ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:54ལ་འགྲུབ།

ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ།

ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ།
ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ་ནི་ལག་རྩལ་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན་པ་དང་། ཟོག་སྐྱེལ་ཁྲོད་ཀྱི་ལག་རྩལ་དཔལ་འབྱོར་གྱི་གནད་དོན་དང་ངོ་བོ་ནི་དཔལ་འབྱོར་གྲོན་ཆུང་གི་འགལ་ཟླའི་འབྲེལ་བར་ཞིབ་འཇུག་བྱེད་པ་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
物流技术经济学
རིགས་དབྱེ།
ལག་རྩལ་དཔལ་འབྱོར་རིག་པའི་ཡན་ལག
ཞིབ་འཇུག
ཟོག་སྐྱེལ་ཁྲོད་ཀྱི་ལག་རྩལ་དཔལ་འབྱོར་གྱི་གནད་དོན།
ངོ་བོ།
དཔལ་འབྱོར་གྲོན་ཆུང་གི་འགལ་ཟླའི་འབྲེལ་བར་ཞིབ་འཇུག་བྱེད་པ་སོགས།
1 ​གོ་དོན།

ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ་ནི་ལག་རྩལ་དཔལ་འབྱོར་རིག་པའི་ཡན་ལག་ཅིག་ཡིན་ཞིང་། དེས་གཙོ་བོ་དངོས་ཟོག་སྐྱེལ་འདྲེན་ཁྲོད་ཀྱི་ལག་རྩལ་དཔལ་འབྱོར་གྱི་གནད་དོན་ལ་ཞིབ་འཇུག་བྱེད་ཀྱི་ཡོད། བྱེ་བྲག་ཏུ་བཤད་ན་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་གྱི་དཔལ་འབྱོར་ཕན་འབྲས་ཀྱི་གནད་དོན་ནམ་ཡང་ན་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་གྱི་ལག་བསྟར་བྱེད་འཐུས་རང་བཞིན་དང་དཔལ་འབྱོར་ལུགས་མཐུན་རང་བཞིན་གྱི་གནད་དོན་ཡིན། ངོ་བོའི་ཐོག་ནས་བཤད་ན་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ་ནི་ཟོག་སྐྱེལ་ལག་རྩལ་དང་དཔལ་འབྱོར་གྲོན་ཆུང་བར་གྱི་འགལ་ཟླའི་འབྲེལ་བ་དང་དེའི་འཕེལ་རྒྱས་འགྱུར་ལྡོག་གི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན་པ་མ་ཟད། དེའི་རྨང་གཞིའི་ཐོག་རང་བྱུང་ཆ་རྐྱེན་དང་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་ངེས་ཅན་ཞིག་འཚོལ་ཞིབ་བྱས་ཏེ། ཟོག་སྐྱེལ་ལག་རྩལ་དང་དཔལ་འབྱོར་ཟུང་འབྲེལ་ཡག་ཤོས་བྱས་ནས་ཟོག་སྐྱེལ་ལག་རྩལ་སྣ་ཚོགས་ཀྱི་སྡེབ་སྒྲིག་དང་ཉེར་སྤྱོད་ལ་དཔལ་འབྱོར་གྱི་ཕན་འབྲས་ཡག་ཤོས་ཐོབ་པར་བྱེད་བཞིན་ཡོད།

