དོ་དམ་ཆ་འཕྲིན་མ་ལགསྔ་མའི་པར་གཞི་དེ འབྲོངDruglha  ནས 2021-10-19 08:36ལ་འགྲུབ།

དོ་དམ་ཆ་འཕྲིན་མ་ལག

དོ་དམ་ཆ་འཕྲིན་མ་ལག
དོ་དམ་ཆ་འཕྲིན་མ་ལག་ནི་མིས་གཙོ་ཁྲིད་བྱེད་པ་དང་། རྩིས་འཁོར་གྱི་མཁྲེགས་ཆས་དང་། མཉེན་ཆས། དྲ་རྒྱའི་འཕྲིན་གཏོང་སྒྲིག་ཆས་བཅས་དང་དེ་བཞིན་གཞུང་ལས་སྒྲིག་ཆས་གཞན་དག་བེད་སྤྱད་དེ་ཆ་འཕྲིན་བསྡུ་རུབ་དང་། སྐྱེལ་འདྲེན། ལས་སྣོན། གསོག་འཇོག གསར་བཅོས། རྒྱ་སྐྱེད། སྲུང་སྐྱོང་བཅས་བྱེད་པའི་མ་ལག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
管理信息系统
ཕྱི་ཡིག་གི་མིང་།
Management Information System
བསྡུས་མིང་།
MIS
གྲུབ་ཆ།
EDSདང་། དབྱེ་ཞིབ། ཇུས་ཐག་གཅོད་པ། གཞི་གྲངས་མཛོད།
སྤྱོད་སྒོ།
ཐབས་ཇུས་ཀྱི་རྒྱབ་སྐྱོར།
1 རྒྱུད་ཁོངས་ངོ་སྤྲོད་མདོར་བསྡུས།

དོ་དམ་ཆ་འཕྲིན་མ་ལག་ནི་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བའི་རིག་ཚན་གསར་བ་ཞིག་ཡིན། MISཡི་མཚན་ཉིད་ནི་རྩིས་འཁོར་ལག་རྩལ་དང་བརྡ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་དང་བསྟུན་ནས་མུ་མཐུད་དུ་གསར་སྒྱུར་བྱེད་བཞིན་ཡོད། དེང་གི་དུས་འདིར་ཡོངས་ཁྱབ་ཏུ་དོ་དམ་ཆ་འཕྲིན་རྒྱུད་ཁོངསMISནི་མི་དང་རྩིས་འཁོར་སྒྲིག་ཆས་སམ་ཡང་ན་ཆ་འཕྲིན་ཐག་གཅོད་བྱེད་ཐབས་གཞན་པ་དང་། དོ་དམ་ཆ་འཕྲིན་ལ་བཀོལ་བའི་མ་ལག་ཅིག་ཡིན་པར་འདོད།

2 བྱུང་བའི་རྒྱབ་ལྗོངས།

དུས་རབས20པར་གོ་ལ་ཧྲིལ་པོའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་དཔལ་འབྱོར་རིག་པའི་མཁས་ཅན་མང་པོ་ཞིག་གིས་དོ་དམ་གྱི་རིགས་པའི་གཞུང་ལུགས་གསར་པ་བཏོན་ཡོད། དུས་རབས20པའི་ལོ་རབས50པར། ཞི་མེང་གིས་དོ་དམ་བྱེད་རྒྱུ་དེ་ཆ་འཕྲིན་དང་ཐབས་ཇུས་ལ་བརྟེན་དགོས་པའི་བསམ་བློ་བཏོན།

སྤྱི་ལོ1970ལོར། Walter T.Kennevnཡིས་གསར་དུ་བྱུང་བའི་དོ་དམ་ཆ་འཕྲིན་མ་ལག་ལ་མཚན་ཉིད་ཅིག་བཞག་ཡོད་དེ།“ངག་ཐོག་གམ་ཡིག་ཐོག་གི་རྣམ་པས་འོས་འཚམ་གྱི་དུས་ཚོད་ནང་སྤྱི་གཉེར་དང་ལས་མི། ཕྱི་ཕྱོགས་མི་སྣ་བཅས་ལ་འདས་ཟིན་པ་དང་ད་ལྟ་བ། མ་འོངས་སྔོན་དཔག་གི་འབྲེལ་ཡོད་ཁེ་ལས་ནང་ཁུལ་དང་ཁོར་ཡུག་གི་ཆ་འཕྲིན་འདོན་སྤྲོད་བྱས་ཏེ། ཁོ་ཚོར་ཇུས་ཐག་གཅོད་པར་རོགས་རམ་བྱེད་པ་ཞིག་ཡིན” མཚན་ཉིད་འདིའི་ནང་དུ་ཆ་འཕྲིན་གྱིས་ཐབས་ཇུས་ལ་རྒྱབ་སྐྱོར་བྱེད་པར་ནན་བཤད་བྱས་ཡོད་མོད། འོན་ཀྱང་ཉེར་སྤྱོད་དཔེ་དབྱིབས་ནན་བཤད་བྱས་མེད་པ་དང་། རྩིས་འཁོར་བཀོལ་སྤྱོད་ཀྱི་སྐོར་བཀོད་མེད། 

