དོ་དམ་ལས་གྲྭའི་ཆེད་ལས་ཅན་གྱི་མཉམ་སྒྲུབ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-19 11:12ལ་འགྲུབ།

དོ་དམ་ལས་གྲྭའི་ཆེད་ལས་ཅན་གྱི་མཉམ་སྒྲུབ།

དོ་དམ་ལས་གྲྭའི་ཆེད་ལས་ཅན་གྱི་མཉམ་སྒྲུབ།
སྤྱི་ཚོགས་ཅན་གྱི་ཐོན་སྐྱེད་ཆེན་པོའི་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན། ཆེད་ལས་ཅན་ཞེས་པ་ནི་བཟོ་ལས་སམ་ལས་རིགས་ནང་ཁུལ་གྱི་སྡེ་ཁག་སོ་སོ་དང་ཁེ་ལས་ཀྱིས་ཆེད་ལས་ལྟར་ལས་བགོས་ལུགས་མཐུན་བྱེད་པ་དང་། ཐོན་སྐྱེད་རོགས་ལས་ནི་ཆེད་ལས་ཅན་དུ་འགྱུར་བའི་སྡེ་ཁག་དང་ཁེ་ལས་བར་ཐོན་སྐྱེད་ཀྱི་ལས་འགན་གཅིག་འདྲ་སྒྲུབ་ཕྱིར་བཙུགས་པའི་འཕྲེད་ཕྱོགས་ཀྱི་ཐོན་སྐྱེད་འབྲེལ་བ་ཞིག་ཡིན། རོགས་ལས་དངོས་སུ་བྱས་ན་ཆེད་ལས་སྡེ་ཁག་དང་ཁེ་ལས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་ཐུབ་པ་དང་། མཉམ་ལས་བྱེད་རྒྱུ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་དེང་རབས་ཀྱི་བཟོ་ལས་ཐོན་སྐྱེད་ནང་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཟམ་མི་འཆད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
管理工程:专业化协作
ཁོངས་གཏོགས་རིག་ཚན།
དོ་དམ་རིག་པ།
1 འཕེལ་རྒྱས་ཀྱི་བརྒྱུད་རིམ།

འཕྲུལ་ཆས་བཟོ་ལས་ཆེད་ལས་ཅན་དང་མཉམ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཕལ་ཆེར་དུས་རིམ་བཞི་རུ་དབྱེ་ཆོག རྣམ་གྲངས་ཆེད་ལས་ཅན། འཕྲུལ་ཆས་བཟོ་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་རང་ཚུགས་ཀྱི་སྡེ་ཁག་ཅིག་ཏུ་གྱུར་ཅིང་། འཕྲུལ་ཆས་བཟོ་གྲྭ་ཞིག་གི་ནང་དུ་འཕྲུལ་ཆས་ཀྱི་ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་ཀྱིན་ཡོད། ལས་རིགས་ཆེད་ལས་ཅན་དུ་འགྱུར་བ། ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་འཕྲུལ་ཆས་བཟོ་ལས་ལས་རིགས་འགའ་ཞིག་ཏུ་འགྱུར་འགོ་ཚུགས་པ་དཔེར་ན། འཁེལ་འཐག་འཕྲུལ་ཆས་ལས་རིགས་དང་། སྐྱེལ་འདྲེན་འཕྲུལ་ཆས་ལས་རིགས། འཁོར་སྟེགས་ལས་རིགས་སོགས་ལྟ་བུ་ཡིན་ཞིང་། བཟོ་གྲྭ་ཞིག་གི་ནང་དུ་ཆེད་དུ་རང་གི་ལས་རིགས་ཀྱི་ཐོན་རྫས་ཐོན་སྐྱེད་བྱེད་ཀྱིན་ཡོད། ཐོན་རྫས་ཆེད་ལས་ཅན་དུ་འགྱུར་བ། དུས་རབས20པའི་དུས་འགོར་འདྲུད་འཐེན་འཕྲུལ་འཁོར་དང་རླངས་འཁོར་སོགས་ཐོན་རྫས་རྐྱང་པ་དམིགས་ཡུལ་དུ་བྱས་པའི་ཐོན་རྫས་ཆེད་ལས་ཅན་གྱི་ཁེ་ལས་བྱུང་བ་རེད། ལྷུ་ལག་ཆེད་ལས་ཅན་དང་བཟོ་རྩལ་ཆེད་ལས་ཅན་དུ་འགྱུར་བ། ཐོན་རྫས་ཀྱི་རྣམ་གྲངས་རྒྱུན་མི་ཆད་པར་མང་དུ་འགྲོ་བ། ཐོན་རྫས་མི་འདྲ་བའི་བར་གྱི་ངར་ལྕགས་དང་། ལྷུ་ལག བཟོ་རྩལ་སོགས་ཀྱི་ཐད་ལའང་གཅིག་མཐུན་ནམ་འདྲ་མཚུངས་ཀྱི་ཆ་ཡོད་པས། ལྷུ་ལག་ཆེད་ལས་ཅན་དང་བཟོ་རྩལ་ཆེད་ལས་ཅན་གྱི་བཟོ་གྲྭ་བྱུང་བ་རེད། ལྷུ་ལག་ཆེ་ཆུང་དང་བཟོ་རྩལ་ཆེད་ལས་རྫས་འགྱུར་བཟོ་གྲྭ་བྱུང་བས། འཕྲུལ་ཆས་བཟོ་གྲྭ་གཙོ་བོ་དག་གིས་ཐོན་རྫས་སྒྲིག་སྦྱོར་དང་འགག་རྩའི་ལྷུ་ལག་ཁ་ཤས་ལས་སྣོན་བྱེད་འགན་ཁོ་ན་འཁུར་བ་དང་། ལྷུ་ལག་ཆེ་ཆུང་གཞན་དག་དང་བཟོ་རྩལ་ཆ་ཤས་ནི་བཟོ་གྲྭ་གཞན་དག་གིས་མཉམ་སྒྲུབ་བྱས་པར་བརྟེན་ནས། ཆུང་ཞིང་ཆ་ཚང་བ་དང་། ཆེ་ཞིང་ཆ་ཚང་བ། ཆ་ཚང་བ་བཅས་ཀྱི་ཕྱོགས་བསྡུས་བཟོ་གྲྭའི་ཐོན་སྐྱེད་རྩ་འཛུགས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་དགོས།