མི་རྣམས་ཀྱིས་ལག་ལེན་གྱི་བྱེད་སྒོ་ཡོད་ཚད་སྤེལ་བར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་དང་། ཕན་འབྲས་ངེས་ཅན་ཞིག་ཐོབ་ཆེད་ཡིན་པ་མ་ཟད། དཔལ་འབྱོར་གྱི་ཕན་འབྲས་ལ་ཡང་དང་དོད་བྱེད་སྲིད། དངོས་ཟོག་སྐྱེལ་འདྲེན་གྱི་ལག་ལེན་བྱེད་སྒོའི་དམིགས་ཡུལ་ནི་སྤྱིའི་ཆ་ནས་བཤད་ན། དངོས་ཟོག་གི་ཁ་ཕྱོགས་གཏན་འཁེལ་གྱི་བར་སྟོང་གནས་སྤོ་མངོན་འགྱུར་དང་། དངོས་ཟོག་གི་ལས་ཡུལ་གྱི་ཕན་ནུས་དང་དུས་ཚོད་ཀྱི་ཕན་ནུས་གསར་སྐྲུན་བྱས་ཏེ། སྤྱི་ཚོགས་ཐོན་སྐྱེད་དང་སྤྱི་ཚོགས་འཛད་སྤྱོད་ཀྱི་བརྒྱུད་རིམ་རྒྱུན་ལྡན་རྒྱུན་མཐུད་ངང་སྤེལ་བར་འགན་སྲུང་བྱེད་པའི་ཆེད་ཡིན། དམིགས་ཡུལ་དེ་འགྲུབ་ཆེད་དེང་རབས་སྤྱི་ཚོགས་ཀྱི་དཔལ་འབྱོར་ཆ་རྐྱེན་འོག་ང་ཚོས་བྱེད་ཐབས་དང་ཐབས་ལམ་མི་འདྲ་བ་སྤྱད་དེ་དངོས་ཟོག་སྐྱེལ་འདྲེན་སྒྲིག་ཆས་དང་ལག་རྩལ་ཡོ་བྱད་མི་འདྲ་བ་སྤྱད་ཆོག་པ་དང་། བཀོལ་སྤྱོད་བཟོ་རྩལ་དང་ལག་རྩལ་གྱི་ལམ་ཕྱོགས་མི་འདྲ་བ་སྤྱད་ཆོག འོན་ཀྱང་ཐབས་ལམ་དང་བྱེད་ཐབས་མི་འདྲ་བ་དེ་དག་ཚང་མར་སོ་སོའི་ལག་རྩལ་དཔལ་འབྱོར་གྱི་ཁྱད་ཆོས་དང་དེ་དང་བསྟུན་པའི་སྤྱད་འཐུས་ཆ་རྐྱེན་གྱི་ཁྱབ་ཁོངས་ཡོད། དེར་བརྟེན་རང་བྱུང་གི་ཆ་རྐྱེན་ངེས་ཅན་ཞིག་དང་སྤྱི་ཚོགས། དམག་དོན། དཔལ་འབྱོར་བཅས་ཀྱི་ཆ་རྐྱེན་འོག་ཁ་ཤས་ལག་ལེན་དུ་བསྟར་ཐུབ་པ་དང་ཁ་ཤས་ལག་ལེན་དུ་བསྟར་ཐུབ་པའི་ངེས་པ་མེད་ལ། ཁ་ཤས་ལ་ཕན་འབྲས་བཟང་པོ་ཐོན་པ་དང་ཡང་ཁ་ཤས་ལ་ཕན་འབྲས་ཡག་པོ་ཐོན་པའི་ངེས་པ་མེད། དེར་བརྟེན་དེར་ལག་ལེན་དུ་བསྟར་ཐུབ་པའི་ཆ་རྐྱེན་ཞིག་དགོས་པ་སྟེ། དེའི་ཁྲོད་དུ་དེ་དང་འཚམས་པའི་དངོས་པོ་དང་སྤྱི་ཚོགས་དཔལ་འབྱོར་ཆ་རྐྱེན། དེའི་སྔོན་དཔག་གི་ཕན་འབྲས་གྱི་གཤིབ་སྡུར་བཅས་ཀྱི་གནད་དོན་ཚུད་ཡོད་ལ། དེ་མིན་ལག་རྩལ་གྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས། ཁོར་ཡུག་དང་རྒྱལ་སྲུང་སོགས་ཀྱི་ཕན་འབྲས་ཀྱང་ཚུད་ཡོད། དེ་ཡང་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པས་གཙོ་བོ་ཕན་འབྲས་གཞན་དག་ལ་བསམ་གཞིགས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་དངོས་ཟོག་སྐྱེལ་འདྲེན་བྱེད་སྒོའི་དཔལ་འབྱོར་ཕན་འབྲས་ཡག་ཤོས་ཇི་ལྟར་ཐོབ་པའི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ལ་ཞིབ་འཇུག་བྱེད་ཀྱི་ཡོད།

