས་པའི་ཉིང་མཚམས་སྦྱོར་བ། 

4.གྲོགས་པོ་སྡིག་པའི་རྗེས་སུ་སྤྱོད་པ། 

5.འཇིག་རྟེན་ཕྱི་མའི་སྡུག་བསྔལ་གྱི་འབྲས་བུ་ལ་འཇིགས་པར་མི་ལྟ་བ། 

6.འདོད་ཆགས་བདེ་བར་འགྱུར་བ། 

7.ཞེ་སྡང་བདེ་བར་འགྱུར་བ། 

8.གཏི་མུག་བདེ་བར་འགྱུར་བ། 

9.སེམས་མྱོས་ཤིང་འཁྲུགས་པ། 

10.ལོག་པར་ལྟ་བའི་སྡིག་པ་ཅན་དམ་དུ་འཛིན་པའོ༎