ལས་ཡུལ་དོ་དམ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-19 11:13ལ་འགྲུབ།

ལས་ཡུལ་དོ་དམ།

ལས་ཡུལ་དོ་དམ།
ལས་ཡུལ་དོ་དམ་དེ་ལས་ཡུལ་གྱི་ངལ་ལས་སྒོ་སྲུང་དོ་དམ་དང་། ཨར་ལས་བྱ་ཡུལ་གྱི་དངོས་མིང་ལམ་ལུགས་ཀྱི་དོ་དམ། ཨར་སྐྲུན་རིམ་པ་གསུམ་པའི་བདེ་འཇགས་སློབ་གསོའི་དོ་དམ། ལས་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ། ལས་ཡུལ་གྱི་དཔྱད་ཡིག་དོ་དམ། ཁེ་ལས་ཀྱི་རྒྱང་ཁྲིད་དོ་དམ་དང་དེ་བཞིན་སྲིད་གཞུང་གི་དོ་དམ་སྡེ་ཚན་གྱི་དྲ་སྦྲེལ་དངོས་མིང་ལམ་ལུགས་ཀྱི་དོ་དམ་སོགས་ཕྱོགས་མང་པོར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
工地管理
ཕྱི་ཡིག་གི་མིང་།
construction field management
ཆགས་ཚུལ་རྒྱུད་ཁོངས།
ལས་ཡུལ་དུ་ལས་ཞིབ་དང་བདེ་འཇགས་གསོ་སྦྱོང་གི་འཛད་སྤྱོད་ལ་བཀག་སྡོམ་བྱས་པ།
སྤྱོད་སྒོ།
བཟོ་པའི་བྱང་ཚད་མཐོ་རུ་གཏོང་བ་དང་བདེ་འཇགས་ཀྱི་སྒྲིག་ལམ་ལ་འགན་སྲུང་བྱ་དགོས།
ཕན་འབྲས།
ཁེ་ལས་ཀྱི་དྲ་སྦྲེལ+ཨར་སྐྲུན་དོ་དམ་བྱ་ཤུགས་ཆེ་རུ་གཏོང་དགོས།
1 རགས་བཤད།

ལས་ཡུལ་མང་ཆེ་བ་ད་དུང་ཀུང་སི་ཅན་གྱི་དོ་དམ་ནན་མོ་བྱས་མེད་མོད། འོན་ཀྱང་ས་གནས་ཁ་ཤས་སུ་ཁྱབ་སྤེལ་བྱས་པའི་མཉེན་ཆས་མ་ལག་གིས་ལས་ཡུལ་དོ་དམ་བྱེད་བཞིན་ཡོད། ཧྲང་ཧའེ་གྲོང་ཁྱེར་ལ་ཆ་བཞག་ན། ཧྲང་ཧའེ་གྲོང་ཁྱེར་ལ“ཧྲང་ཧའེ་གྲོང་ཁྱེར་གྱི་འཛུགས་སྐྲུན་ལས་གྲྭའི་ལས་ཡུལ་གྱི་ལས་གཉེར་མི་སྣའི་དོ་དམ་མ་ལག” ཡོད། འདི་ནི་མི་སྣ་ལྟེ་བར་འཛིན་པའི་གསོ་སྦྱོང་དོ་དམ་ལ་ལྟ་རྟོག་བྱེད་པའི་མ་ལག་ཅིག་ཡིན།  

2 ལས་ཡུལ་སྒོ་སྲུང་།

ལས་ཡུལ་གྱི་ངལ་ནུས་སྒོ་སྲུང་བའི་མ་ལག་ནི་ཨར་སྐྲུན་བྱ་ཡུལ་གྱི་རྣམ་གྲངས་ཐོག་གི་ཆེད་སྤྱོད་ལས་མི་དོ་དམ་གྱི་མཉེན་ཆས་མ་ལག་ཅིག་ཡིན་པ་དང་། དེས་ལས་མི་ལས་ཡུལ་དངོས་སུ་ཚོད་འཛིན་དང་དོ་དམ་ནུས་ལྡན་བྱེད་ཆོག་པ་མ་ཟད། འཛུགས་སྐྲུན་སྤྱི་ཁྱབ་ཀུང་སིའི་རྣམ་གྲངས་ཁག་གི་ལས་ཡུལ་དུ་ལས་ཀ་བྱེད་མཁན་ལ་ལུགས་མཐུན་ངང་ཕྱོགས་བསྡུས་མ་ལག་ཅན་གྱི་དོ་དམ་བྱེད་ཆོག་གིན་ཡོད། བསྡོམས་རྩིས་གྲངས་གཞི་ལས་ནུས་ལྡན་ངང་དབྱེ་ཞིབ་བྱེད་ཆོག་གིན་ཡོད་པ་རེད།

3 ཨར་ལས་ལས་ཡུལ་གྱི་སྒོ་སྲུང་གི་ལག་བསྟར་དོན་སྙིང་ནི།

ལས་ཀ་བྱེད་མཁན་གྱི་གསོ་སྦྱོང་ལས་དོན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ནས་ལས་ཀ་བྱེད་མཁན་དང་རྣམ་གྲངས་ཀྱི་བདེ་འཇགས་རང་བཞིན་འགན་ལེན་བྱེད་པ་མཐོ་རུ་གཏོང་དགོས།

