ཨའེ་ལུ་སེན།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-13 09:40ལ་འགྲུབ།

ཨའེ་ལུ་སེན།

ཨའེ་ལུ་སེན།
ཁོང་ནི་སྤྱི་ལོ1948ལོའི་ཟླ8པའི་ཚེས7ཉིན་ཏེ་ཁེ་ས་སི་དུ་སྐྱེས་ཤིང་། ཨ་རིའི་སྐད་གྲགས་ཆེ་བའི་རིམས་འགོག་རིག་པའི་མཁས་ཅན་ཞིག་ཡིན། ད་ལྟ་ཨ་རིའི་ཏེ་ཁེ་ས་སི་སློབ་ཆེན་ཨན་ཏེ་སེན(M . D. Anderson)འབྲས་སྐྲན་ལྟེ་གནས་ཀྱི་རིམས་འགོག་རིག་པའི་དགེ་རྒན་ཆེ་མོ་བ་དང་ཚན་ཁག་གི་ཀྲུའུ་རེན་དང་རིམས་འགོག་སྨན་བཅོས་ལས་སྟེགས་ཀྱི་ལག་བསྟར་ཀྲུའུ་རེན། ཨ་རིའི་འབྲས་སྐྲན་ཞིབ་འཇུག་སུའོ(Cancer Research Institute,CRI)ཚན་རིག་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་འཁུར་ཡོད། སྤྱི་ལོ2018ལོའི་ཟླ10པའི་ཚེས1ཉིན། “ལྡོག་གཤིས་ཀྱི་རིམས་འགོག་སྙོམས་སྒྲིག་དང་སྐྲན་ནད་སྨན་བཅོས་ཐད་ཀྱི་ལེགས་སྐྱེས་ཤེས་རྟོགས་བྱུང་པས” པེན་ཧྲུའུ་ཡིའུ་དང་མཉམ་དུ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
詹姆斯·艾利森
ཕྱི་ཡིག་གི་མིང་།
James P. Allison
མཚན་ཧྲིལ་བོ།
ཀྲན་མུའུ་སི ·ཨའེ་ལུ་སེན།
རྒྱལ་ཁབ།
ཨ་རི།
འཁྲུངས་ཡུལ།
ཏེ་ཁེ་ས་སི
འཁྲུངས་ལོ།
སྤྱི་ལོ1948ལོའི་ཟླ8པའི་ཚེས7ཉིན།
མཐར་ཕྱིན་སློབ་གྲྭ།
ཏེ་ཀྲོའུ་སློབ་ཆེན་གྱི་ཨའོ་སི་ཐིང་ཡན་ལག་སློབ་གྲྭ།
གྲུབ་འབྲས་གཙོ་བོ།
ཚེ་སྲོག་ཚན་རིག་གི་ཚད་བརྒལ་བྱ་དགའ་ཐོབ།(སྤྱི་ལོ2014)ཀའེ་ཏེ་ན་རྒྱལ་སྤྱིའི་བྱ་དགའ་ཐོབ།(སྤྱི་ལོ2014)
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1948ལོའི་ཟླ8པའི་ཚེས7ཉིན་ཏེ་ཁེ་ས་སི་དུ་སྐྱེས་ཤིང་། ཨ་རིའི་སྐད་གྲགས་ཆེ་བའི་རིམས་འགོག་རིག་པའི་མཁས་ཅན་ཞིག་ཡིན། ད་ལྟ་ཨ་རིའི་ཏེ་ཁེ་ས་སི་སློབ་ཆེན་ཨན་ཏེ་སེན(M . D. Anderson)འབྲས་སྐྲན་ལྟེ་གནས་ཀྱི་རིམས་འགོག་རིག་པའི་དགེ་རྒན་ཆེ་མོ་བ་དང་ཚན་ཁག་གི་ཀྲུའུ་རེན་དང་རིམས་འགོག་སྨན་བཅོས་ལས་སྟེགས་ཀྱི་ལག་བསྟར་ཀྲུའུ་རེན། ཨ་རིའི་འབྲས་སྐྲན་ཞིབ་འཇུག་སུའོ(Cancer Research Institute,CRI)ཚན་རིག་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཀྱི་འགན་འཁུར་ཡོད།      

