ཁོང་ཁྲོ་བའི་གཞི་བཅུ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-19 09:13ལ་འགྲུབ།

ཁོང་ཁྲོ་བའི་གཞི་བཅུ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བའི་ཁོང་ཁྲོ་བའི་གཞི་བཅུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་སེམས་ཙམ་ཞི་པ》ཤ63ན3ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.བདག་ཉིད། 

2.སེམས་ཅན་སྡུག་པ་རྣམས། 

3.སེམས་ཅན་མི་སྡུག་པ་རྣམས། 

4.འདས་པ་ན་གནོད་པ་དང་། ཕན་པ་བྱས་པ། 

5.མ་འོངས་པ་ན་གནོད་པ་དང་། ཕན་པ་བྱས་པ། 

6.ད་ལྟར་བྱུང་བ་ན་གནོད་པ་དང་། ཕན་པ་བྱས་པ། 

7.ཡུལ་ཡིད་དུ་མི་འོང་བ། 

8. ཕྲག་དོག

9. སྔོན་གོམས་པ།

10.གཞན་དུ་བལྟ་བའོ༎ 

དེ་དག་ལས་ཁོང་ཁྲོ་བ་རྣམ་པ་བཅུ་རིམ་བཞིན་དུ་སྐྱེ་བར་བལྟ་བའོ༎