ལུའོ་སི་པཱ་ཧྲེན།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-13 09:31ལ་འགྲུབ།

ལུའོ་སི་པཱ་ཧྲེན།

ལུའོ་སི་པཱ་ཧྲེན།
ཁོང་ནི་སྤྱི་ལོ1944ལོའི་ཟླ3པའི་ཚེས7ཉིན་ཨ་རིའི་སྨི་སུའུ་ལི་ཁུལ་ཁན་ས་སི་གྲོང་ཁྱེར་དུ་སྐྱེས་ཤིང་། ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི་ཡིན། ད་ལྟ་ཨ་རིའི་པུའུ་ལན་ཏའེ་སི་སློབ་ཆེན་གྱི་སྐྱེ་དངོས་རིག་པའི་དགེ་རྒན་ཆེན་མོ་དང་ཧོ་ཧྭ་ཏེ་ཞིའུ་སི་གསོ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡིན། ལུས་ཁམས་མཚམས་ཚིགས་ཚོད་འཛིན་བྱེད་པའི་ཆ་རྡུལ་ལམ་སྲོལ་ཤེས་རྟོགས་བྱུང་པས་སྤྱི་ལོ2017ལོའི་ཟླ10པའི་ཚེས2ཉིན་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
迈克尔·罗斯巴殊
ཕྱི་ཡིག་གི་མིང་།
Michael Rosbash
མཚན་ཧྲིལ་བོ།
མའེ་ཁུ་ཨེར·ལུའོ་སི་པཱ་ཧྲེན།
རྒྱལ་ཁབ།
ཨ་མེ་རི་ཁ།
འཁྲུངས་ཡུལ།
ཨ་རིའི་སྨི་སུའུ་ལི་ཁུལ་ཁན་ས་སི་གྲོང་ཁྱེར།
འཁྲུངས་ལོ།
སྤྱི་ལོ1944ལོའི་ཟླ3པའི་ཚེས7ཉིན།
མཐར་ཕྱིན་སློབ་གྲྭ།
མ་ཧྲིན་རང་བྱུང་ཚན་རིག་སློབ་གླིང་།
གྲུབ་འབྲས་གཙོ་བོ།
ལུས་ཁམས་མཚམས་ཚིགས་ཚོད་འཛིན་བྱེད་པའི་ཆ་རྡུལ་ལམ་སྲོལ་ཤེས་རྟོགས་བྱུང་པ།
1 ངོ་སྤྲོད།

སྤྱི་ལོ1970ལོར་མ་ཧྲེང་རང་བྱུང་ཚན་རིག་དང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་སྐྱེ་དངོས་དངོས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་ཐོབ།  སྤྱི་ལོ1972ལོ་ནས་སྤྱི་ལོ1974ལོའི་བར་དབྱིན་ཇིའི་ཨའེ་ཏིང་པའོ་སློབ་ཆེན་གྱི་སྲོག་ཆགས་རྒྱུད་འཛིན་ཞིབ་འཇུག་ཁང་དུ་འབུམ་རམས་པའི་ཞིབ་འཇུག་གི་ཕྱག་ལས་གནང་། དེ་རྗེས་ཁོང་གིས་པུའུ་ལན་ཏའེ་སི་སློབ་ཆེན་གྱི་སྐྱེ་དངོས་རིག་པའི་ཚན་ཁག་ཏུ་དགེ་རྒན་གནང་བ་དང་། སྤྱི་ལོ1973ལོ་ནས་སྤྱི་ལོ1980ལོའི་བར་ལས་རོགས་དགེ་རྒན་ཆེ་མོ་དང་། སྤྱི་ལོ1980ལོ་ནས་སྤྱི་ལོ1986ལོའི་བར་དགེ་རྒན་ཆེན་མོ་གཞོན་པ། སྤྱི་ལོ1986ལོ་ནས་བཟུང་དགེ་རྒན་ཆེན་མོ་བ་བཅས་གནང་བ་མ་ཟད། སྤྱི་ལོ2012ལོར་པི་ཏེ•ཀེ་ལུའུ་པོ་དབང་རྩའི་ཚན་རིག་འཆད་ཁྲིད་བསླབ་གནསPeter Gruber Endowed Chairཐོབ་པ་རེད།   

2 གཟི་བརྗིད་མཚན་སྙན། 

སྤྱི་ལོ2017ལོའི་ཟླ10པའི་ཚེས2ཉིན་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། ཅེ་ཕུའུ་ལི•ཧོའར་དང་། མའེ་ཁུ་ཨེར•ལུའོ་སི་པཱ་ཧྲེན། མའེ་ཁུ་ཨེར•དབྱང་བཅས་ལ་མཉམ་དུ་བྱ་དགའ་ཐོབ་ནས་ཁོང་ཚོའི“ལུས་ཁམས་མཚམས་ཚིགས་ཚོད་འཛིན་བྱེད་པའི་ཆ་རྡུལ་ལམ་སྲོལ་ཤེས་རྟོགས་བྱུང་པས”གཟེངས་བསྟོད་བྱས་པ་རེད།      


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུའོ་སི་པཱ་ཧྲེན། ལུས་ཁམས་རིག་པ།