སྤྱི་ལོ2018ལོའི་ཟླ10པའི་ཚེས1ཉིན། “ལྡོག་གཤིས་ཀྱི་རིམས་འགོག་སྙོམས་སྒྲིག་དང་སྐྲན་ནད་སྨན་བཅོས་ཐད་ཀྱི་ལེགས་སྐྱེས་ཤེས་རྟོགས་བྱུང་པས” པེན་ཧྲུའུ་ཡིའུ་དང་མཉམ་དུ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། 

2 མི་ཚེའི་བརྒྱུད་རིམ།

འབུམ་རམས་པ་ཨའེ་ལུ་སེན་ནི་སྤྱི་ལོ1948ལོའི་ཟླ8པའི་ཚེས7ཉིན་སྐྱེས་ཤིང་། སྤུན་གསུམ་ནང་གི་ལོ་ན་གཞོན་ཤོས་དེ་རེད། ཁོང་ལོ་བཅུ་གཅིག་ལ་སླེབས་སྐབས་ཨ་མ་རྨེན་བུའི་སྐྲན་ནད་ཀྱིས་ཚེ་ལས་འདས་པ་དང་། ཁོང་གི་སྤུན་ཟླ་སྤྱི་ལོ2005ལོར་མདུན་ཆགས་འབྲས་སྐྲན་གྱིས་ཤི་བ་རེད། ལོ་རིམ་བརྒྱད་པའི་རྩིས་རིག་དགེ་རྒན་གྱི་སྐུལ་མའི་འོག་ཁོང་གིས་ཚན་རིག་བྱ་གཞག་དེ་རང་ཉིད་ཀྱི་ཚེ་གང་གི་དོན་གཉེར་ལ་བརྩིས་ནས། སྤྱི་ལོ1969ལོར་ཏེ་ཁེ་ས་སི་སློབ་ཆེན་གྱི་ཨའོ་སི་ཐིང་ཡན་ལག་སློབ་གྲྭ་ནས་སྐྱེ་དངོས་ཕྲ་རབ་ཀྱི་ཤེས་རམས་པའི་བསླབ་གནས་ཐོབ་པ་དང་། སྐབས་དེར་ཁོང་ནི་གཅེན་པོDelta Kappa Epsilonཡི་གཅུང་པོ་ཚོགས་པའི་ཁོངས་མི་ཡིན། ལོ་བཞིའི་རྗེས་ཏེ་སྤྱི་ལོ1973ལོར་ཁོང་ལ་སློབ་གྲྭ་དེར་སྐྱེ་དངོས་ཚན་རིག་གི་འབུམ་རམས་པའི་བསླབ་གནས་ཐོབ་པ་དང་སློབ་དཔོན་དགེ་རྒན་ཆེ་མོG. Barrie Kittoརེད། 