སྤྱི་ལོ1985ལོར་དོ་དམ་ཆ་འཕྲིན་མ་ལག་གསར་གཏོད་བྱེད་མཁན་མིན་ཉི་སུའུ་ཏ་སློབ་ཆེན་གྱི་དོ་དམ་རིག་པའི་དགེ་རྒན་ཆེ་མོ་བGordon B.Davisཡིས་དོ་དམ་ཆ་འཕྲིན་མ་ལག་ལ་ཅུང་ཆ་ཚང་བའི་མཚན་ཉིད་བཞག་པ་སྟེ།“དོ་དམ་ཆ་འཕྲིན་མ་ལག་ནི་རྩིས་འཁོར་གྱི་མཉེན་ཆས་ཐོན་ཁུངས་བེད་སྤྱད་ནས་ལག་ཤེས་ལས་ཀ་བྱེད་པ་དང་། དབྱེ་ཞིབ་དང་། འཆར་གཞི། ཚོད་འཛིན། ཐབས་ཇུས་དཔེ་དབྱིབས་བཅས་དང་དེ་བཞིན་གྲངས་གཞིའི་མཛོད་ཀྱི་མི་དང་འཕྲུལ་འཁོར་གྱི་མ་ལག་ཅིག་ཡིན།

3 རྒྱུད་ཁོངས་ཀྱི་བྱེད་ནུས།

1.དོ་དམ་ཆ་འཕྲིན་ནི་ཐོན་ཁུངས་གལ་ཆེན་ཞིག་ཡིན།

ཁེ་ལས་ཀྱི་ངོས་ནས་བརྗོད་ན། མི་དང་། དངོས་ཟོག ནུས་ཁུངས། མ་དངུལ། ཆ་འཕྲིན་བཅས་ནི་ཐོན་ཁུངས་གལ་ཆེན་ཆེ་གྲས5ཡིན། མི་དང་། དངོས་རྫས། ནུས་ཁུངས། མ་དངུལ་བཅས་ཚང་མ་ནི་མཐོང་རྒྱུ་ཡོད་པའི་མངོན་ཡོད་ཐོན་ཁུངས་ཡིན་ཞིང་། ཆ་འཕྲིན་ནི་གཟུགས་མེད་ཀྱི་ཐོན་ཁུངས་ཤིག་ཡིན།

2.དོ་དམ་ཆ་འཕྲིན་ནི་ཇུས་ཐག་གཅོད་པའི་རྨང་གཞི་ཡིན།

ཇུས་ཐག་གཅོད་པ་ནི་ཕྱི་རོལ་ཡུལ་གྱི་གནས་ཚུལ་དང་། ཁེ་ལས་ཀྱི་ཕྱི་རོལ་གནས་ཚུལ། ཁེ་ལས་ནང་ཁུལ་གྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས་པར་བརྟེན་ན་ད་གཟོད་བརྡར་ཤ་ཡང་དག་གཅོད་ཐུབ་པ་དང་ཇུས་ཐག་ཡང་དག་གཅོད་ཐུབ་པ་ཡིན།

3.དོ་དམ་ཆ་འཕྲིན་ནི་དོ་དམ་ཚོད་འཛིན་གྱི་གཞི་འཛིན་ས་ཡིན།

དོ་དམ་ཚོད་འཛིན་གྱི་ཁྲོད་དུ། ཆ་འཕྲིན་གྱིས་ཐོན་སྐྱེད་གོ་རིམ་དང་ཞབས་ཞུའི་གོ་རིམ་ཡོངས་ཀྱི་འཁོར་སྐྱོད་ལ་ཚོད་འཛིན་བྱེད་པ་དང་། ཆ་འཕྲིན་ལྡོག་འདྲེན་ལ་བརྟེན་ནས་སྔར་ཡོད་ཀྱི་འཆར་གཞི་རྒྱུན་ཆད་མེད་པར་དག་བཅོས་བྱས་ཏེ། ཆ་འཕྲིན་ལ་བརྟེན་ནས་དོ་དམ་དང་ཚོད་འཛིན་བྱ་དགོས།

4.དོ་དམ་གྱི་ཆ་འཕྲིན་ནི་སྒྲིག་འཛུགས་ཕྱི་ནང་གི་འབྲེལ་ཐག་ལྟ་བུ་ཡིན།

ཁེ་ལས་དང་ཕྱི་རོལ་དབར་གྱི་འབྲེལ་བ་དང་ཁེ་ལས་ནང་ཁུལ་གྱི་འགན་ནུས་སྡེ་ཚན་ཁག་དབར་གྱི་འབྲེལ་བ་ཡང་ཆ་འཕྲིན་བརྒྱུད་ཕན་ཚུན་འབྲེལ་མཐུད་བྱེད་ཀྱིན་ཡོད། དེར་བརྟེན་སྡེ་ཚན་ཁག་བར་གྱི་འབྲེལ་བ་མཐུན་སྦྱོར་བྱས་ཏེ་ཁེ་ལས་ཡོངས་ནས་མཐུན་སྦྱོར་ངང་ལས་ཀ་བྱེད་ཐུབ་པར་ཆ་འཕྲིན་ལ་བརྟེན་དགོས།

དཔྱད་གཞིའི་ཡིག་ཆ།