ཁྱད་པར་དུ་འགྲོ་བར་འགྱུར་བའི་ཆོས་བཅུ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-19 09:12ལ་འགྲུབ།

ཁྱད་པར་དུ་འགྲོ་བར་འགྱུར་བའི་ཆོས་བཅུ།

འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བའི་ཁྱད་པར་དུ་འགྲོ་བར་འགྱུར་བའི་ཆོས་བཅུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ན་པ》ཤ262བ5ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

འཕགས་པ་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པའི་མདོ་ལས་བྱུང་བ་སྟེ། 

1.ཁྱད་པར་དེ་ལ་མ་ཆགས་པ། 

2.ལྷག་པའི་བསམ་པ་ཡོངས་སུ་དག་པ། 

3.ཐབས་ལ་མཁས་པས་བརྩོན་འགྲུས་བརྟན་པ། 

4.སེམས་ཅན་ལ་ལྟ་ཞིང་སྙིང་རྗེ་ཆེ་བ། 

5.བསོད་ནམས་ལ་ཆོག་མི་ཤེས་པ། 

6.ཐོས་པ་བཙལ་བས་ཆོག་མི་ཤེས་པ། 

7.བག་ཡོད་པ། 

8.བྱང་ཆུབ་ཀྱི་སྙིང་པོ་རྗེས་སུ་དྲན་པ། 

9.སངས་རྒྱས་ཀྱི་ཡེ་ཤེས་མངོན་སུམ་དུ་ཐོབ་པ། 

10.བྱང་ཆུབ་ཀྱི་སེམས་མི་གཏོང་བའོ༎