སྤྱི་ལོ1985ལོར་ཀྲན་མུའུ་སི་ཅ་ཀྲོའུ་སློབ་ཆེན་པོ་ཁེ་ལི་ཡན་ལག་སློབ་གྲྭUC Berkeleyཡི་རིམས་འགོག་རིག་པའི་དགེ་རྒན་ཆེ་མོ་བ་དང་འབྲས་སྐྲན་ཞིབ་འཇུག་ཚོད་ལྟ་ཁང་གི་ཀྲུའུ་རེན་ལ་བསྐོ་གཞག་བྱས་པ་དང་འབྲེལ་ནོ་པེར་བྱ་དགའི་གྲུབ་འབྲས་ཀྱང་ཐོབ་ཡོད། སྤྱི་ལོ2004ལོར་ཁོང་གིས་ཉིའུ་ཡུའེ་གྲོང་ཁྱེར་དྲན་གསོ་བྱེད་པའི་སི་ལུང་ཁའེ་ཐེ་ལིན་འབྲས་སྐྲན་ལྟེ་གནསMSKCCལ་སྤོས་ནས་སློབ་གྲྭ་དེའི་ལུའུ་ཏེ་ཝེ་ཞིའི་འབྲས་སྐྲན་རིམས་འགོག་སྨན་བཅོས་ལྟེ་གནས་ཀྱི་ཀྲུའུ་རེན་དང་། རིམས་འགོག་རིག་པའི་རྣམ་གྲངས་ཀྱི་ཀྲུའུ་ཞི། རིམས་འགོག་རིག་པའི་ཞིབ་འཇུག་གི་ཀྲུའུ་ཞིKochབཅས་ཀྱི་འགན་བཞེས། ཁོང་ནི་ཧོ་ཧྭ་ཏེ་ཤིའུ་སི་གསོ་རིག་ཞིབ་འཇུག་སུའོHHMIཡི་ཞིབ་འཇུག་པ་ཡིན་པ་དང་། སྤྱི་ལོ2012ལོར་སླེབས་སྐབས། སྤྱི་ལོ2012ལོར་ཏེ་ཁེ་ས་སི་ཀྲོའུ་བཙུགས་སློབ་ཆེན་གྱི་M.D.Andersonའབྲས་སྐྲན་ལྟེ་གནས་སུ་ཞུགས། སྤྱི་ལོ2012ལོ་ནས་བཟུང་ཁོང་གིས་M.D. Andersonཡི་རིམས་འགོག་རིག་པའི་ཚན་ཁག་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད། ཁོང་ནི་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲི་དང་སྨན་རྫས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དང་། ཨ་རིའི་སྐྱེ་དངོས་ཕྲ་རབ་སློབ་ཚོགས་དང་ཨ་རིའི་ཚན་རིག་སྐུལ་སྤེལ་ཚོགས་པའི་ཚོགས་མི་དང་འབྲས་སྐྲན་ཞིབ་འཇུག་ཁང་གི་ཚན་རིག་བློ་འདྲི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན། དེ་སྔོན་ཁོང་གིས་ཨ་རིའི་རིམས་འགོག་རིག་པ་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་འཁུར་མྱོང་ཡོད།    

འབུམ་རམས་པ་ཨའེ་ལི་སེན་གྱིས་དུས་རབས20པའི་ལོ་རབས80པའི་དུས་མཇུག་དང་དུས་རབས20པའི་ལོ་རབས90པར་སྔ་རྗེས་སུ་ཏེ་ཁེ་ས་སི་སློབ་ཆེན་ཨན་ཏེ་སེན་འབྲས་སྐྲན་ལྟེ་གནས་དང་ཅ་ཀྲོའུ་སློབ་ཆེན་པོ་ཁེ་ལི་ཡན་ལག་སློབ་གྲྭ་རུTཕྲ་ཕུང་འགྱུར་འབྱུང་ལམ་སྲོལ་གསལ་བཤད་བྱེད་པའི་ཞིབ་འཇུག་བྱས་པ་རེད། དུས་རབས20པའི་ལོ་རབས90པའི་དུས་འགོར་ཁོང་དངJeff Bluestoneཞིབ་འཇུག་བྱས་པ་ལསCTLA-4ཕྲ་ཕུང་འགྱུར་འབྱུང་ཚོད་འཛིན་བྱེད་པའི་ཚོད་འཛིན་ཆ་རྡུལ་དུ་བརྩིས་ཆོག་པ་མཚོན་ཡོད། སྤྱི་ལོ1996ལོར། ཁོས་ཐོག་མར་འགོག་གཟུགས་ཀྱིསTཕྲ་ཕུང་ཚོད་བགག་ཆ་རྡུལ(CTLA-4ཞེས་འབོད)གཅོད་པ་དེས་སྐྲན་ནད་འགོག་པའི་རིམས་འགོག་འགྱུར་འབྱུང་དང་འབྲས་སྐྲན་ཕྱིར་འབུད་བྱེད་པ་ར་སྤྲོད་བྱས། Tཕྲ་ཕུང་འགོག་པའི་ཐབས་ལམ་དེ་རིགས་ནི་འབྲས་སྐྲན་འགོག་པའི་རིམས་འགོག་འགྱུར་འབྱུང་དང་ནད་ཐོག་གི་ཕན་པ་འབྱུང་བའི་ཐབས་ཤེས་ཀྱི་ཐ་སྙད་ཅིག་ཡིན་པའི་ཆ་ནས་འབེན་གཞན་དགTཕྲ་ཕུང་ཚོད་འཛིན་བྱེད་པའི་ཐབས་ལམ་གྱི་སྨན་རྫས་གསར་སྤེལ་བྱེད་པར་རྨང་གཞི་བཏིང་ཡོད། སྨན་རྫས་དེ་དག་ལ“རིམས་ཐར་བརྟག་དཔྱད་གནས་ཀྱི་བཅོས་ཐབས”ཞེས་མཚོན་ཡོད། ལས་དོན་དེས་མཐརipilimumab(Yervoy)ནད་ཐོག་སྨན་བཅོས་གསར་སྤེལ་བྱས་པ་དང་སྨན་རྫས་དེ་སྤྱི་ལོ2011ལོར་སྤོ་སྒྱུར་རང་བཞིན་གྱི་ནག་པོའི་རྒྱུ་སྐྲན་ནད་སྨན་བཅོས་བྱ་ཆོག་པའི་ཆོག་མཆན་སྤྲད་པ་རེད།  

