ཁའེ་ལིན།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-13 09:31ལ་འགྲུབ།

ཁའེ་ལིན།

ཁའེ་ལིན།
ཁོང་ནི་སྤྱི་ལོ1957ལོའི་ཟླ11པའི་ཚེས23ཉིན་ཨ་རིའི་ཉིའུ་ཡུའེ་ནས་སྐྱེས་ཤིང་། ཨ་རིའི་གསོ་རིག་མཁས་ཅན་དང་། ཧ་ཧྥོ་སློབ་ཆེན་གྱི་གསོ་རིག་དགེ་རྒན་ཆེན་མོའི་འགན་བཞེས་ཡོད། p53སོགས་འབྲས་སྐྲན་འགོག་པའི་གཞི་རྒྱུ་ཡིས་འབྲས་སྐྲན་འཕེལ་རྒྱས་ཁྲོད་དུ་ནུས་པ་འདོན་པར་ཞིབ་འཇུག་བྱེད་པར་འབད་བརྩོན་བྱེད་མུས་སུ་མཆིས། སྤྱི་ལོ2019ལོའི་ཟླ10པའི་ཚེས7ཉིན། སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
威廉·凯林
ཕྱི་ཡིག་གི་མིང་།
William G. Kaelin Jr
མཚན་ཧྲིལ་བོ།
ཝེ་ལེན·ཁའེ་ལིན།
རྒྱལ་ཁབ།
ཨ་རི།
འཁྲུངས་ཡུལ།
ཨ་རིའི་ཉིའུ་ཡུའེ།
འཁྲུངས་ལོ།
སྤྱི་ལོ1957ལོའི་ཟླ11པའི་ཚེས23ཉིན།
མཐར་ཕྱིན་སློབ་གྲྭ།
ཏུའུ་ཁེ་སློབ་ཆེན།
གྲུབ་འབྲས་གཙོ་བོ།
སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1957ལོའི་ཟླ11པའི་ཚེས23ཉིན་ཨ་རིའི་ཉིའུ་ཡུའེ་ནས་སྐྱེས་ཤིང་། ཨ་རིའི་གསོ་རིག་མཁས་ཅན་དང་། ཧ་ཧྥོ་སློབ་ཆེན་གྱི་གསོ་རིག་དགེ་རྒན་ཆེན་མོའི་འགན་བཞེས་ཡོད།  p53སོགས་འབྲས་སྐྲན་འགོག་པའི་གཞི་རྒྱུ་ཡིས་འབྲས་སྐྲན་འཕེལ་རྒྱས་ཁྲོད་དུ་ནུས་པ་འདོན་པར་ཞིབ་འཇུག་བྱེད་པར་འབད་བརྩོན་བྱེད་མུས་སུ་མཆིས། 

སྤྱི་ལོ2019ལོའི་ཟླ10པའི་ཚེས7ཉིན། སྤྱི་ལོ2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།

2 མི་ཚེའི་བརྒྱུད་རིམ། 

སྤྱི་ལོ1979ལོར་ཏུའུ་ཁེ་སློབ་ཆེན་གྱི་རྫས་འགྱུར་ཤེས་རམས་པའི་བསླབ་གནས་ཐོབ།

སྤྱི་ལོ1982ལོར་ཏུའུ་ཁེ་སློབ་ཆེན་གྱི་གསོ་རིག་འབུམ་རམས་པའི་བསླབ་གནས་ཐོབ་པ་དང་སློབ་གྲྭ་ཐོན་རྗེས་ཡུའེ་ཧན་ཧོ་ཕུའུ་ཅིན་སི་སྨན་ཁང་དུ་དངོས་སྦྱོང་བྱེད་པར་བསྐྱོད་པ་དང་དེ་རྗེས་ཏན་ན-ཧྥ་པེར་སྐྲན་ནད་ཞིབ་འཇུག་སུའོ་རུ་བསྒྱུར། 

སྤྱི་ལོ1992ལོར་ཝེ་ལེན•ཁའེ་ལིན་ལ་རང་ཉིད་ཀྱི་ཚོད་ལྟ་ཁང་ཞིག་ཡོད།

སྤྱི་ལོ1998ལོར་ཧོ་ཧྭ་ཏེ•ཞིའུ་སི་གསོ་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་བྱས།  

ཝེ་ལན•ཁའེ་ལིན་གྱིས་དུས་ཡུན་རིང་པོར་འབྲས་སྐྲན་ཚོད་འཛིན་སྤྲི་དཀར་དང་འབྲེལ་བ་ཡོད་པའི་སྐྲན་ནད་འགོག་པའི་བཅོས་ཐབས་གསར་པར་ཞིབ་འཇུག་བྱེད་པར་གཞོལ་བ་དང་། Von Hippel-Lindau(VHL)སྤྲི་དཀར་ཐད་ཀྱི་ཞིབ་འཇུག་གྲུབ་འབྲས་ཀྱིས་མཁལ་མའི་འབྲས་སྐྲན་གྱིVEGFའགོག་སྨན་གསར་སྤེལ་བྱེད་པར་རྨང་གཞི་བཏིང་ཡོད། མིག་སྔར་མཁལ་མའི་འབྲས་སྐྲན་སྨན་བཅོས་བྱེད་པའི་VEGFཚོད་འགོག་སྨན་རྫས་མང་པོ་ཁྲོམ་རར་བཏོན་ཡོད་པ་རེད།  

3 གཟི་བརྗིད་མཚན་སྙན། 

སྤྱི་ལོ2010ལོར་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པ་དང་འབྲེལ་ཁ་ན་ཏར“ནོ་པེར་ཆུང་གྲས་ཀྱི་བྱ་དགའ”ཞེས་འབོད་པའི་ཀའེ་ཏེ་ན་རྒྱལ་སྤྱིའི་བྱ་དགའ་ཐོབ་ཡོད། 

སྤྱི་ལོ2016ལོར་ལ་སི་ཁེའི་རྨང་གཞིའི་གསོ་རིག་ཞིབ་འཇུག་བྱ་དགའ་ཐོབ་ཡོད།  

སྤྱི་ལོ2019ལོའི་ཟླ10པའི་ཚེས7ཉིན། 2019ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཡོངས་བསྒྲགས་བྱས་པ་དང་། ཨ་རིའི་གསོ་རིག་མཁས་ཅན་ཝུའེ་ལན•ཁའེ་ལིན་དང་། ཀེ་ལེ་ཀེ•སའེ་མོན་ཀྲ་དང་དེ་བཞིན་དབྱིན་ཇིའི་གསོ་རིག་མཁས་ཅན་པི་ཏེ•ལ་ཐེ་ཁེ་ལི་ཕུའུ་ལ་བྱ་དགའ་དེ་ཐོབ་ནས་ཁོང་ཚོས་གསར་བརྗེའི་རང་བཞིན་ལྡན་པའི་སྒོ་ནས་ཕྲ་ཕུང་གི་ཆུ་ཚད་ཐོག་གསོ་རླུང་མྱོང་ཚོར་བྱེད་པའི་གཞི་རྩའི་རྩ་བའི་རིགས་པ་ཤེས་རྟོགས་ཐུབ་པར་གཟེངས་བསྟོད་བྱས་པ་རེད།       


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ལུས་ཁམས་རིག་པ། ཝེ་ལེན·ཁའེ་ལིན།