སྐྱེས་བུ་དམ་པའི་མིང་ཐོབ་པ་བཅུ།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-19 09:15ལ་འགྲུབ།

སྐྱེས་བུ་དམ་པའི་མིང་ཐོབ་པ་བཅུ།

ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐྱེས་བུ་དམ་པའི་མིང་ཐོབ་པ་བཅུ་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《ཕལ་ཆེན་ང་པ》ཤ308བ1ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 ​རྣམ་གྲངས་འདྲེན་པ།

ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པའི་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྐྱེས་བུ་དམ་པའི་མིང་ཐོབ་པ་བཅུ་སྟེ། 

1.འདི་ལྟར་བྱང་ཆུབ་ཀྱི་ཡེ་ཤེས་ཀྱི་ལུས་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡིན། 

2.ཐེག་པ་ཆེན་པོ་ལ་རབ་ཏུ་གནས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་བ་ཡིན། 

3.ཆོས་ཀྱི་དམ་པ་མངོན་པར་སྟོབས་པས་སེམས་དཔའ་ཞེས་བྱ་བ་ཡིན། 

4.མཆོག་གི་ཆོས་མངོན་པར་འཚང་རྒྱ་བས་མཆོག་གི་སེམས་དཔའ་ཞེས་བྱ་བ་ཡིན། 

5.ཡེ་ཤེས་ཀྱི་ཁྱད་པར་རབ་དང་ལྡན་པས་རབ་ཀྱི་སེམས་དཔའ་ཞེས་བྱ་བ་ཡིན། 

6.ཕུལ་དུ་བརྩོན་འགྲུས་རྩོམ་པས་ཕུལ་གྱི་སེམས་དཔའ་ཞེས་བྱ་བ་ཡིན། 

7.གོང་ན་མེད་པའི་ཆོས་ཡང་དག་པར་སྟོན་པས་བླ་ན་མེད་པའི་སེམས་དཔའ་ཞེས་བྱ་བ་ཡིན། 

8.སྟོབས་བཅུའི་ཡེ་ཤེས་ཡངས་པ་དང་ལྡན་པས་སྟོབས་ཀྱི་སེམས་དཔའ་ཞེས་བྱ་བ་ཡིན། 

9.འགྲོ་བ་ཐམས་ཅད་ན་དཔེ་མེད་པས་མི་མཉམ། མི་འདྲ་བའི་སེམས་དཔའ་ཞེས་བྱ་བ་ཡིན། 

10.ནམ་འདོད་པའི་སེམས་ཀྱིས་སྐད་ཅིག་ལ་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བས་བསམ་གྱིས་མི་ཁྱབ་པའི་སེམས་དཔའ་ཞེས་བྱ་བ་ཡིན་ནོ༎