འདིར་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པས་ལག་རྩལ་ཞིག་གི་སྤྱད་འཐུས་ཆ་རྐྱེན་དང་། ལག་རྩལ་སྣ་ཚོགས་ནུས་ལྡན་གྱིས་སྡེབ་སྒྲིག་དང་བེད་སྤྱོད་བྱས་པའི་དཔལ་འབྱོར་གྱི་ཕན་འབྲས་དེ་རང་ཉིད་ཀྱི་ཞིབ་འཇུག་བྱ་ཡུལ་དུ་བརྩིས་ཡོད། འདིར་བརྗོད་པའི་དཔལ་འབྱོར་གྱི་ཕན་འབྲས་ཞེས་པ་ནི་ལག་རྩལ་ནམ་ལག་རྩལ་སྡེབ་སྒྲིག་ཇུས་གཞི་ཞིག་སྤྱད་དེ་ཐོབ་པའི་ཕན་ནུས་ལྡན་པའི་ཕན་འབྲས་དེ་ལག་རྩལ་ལམ་ལག་རྩལ་སྡེབ་སྒྲིག་ཇུས་གཞི་དེ་སྤྱད་པའི་ངལ་རྩོལ་ཟད་གྲོན་དང་བསྡུར་བའི་འབྲེལ་བ་ཡིན།

དངོས་ཟོག་སྐྱེལ་འདྲེན་ལག་རྩལ་སྣ་ཚོགས་ཀྱི་དཔལ་འབྱོར་ཕན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་སྡེབ་སྒྲིག་ཇུས་གཞི་དང་དེའི་བཀོལ་སྤྱོད་ལ་དཔལ་འབྱོར་གྱི་ཕན་འབྲས་ཆེས་ལེགས་པོ་ཐོབ་པར་ཁག་ཐེག་བྱེད་ཆེད། ང་ཚོས་ངེས་པར་དུ་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་སྣ་ཚོགས་ཀྱིས་དངོས་ཟོག་སྐྱེལ་འདྲེན་དཔལ་འབྱོར་བྱེད་སྒོའི་ཁྲོད་ཀྱི་བྱེད་ནུས་དང་། དེ་བཞིན་ལག་རྩལ་གྱི་རྒྱུ་རྐྱེན་གཙོ་བོ་སྣ་ཚོགས་བར་གྱི་ནང་གནས་ཀྱི་དཔལ་འབྱོར་འབྲེལ་བར་ཞིབ་འཇུག་བྱེད་དགོས་པ་མ་ཟད། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་ཁྱབ་སྤེལ་ཁྲོད་ཀྱི་འགལ་བ་སྣ་ཚོགས་ལ་ཡང་ཞིབ་འཇུག་བྱེད་དགོས་པ་སྟེ། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་གྱི་རྒྱུ་རྐྱེན་བར་གྱི་འགལ་བ་དང་ལག་རྩལ་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་བར་གྱི་འགལ་བ། ལག་རྩལ་ཇུས་གཞི་དང་ཐབས་ལམ། ཐོན་ཁུངས་བེད་སྤྱོད་བར་གྱི་འགལ་བ། ལག་རྩལ་ཇུས་གཞི་དང་ཐབས་ལམ། བེད་སྤྱོད་ཆ་རྐྱེན་བཅས་བར་གྱི་འགལ་བ་སོགས་ལ་ཞིབ་འཇུག་བྱེད་དགོས་ལ། གོང་གསལ་གྱི་འགལ་བ་དེ་དག་གི་ཕྱོགས་སོ་སོ་ཕན་ཚུན་འཕྲོད་པ་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་གཞི་རྩའི་གནད་དོན་ཡིན།