3 གཟི་བརྗིད་མཚན་སྙན།

སྤྱི་ལོ2011ལོརJacob Heskel Gabbayསྐྱེ་དངོས་ལག་རྩལ་དང་གསོ་རིག་བྱ་དགའ་ཐོབ་ནས་ཨ་རིའི་རིམས་འགོག་རིག་པའི་མཁས་ཅན་གྱི་ཚེ་གང་གྲུབ་འབྲས་བྱ་དགའ་ཐོབ། 

སྤྱི་ལོ2013ལོར་ནོ་ཧྭ་ཀུང་སིའི་ནད་ཐོག་སྨན་བཅོས་རིམས་འགོག་རིག་པའི་བྱ་དགའ་ཐོབ།

སྤྱི་ལོ2014ལོར་པེན་ཧྲུའུ་ཡིའུ་དང་མཉམ་དུ་སྐབས་དང་པོའི་ཀྲུང་གོའི་ཐའེ་ཝན་གྱི་ཐང་བྱ་དགའ“སྐྱེ་དངོས་ལག་རྩལ་དང་སྨན་རྫས་བྱ་དགའ”ཐོབ།   

སྤྱི་ལོ2014ལོར་ཀའེ་ཏེ་ན་རྒྱལ་སྤྱིའི་བྱ་དགའ་ཐོབ།

སྤྱི་ལོ2016ལོར་རིག་གནས་དང་ཀུའེ་ཀྲོའུ་ཡི་བྱ་དགའ་ཐོབ་པའི་མིང་ཐོའི་ནང་ཚུད། 

སྤྱི་ལོ2016ལོར་མིའི་རིགས་ཀྱི་སྐྲན་ནད་རིམས་འགོག་སྨན་བཅོས་ཐད་ལེགས་སྐྱེས་ཕུལ་བྱུང་ཕུལ་བར་བརྟེན་སྐབས་དང་པོའི“ཧྥུའུ་ཏན་དང་ཀྲུང་ཀྲི་ཚན་རིག་བྱ་དགའ”ཐོབ། 

སྤྱི་ལོ2017ལོར་ཝོར་ཧྥུའུ་གསོ་རིག་བྱ་དགའ་དང་པར་ཀན་འབྲས་སྐྲན་སྨན་བཅོས་རིམས་འགོག་རིག་པའི་བྱེད་ཐབས་བྱ་དགའ་ཐོབ།(Robert D. Schreiberདང་མཉམ་དུ་བྱ་དགའ་ཐོབ)

སྤྱི་ལོ2018ལོར་ཀྲན་མུའུ་སི•ཨའེ་ལུ་སེན་དང་པེན་ཧྲུའུ་ཡིའུ་ལ་སྤྱི་ལོ2018ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐུན་མོང་ཐོག་ཐོབ་ནས་ཁོང་ཚོའི“ལྡོག་ཕྱོགས་རང་བཞིན་གྱི་རིམས་འགོག་སྙོམས་སྒྲིག་འབྲས་སྐྲན་སྨན་བཅོས་ཐད་ཀྱི་སྨན་བཅོས་བྱེད་ཐབས་ཐད་ཀྱི་ལེགས་སྐྱེས་ཤེས་རྟོགས་ཐུབ་པར”གཟེངས་བསྟོད་བྱས་པ་རེད།     


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཨའེ་ལུ་སེན། ལུས་ཁམས་རིག་པ།