མ་ལག་ཁག་གི་དཔེ་དུམ་གཞོགས་འདེགས་དང་གྲངས་གཞི་ཕྱོགས་བསྡུས་དབྱེ་ཞིབ་བྱས་ཚེ་ཀུང་སིའི་དོ་དམ་གྱི་གནད་འཁེལ་རང་བཞིན་དང་། ཡིད་རྟོན་ཐུབ་ཚད། དོ་དམ་ཕན་འབྲས་བཅས་མཐོ་རུ་གཏོང་ཐུབ།

ལས་མིར་ཁྱོན་ཡོངས་ནས་དོ་དམ་དང་གྲངས་གཞི་ངོ་མ་ཉར་ཚགས་བྱས་པ་བརྒྱུད་སྲོལ་རྒྱུན་གྱི་དོ་དམ་བྱེད་སྟངས་ཁྲོད་ཀྱི་ཕྱོགས་ཁག་དབར་འགལ་བ་དང་གདོང་ཐུག་བྱུང་བ་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ནས་ཞི་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུ་དང་རྣམ་གྲངས་བརྟན་ལྷིང་དང་བདེ་འཇགས་འགན་ལེན་བྱ་རྒྱུར་ཕན་པ་ཧ་ཅང་ཆེན་པོ་ཡོད་པ་རེད།

4 བདེ་འཇགས་སློབ་གསོ།

ལས་ཡུལ་གྱི་ཨར་སྐྲུན་རིམ་པ་གསུམ་པའི་བདེ་འཇགས་སློབ་གསོ་ནི་རྣམ་གྲངས་ཀྱི་ས་གནས་ས་ཐོག་གི་མི་སྣར་དོ་དམ་བྱེད་པའི་གལ་ཆེའི་ལྷུ་ཚིགས་ཤིག་ཡིན་པ་དང་ལས་མི་ཚང་མའི་ལུས་ཁམས་བདེ་འཇགས་དང་འབྲེལ་བ་ཡོད།

5 ལས་ཡུལ་གྱི་འཛད་སྤྱོད།

ལས་ཡུལ་གྱི་འཛད་སྤྱོད་མ་ལག་ནི་ལས་ཡུལ་གྱི་གཱ་གཅིག་ཀུན་འཐུས་སྤྱོད་རྒྱ་ཆེ་རུ་བཏང་བ་ཞིག་ཡིན་པ་དང་། མི་སྣར་མིང་ངོ་མ་འགོད་པའི་གཱ་ཡོད་རྗེས་ལས་གཏོད་བྱས་ཚེ་ལས་གཏོད་བྱ་ཡུལ་ཡོངས་ཀྱི་གྲངས་འབོར་ཉུང་བའི་འཛད་སྤྱོད་མངོན་འགྱུར་ཐུབ་པ་དང་ཟ་ཁང་དང་ཚོང་ཁང་ཆུང་ཆུང་ཚུད་ཡོད་པ་རེད། འཛད་སྤྱོད་མ་ལག་གིས་ད་དུང་གཅིག་གྱུར་ཐོག་གཱ་དོ་དམ་དང་། བོར་ཐོ་འགོད་པ། ཐང་དངུལ་འཇོག་པ་སོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་དང་འབྲེལ་འདྲི་རྩད་དང་། བསྡོམས་རྩིས། གཙང་རྩིས། སྙན་ཐོའི་རེའུ་མིག རིགས་ཁག་གི་འཛད་སྤྱོད་ཆ་འཕྲིན་དང་དེ་བཞིན་འབྲེལ་ཡོད་ལས་སྒོའི་ཆ་འཕྲིན་བསྐྱར་དཔར་བྱེད་ཆོག་གི་ཡོད་པ་རེད།

6 ལས་ཡུལ་གཏན་འབེབས།

1.རྣམ་གྲངས་ལས་ཡུལ་དོ་དམ་རྩ་འཛུགས་ཀྱི་ལྟ་སྐུལ་དོ་དམ་ཐད་གཤམ་གསལ་གྱི་རྩ་དོན་བརྩི་སྲུང་བྱེད་དགོས།

(1)གྲུབ་ཚུལ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་ཡིན་པ།

(2)དོ་དམ་གྱི་དམིགས་ཡུལ་དང་འགན་འཁྲིའི་ལམ་ལུགས་གསལ་པོ་ཡོད་དགོས།

(3)རྩ་འཛུགས་ཀྱི་ཁོངས་མིར་བབ་མཐུན་གྱི་ལས་རིགས་ཐོབ་ཐང་ལྡན་པ།

(4)དོ་དམ་གྱི་དམིགས་ཡུལ་དང་འགན་འཁྲིའི་ལམ་ལུགས་གསལ་པོ་ཡོད་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལས་ཡུལ་དོ་དམ། དོ་དམ། དཔལ་འབྱོར།