ཁྲི་སྟན་སྦྱིན་པའི་ཕན་ཡོན་བཅུ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-19 09:09ལ་འགྲུབ།

ཁྲི་སྟན་སྦྱིན་པའི་ཕན་ཡོན་བཅུ།

ལས་རྣམ་པར་འབྱེད་པ་ལས་བྱུང་བའི་ཁྲི་སྟན་སྦྱིན་པའི་ཕན་ཡོན་བཅུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ལ་པ》ཤ451ན6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

ལས་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ།

1.འཇིག་རྟེན་གྱི་བླ་མའི་གནས་སུ་འགྱུར་བ། 

2.བསྔགས་པར་འགྱུར་བ། 

3.སྐྱེ་བོ་མང་པོ་ལ་གྲགས་པ་དང་། བརྗོད་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་མང་པོ་མངོན་དུ་འབྱུང་བར་འགྱུར་བ། 

4.བདེ་བ་དང་། ཡིད་བདེ་བ་མང་བར་འགྱུར། 

5.བཞོན་པ་དང་། ཁྲི་སྟན་དང་། རིམ་གྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ། 

6.འཇིག་རྟེན་གྱིས་མངོན་དུ་བགྲོ་བར་བྱ་བར་འགྱུར་བ། 

7.ལོངས་སྤྱོད་ཆེ་བར་འགྱུར་བ། 

8.དབང་ཆེ་བར་གྲགས་བར་འགྱུར་བ། 

9.མཐོ་རིས་སུ་སྐྱེ་བར་འགྱུར་བ། 

10.མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བའོ༎