རྒྱུད་ཁོངས་འདྲ་བཟོ།སྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-19 08:36ལ་འགྲུབ།

རྒྱུད་ཁོངས་འདྲ་བཟོ།

རྒྱུད་ཁོངས་འདྲ་བཟོ།
རྒྱུད་ཁོངས་འདྲ་བཟོ་ནི་རྒྱུད་ཁོངས་དབྱེ་ཞིབ་ཀྱི་དམིགས་ཡུལ་ལྟར། མ་ལག་གི་རྒྱུ་ཆ་སོ་སོའི་རང་བཞིན་དང་ཕན་ཚུན་འབྲེལ་བའི་རྨང་གཞིའི་སྟེང་དུ། མ་ལག་གི་ཆགས་ཚུལ་དང་བྱ་སྤྱོད་ཀྱི་གོ་རིམ་ཞིབ་འབྲི་བྱས་ཡོད་པ་མ་ཟད། གཏན་ཚིགས་ཀྱི་འབྲེལ་བ་ངེས་ཅན་ཞིག་གམ་ཡང་ན་གྲངས་ཚད་ཀྱི་འབྲེལ་བ་ངེས་ཅན་ཞིག་ལྡན་པའི་འདྲ་བཟོ་བྱས་པའི་དཔེ་དབྱིབས་ཤིག་ཡིན། དེར་གཞིགས་ནས་ཚོད་ལྟ་དང་ཡང་ན་གྲངས་ཚད་ཀྱི་དབྱེ་ཞིབ་བྱས་ཏེ། ཡང་དག་པའི་ཐབས་ཇུས་ལ་མཁོ་བའི་ཆ་འཕྲིན་སྣ་ཚོགས་ཐོབ་ཏུ་འཇུག་དགོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
系统仿真
ཕྱི་ཡིག་གི་མིང་།
system simulation
གཞི་འཛིན་ས།
རྒྱུད་ཁོངས་དབྱེ་ཞིབ་ཀྱི་དམིགས་ཡུལ།
ཁྱད་ཆོས།
རྒྱུད་ཁོངས་གྲུབ་ཚུལ་དང་ཡང་ན་བྱ་སྤྱོད་བརྒྱུད་རིམ་བརྗོད་པ།
1 འདྲ་བཟོའི་གོ་དོན། 

འདྲ་བཟོ་བྱེད་པའམ་བསྒྱུར་ནས་ལད་ཟློས་བྱས་པ། དེ་ནི་ཚོད་ལྟ་དང་སྦྱོང་བརྡར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ནས་ཐོག་མའི་མ་ལག་དང་ལས་དོན་དངོས་སམ་སྤྱི་མཚན་དུ་གྱུར་པའི་བརྒྱུད་རིམ་དང་། དཔེ་དབྱིབས་ཤིག་བཟོས་ནས་དེའི་གནད་འགག་གི་ཁྱད་ཆོས་སམ་བྱ་སྤྱོད་དང་བྱེད་ལས་མཚོན་པར་བྱས་ཏེ་མ་ལག་ཅན་དང་སྤྱི་འགྲོས་ཅན་དུ་བསྒྱུར་ནས་གནད་འགག་གི་ཁྱད་ཆོས་ལ་ལད་མོ་བྱེད་ཐུབ་པར་ཟེར།

2 ནུས་པ།

(1)འདྲ་བཟོ་བྱེད་པའི་གོ་རིམ་ཡང་ཚོད་ལྟའི་གོ་རིམ་ཡིན་པ་མ་ཟད། ད་དུང་རྒྱུད་རིམ་ལྡན་པའི་སྒོ་ནས་ཆ་འཕྲིན་འཚོལ་སྡུད་དང་གསོག་འཇོག་བྱེད་པའི་གོ་རིམ་ཡང་རེད། ལྷག་པར་དུ་རྙོག་འཛིང་ཆེ་བའི་སྐབས་བསྟུན་གནད་དོན་ལ་མཚོན་ན། བཀོལ་སྤྱོད་འདྲ་བཟོ་ལག་རྩལ་ནི་ཆ་འཕྲིན་འདོན་སྤྲོད་བྱེད་པའི་བློ་ཡིད་ཚིམས་པའི་ཐབས་ཤེས་ཉག་ཅིག་ཡིན།  

(2)དངོས་ལུགས་དཔེ་དབྱིབས་དང་གྲངས་རིག་དཔེ་དབྱིབས་གསར་འཛུགས་བྱེད་དཀའ་བའི་ཡུལ་གྱི་མ་ལག་ལ། དཔེ་དབྱིབས་འདྲ་བཟོ་བྱས་པར་བརྟེན་ནས་སྔོན་དཔག་དང་དབྱེ་ཞིབ། གདེང་འཇོག་སོགས་མ་ལག་གི་གནད་དོན་བདེ་བླག་ངང་ཐག་གཅོད་བྱེད་ཐུབ།

(3)མ་ལག་གི་འདྲ་བཟོ་བརྒྱུད་དེ་ཕྲ་རྒྱས་ཅན་གྱི་མ་ལག་ཅིག་བུ་རྒྱུད་ཁོངས་སུ་བཅག་ནས་དབྱེ་ཞིབ་བྱེད་བདེ་བ་ཡིན།

(4)རྒྱུད་རིམ་ལྡན་པའི་འདྲ་བཟོ་བྱས་པ་བརྒྱུད་བསམ་བློ་གསར་པའི་བློ་སྒོ་འབྱེད་ཐུབ་པའམ་ཐབས་ཇུས་གསར་པ་ཐོན་ཐུབ་པར་མ་ཟད། ད་དུང་ཐོག་མའི་མ་ལག་ནང་དུ་སྦས་པའི་གནད་དོན་འགའ་ཞིག་ཀྱང་ཕྱིར་མངོན་ཐུབ་པར་བྱས་ནས་དུས་ཐོག་ཏུ་ཐག་གཅོད་བྱེད་བདེ་པོ་ཡོང་བ་བྱེད་དགོས།

3 ཐབས་ཤེས།

རྒྱུད་ཁོངས་འདྲ་བཟོ་བྱེད་པའི་གཞི་རྩའི་བྱེད་ཐབས་ནི་རྒྱུད་ཁོངས་ཀྱི་ཆགས་ཚུལ་དཔེ་དབྱིབས་དང་ཚད་འབེབས་དབྱེ་ཞིབ་དཔེ་དབྱིབས་འཛུགས་པ་མ་ཟད། དེ་ཉིད་རྩིས་འཁོར་གྱི་སྟེང་དུ་སྒྲིག་སྦྱོར་བྱེད་པར་འཚམ་པའི་འདྲ་བཟོ་དཔེ་དབྱིབས་སུ་བསྒྱུར་རྗེས། དཔེ་དབྱིབས་ལ་འདྲ་བཟོ་དངོས་བཤེར་བྱེད་པ་ཡིན།  

དཔྱད་གཞིའི་ཡིག་ཆ།