པིན་ཧྲུའུ་ཡིའུ།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 09:15ལ་འགྲུབ།

པིན་ཧྲུའུ་ཡིའུ།

པིན་ཧྲུའུ་ཡིའུ།
ཁོང་ནི་སྤྱི་ལོ1942ལོའི་ཟླ1པོའི་ཚེས27ཉིན་འཇར་པན་གྱི་ཅིང་ཏུའུ་ཧྥུ་ཅིན་ཏུའུ་གྲོང་ཁྱེར་དུ་སྐྱེས་ཤིང་། ཅིང་ཏུའུ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་རིམས་འགོག་རིག་པ་བ་ཡིན། སྤྱི་ལོ2018ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་དང་། ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཕྱི་ཁོངས་ཡོན་ཧྲི། འཇར་པན་གྱི་ཤེས་རམས་པའི་སློབ་གླིང་གི་ཁོངས་མི་བཅས་ཡིན་པ་རེད། ད་ལྟ་ཅིང་ཏུའུ་སློབ་ཆེན་མཐོ་རིམ་ཞིབ་འཇུག་ཁང་གི་དམིགས་བསལ་དགེ་རྒན་ཆེ་མོ་བ་དང་། ཅིང་ཀང་རྫོང་གཞུང་བཙུགས་སློབ་ཆེན་གྱི་ཁྲིམས་མིའི་ལས་འཛིན་དཔོན་དང་། རིག་གནས་ཀྱི་བྱས་རྗེས་འཇོག་མཁན་བཅས་ཡིན། ཀྲན་མུའུ་སི་ཨའེ་ལུ་སེན་དང་མཉམ་དུ“ལྡོག་གཤིས་ཀྱི་རིམས་འགོག་སྙོམས་སྒྲིག་དང་སྐྲན་ནད་སྨན་བཅོས་ཐད་ཀྱི་ལེགས་སྐྱེས་ཤེས་རྟོགས་བྱུང་པར”གཟེངས་བསྟོད་བྱས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
本庶佑
ཕྱི་ཡིག་གི་མིང་།
Tasuku Honjo
མཚན་ཧྲིལ་བོ།
པིན་ཧྲུའུ་ཡིའུ།
རྒྱལ་ཁབ།
འཇར་པན།
འཁྲུངས་ཡུལ།
ཅིང་ཏུའུ་ཧྥུ་ཅིན་ཏུའུ་གྲོང་ཁྱེར།
འཁྲུངས་ལོ།
སྤྱི་ལོ1942ལོའི་ཟླ1པོའི་ཚེས27ཉིན།
མཐར་ཕྱིན་སློབ་གྲྭ།
ཅིན་ཏུའུ་སློབ་ཆེན།
བསླབ་གནས།
འབུམ་རམས་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ2018ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ​ངོ་སྤྲོད་མདོར་བསྡུས།

ཁོང་ནི་སྤྱི་ལོ1942ལོའི་ཟླ1པོའི་ཚེས27ཉིན་འཇར་པན་གྱི་ཅིང་ཏུའུ་ཧྥུ་ཅིན་ཏུའུ་གྲོང་ཁྱེར་དུ་སྐྱེས་ཤིང་། ཅིང་ཏུའུ་སློབ་ཆེན་ནས་སློབ་མཐར་ཕྱིན་པ་དང་རིམས་འགོག་རིག་པ་བ་ཡིན།  སྤྱི་ལོ2018ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་མཁན་དང་། ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཕྱི་ཁོངས་ཡོན་ཧྲི། འཇར་པན་གྱི་ཤེས་རམས་པའི་སློབ་གླིང་གི་ཁོངས་མི་བཅས་ཡིན་པ་རེད། ད་ལྟ་ཅིང་ཏུའུ་སློབ་ཆེན་མཐོ་རིམ་ཞིབ་འཇུག་ཁང་གི་དམིགས་བསལ་དགེ་རྒན་ཆེ་མོ་བ་དང་། ཅིང་ཀང་རྫོང་གཞུང་བཙུགས་སློབ་ཆེན་གྱི་ཁྲིམས་མིའི་ལས་འཛིན་དཔོན་དང་། རིག་གནས་ཀྱི་བྱས་རྗེས་འཇོག་མཁན་བཅས་ཡིན།     ཀྲན་མུའུ་སི་ཨའེ་ལུ་སེན་དང་མཉམ་དུ“ལྡོག་གཤིས་ཀྱི་རིམས་འགོག་སྙོམས་སྒྲིག་དང་སྐྲན་ནད་སྨན་བཅོས་ཐད་ཀྱི་ལེགས་སྐྱེས་ཤེས་རྟོགས་བྱུང་པར”གཟེངས་བསྟོད་བྱས་པ་རེད།   