2 གཞི་རྩའི་རྣམ་པ་ཆེད་ལས་ཅན་དང་རོགས་ལས་བྱ་ཡུལ་ལྟར་རྣམ་པ་རིགས4ལ་དབྱེ་ཡོད།

ཐོན་རྫས་ཆེད་ལས་ཅན་དང་མཉམ་ལས། མཇུག་མཐའི་ཐོན་རྫས་ངེས་ཅན་ཞིག་སྡེ་ཁག་གཅིག་གམ་ཁེ་ལས་གཅིག་གི་ནང་དུ་གཅིག་བསྡུས་བྱས་ནས་ཆེད་ལས་ཐོན་སྐྱེད་བྱ་དགོས། ཐོན་རྫས་ཆེད་ལས་ཅན་ལ་རིགས་གཉིས་སུ་དབྱེ་ཡོད་དེ། གཅིག་ནི་བཟོ་གྲྭས་སྒྲིག་སྦྱོར་དང་ལྷུ་ལག་ཆེ་ཆུང་མང་ཆེ་བ་ལས་སྣོན་བྱས་ཏེ་ཀུན་ནུས་བཟོ་གྲྭར་གཏོགས་པ་དང་། གཞན་ཞིག་ནི་ལྷུ་ལག་ཆེ་ཆུང་དང་བཟོ་རྩལ་མང་ཆེ་བ་ཕྱིའི་མཐུན་ཚོགས་ལ་བརྟེན་དགོས་ཤིང་། འཕྲུལ་ཆས་གཙོ་བོའི་བཟོ་གྲྭས་ཐོན་རྫས་སྒྲིག་སྦྱོར་དང་ཞབས་ཞུ་གཙོ་བོར་བསྒྲུབ་དགོས། ནུས་པ་ཀུན་ལྡན་བཟོ་གྲྭའི་ཐོན་རྫས་འབོར་གྲངས་ཉུང་ཞིང་ཐོན་སྐྱེད་ཀྱི་ལྷུ་ཚིགས་མང་བས། སྔོན་ཐོན་གྱི་ལག་རྩལ་དང་ལས་ཆོད་ཆེ་བའི་སྒྲིག་ཆས་བེད་སྤྱོད་པར་ཕན་པ་མེད་ཅིང་། དེ་ནི་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་སྟངས་ཤིག་ཡིན། བཟོ་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཐོན་རྫས་ཆེད་ལས་ཅན་དུ་འགྱུར་བའི་རྣམ་པ་གཙོ་བོ་ནི་འཕྲུལ་ཆས་བཟོ་གྲྭ་གཙོ་བོས་སྒྲིག་སྦྱོར་དང་འགག་རྩའི་ལྷུ་ལག་ཉུང་ཤས་ཐོན་སྐྱེད་བྱེད་པའི་འགན་འཁུར་དགོས།

ལྷུ་ལག་ཆེ་ཆུང་ཆེད་ལས་ཅན་དང་མཉམ་ལས། ཐོན་རྫས་རིམ་པ་ཅན་དང་ལྷུ་ལག་ཆེ་ཆུང་ཅན། ཀུན་འཕྲོད་ཅན་བཅས་ཀྱི་རྨང་གཞིའི་ཐོག རིགས་མཐུན་གྱི་ལྷུ་ལག་གཅིག་ཏུ་བསྡུས་ཏེ། སྔོན་ཐོན་གྱི་བཟོ་རྩལ་དང་ལག་རྩལ་གསར་པ་སྤྱད་ནས་ཐོན་སྐྱེད་འབོར་ཆེན་བྱེད་པ་དང་། ལས་རིགས་མི་འདྲ་བ་འདོན་སྤྲོད་བྱས་ཏེ། ཐོན་རྫས་རིགས་སྣ་ཚོགས་ལ་ཆ་སྒྲིག་བྱ་དགོས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དོ་དམ་ལས་གྲྭ། དོ་དམ། ལས་གྲྭ།