2 མི་ཚེའི་བརྒྱུད་རིམ། 

སྤྱི་ལོ1971ལོ་ནས་སྤྱི་ལོ1973ལོའི་བར་ཨ་རིའི་ཁ་ནེ་ཅི་ཞིབ་འཇུག་སུའོ་ཡི་སྦྲུམ་རྟེན་རིག་པའི་སྡེ་ཚན་གྱི་ཞིབ་འཇུག་པའི་འགན་བཞེས། 

སྤྱི་ལོ1973ལོ་ནས་སྤྱི་ལོ1974ལོའི་བར་ཨ་རིའིNIH(NICHDཆ་རྡུལ་རྒྱུད་འཛིན་ཞིབ་འཇུག་ཁང)གི་གདན་ཞུའི་ཞིབ་འཇུག་པའི་འགན་བཞེས།

སྤྱི་ལོ1974ལོ་ནས་སྤྱི་ལོ1979ལོ་བར་ཏུང་ཅིང་སློབ་ཆེན་གསོ་རིག་པུའུ་ཡི་ལས་རོགས་དགེ་རྒན་ཆེན་མོ་བའི་འགན་བཞེས།(འཚོ་བཅུད་རིག་པའི་ཞིབ་འཇུག་ཁང) 

སྤྱི་ལོ1979ལོ་ནས་སྤྱི་ལོ1984ལོའི་བར་ཏ་པན་སློབ་ཆེན་གསོ་རིག་པུའུ་ཡི་དགེ་རྒན་ཆེན་མོ་བའི་འགན་བཞེས། (རྒྱུད་འཛིན་རིག་པའི་ཞིབ་འཇུག་ཁང) 

སྤྱི་ལོ1984ལོ་ནས་སྤྱི་ལོ2005ལོའི་བར་ཅིང་ཏུའུ་སློབ་ཆེན་གསོ་རིག་པུའུ་ཡི་དགེ་རྒན་ཆེན་མོ་བའི་འགན་བཞེས། (གསོ་རིག་རྫས་འགྱུར་ཞིབ་འཇུག་ཁང)

སྤྱི་ལོ1996ལོ་ནས་སྤྱི་ལོ2000ལོ་བར་སྤྱི་ལོ2002ལོ་ནས་སྤྱི་ལོ2004ལོའི་བར་ཅིང་ཏུའུ་སློབ་ཆེན་སློབ་གླིང་གི་གསོ་རིག་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2004ལོ་ནས་སྤྱི་ལོ2006ལོའི་བར་འཇར་པན་རིག་གཞུང་དར་རྒྱས་ཚོགས་པའི་རིག་གཞུང་མ་ལག་ཞིབ་འཇུག་ལྟེ་གནས་ཀྱི་སུའོ་ཀྲང་གི་འགན་བཞེས།

སྤྱི་ལོ2006ལོ་ནས་སྤྱི་ལོ2012ལོའི་བར་ནེ་ཀོ་ཕུའུ་ཕྱོགས་བསྡུས་ཚན་རིག་ལག་རྩལ་ཚོགས་འདུའི་གྲོས་མི་ཡིན།

སྤྱི་ལོ2005ལོ་ནས་ད་བར་ཅིང་ཏུའུ་སློབ་ཆེན་སློབ་གླིང་ཆེན་མོའི་གསོ་རིག་ཞིབ་འཇུག་ཁོའོ་ཡི་འཆད་ཁྲིད་དགེ་རྒན་ཆེ་མོའི་འགན་བཞེས། (རིམས་འགོག་གཞི་རྒྱུའི་གསོ་རིག་འཆད་ཁྲིད) 

3 གཟི་བརྗིད་མཚན་སྙན། 

སྤྱི་ལོ2000ལོར་འཇར་པན་རིག་གནས་ལ་བྱས་རྗེས་འཇོག་མཁན་ཞེས་པའི་མཚན་སྙན་གནང་། 

སྤྱི་ལོ2001ལོར་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་རྒྱལ་ཁོངས་ཕྱིའི་ཡོན་ཧྲིའི་མཚན་སྙན་གནང་།  

སྤྱི་ལོ2003ལོར་འཇར་མན་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི་གནང་། 

སྤྱི་ལོ2005ལོར་འཇར་པན་གྱི་ཤེས་རམས་པའི་སློབ་གླིང་གི་ཚོགས་པའི་ཁོངས་མི་རུ་གྱུར།

སྤྱི་ལོ2013ལོའི་རིག་གནས་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

པིན་ཧྲུའུ་ཡིའུ། ལུས་ཁམས་རིག་པ།