ཕྱོགས་བསྡུས་ཐོག་དབྱེ་ཞིབ་བྱས་པར་གཞིགས་ན་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པས་ཞིབ་འཇུག་ཐག་གཅོད་བྱེད་པའི་གནད་དོན་གཙོ་བོ་ནི་ཟོག་སྐྱེལ་ལག་རྩལ་སྣ་ཚོགས་གདམ་ག་ཡང་དག་དང་ལུགས་མཐུན་མཉམ་སྒྲིག་བེད་སྤྱོད་དང་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱ་རྒྱུ་དེ་རེད། ལེགས་འགྲུབ་བྱ་རྒྱུའི་དམིགས་ཡུལ་ནི་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དང་དཔལ་འབྱོར་ཟུང་འབྲེལ་ཡག་ཤོས་བྱས་ནས་དངོས་ཟོག་སྐྱེལ་འདྲེན་གྱི་ལག་རྩལ་སྡེབ་སྒྲིག་དང་བེད་སྤྱོད་བྱེད་པར་དཔལ་འབྱོར་གྱི་ཕན་འབྲས་ཡག་ཤོས་ཐོབ་པར་འགན་ལེན་བྱ་དགོས་པ་དེ་ཡིན་ལ། ལག་རྩལ་མཁྲེགས་པོའི་གདམ་ག་དང་ལག་རྩལ་མཉེན་རིགས་བེད་སྤྱོད། དེ་བཞིན་དེ་དག་ཟུང་འབྲེལ་དམ་ཟབ་དང་བེད་སྤྱོད་བཅས་ཀྱི་ཐད་ནས“ཁེ་སྤོགས་གསུམ་པའི”འབྱུང་ཁུངས་གསར་སྤེལ་དང་ཟོག་སྐྱེལ་དཔལ་འབྱོར་ནུས་ལྡན་ངང་འཕར་བར་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་མཁོ་འདོན་བྱས་ཡོད།

དེར་བརྟེན་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་ཚན་རིག་དང་ཅུང་མཐུན་པའི་མཚན་ཉིད་ལ་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ་ནི་ཟོག་སྐྱེལ་ལག་རྩལ་དང་དཔལ་འབྱོར་གྲོན་ཆུང་གི་འབྲེལ་བར་ཞིབ་འཇུག་བྱེད་པའི་འགལ་ཟླའི་འབྲེལ་བ་ཞིག་ཡིན་པ་དང་། དེ་བཞིན་ཇི་ལྟར་བྱས་ནས་ལག་རྩལ་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱས་ཏེ་ཟོག་སྐྱེལ་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཟོག་སྐྱེལ་དཔལ་འབྱོར་ནུས་ལྡན་ངང་འཕར་བའི་ཆོས་ཉིད་ལ་སྐུལ་འདེད་གཏོང་བའི་ཚན་རིག་ཅིག་ཡིན་ཞེས་བརྗོད་ཆོག

2 ནང་དོན་གཙོ་བོ།

དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་མཚན་ཉིད་ལས་དེའི་ཞིབ་འཇུག་བྱ་ཡུལ་ནི་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དང་དཔལ་འབྱོར་བར་གྱི་འབྲེལ་བ་དང་དེའི་ཟུང་འབྲེལ་ལེགས་ཤོས་ཀྱི་ཆོས་ཉིད་ཡིན་པ་ཤེས་ཐུབ་ལ། ཞིབ་ཕྲའི་སྒོ་ནས་བཤད་ན་དེ་ནི་ཟོག་སྐྱེལ་ལག་རྩལ་གྱི་རྒྱུ་རྐྱེན་གཙོ་བོ་ཁག་གི་རང་ངོས་འཛུགས་སྐྲུན་དང་ཟུང་འབྲེལ། བེད་སྤྱོད་བཅས་ཀྱི་དཔལ་འབྱོར་ཆོས་ཉིད་ཡིན།

དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་ནང་དོན་གྱི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་མོད། འོན་ཀྱང་སྤྱིའི་ཆ་ནས་བཤད་ན། རིག་ཚན་འདིའི་ཞིབ་འཇུག་གི་ནང་དོན་ལ་གཞི་རྩའི་གཞུང་ལུགས་དང་བྱེད་ཐབས་ཀྱི་ཞིབ་འཇུག་དང་དངོས་ཟོག་སྐྱེལ་སྐྱེན་ལག་རྩལ་དཔལ་འབྱོར་རིག་པའི་ཞིབ་འཇུག་བརྗོད་གཞིའི་ཞིབ་འཇུག་གི་ནང་དོན་གཉིས་ཚུད་ཡོད་དེ། ཧ་ལམ་གཤམ་གྱི་ནང་དོན་ཁག་གསུམ་དུ་ཕྱོགས་བསྡུས་བྱས་ཆོག་པ་སྟེ།

གཅིག དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་གཞི་རྩའི་གཞུང་ལུགས་ཀྱིས་དེང་རབས་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་འོག་ཏུ། དངོས་ཟོག་སྐྱེལ་འདྲེན་གྱི་ལས་འགན་གཅིག་མཚུངས་ལེགས་འགྲུབ་བྱེད་པའམ་ཡང་ན་དངོས་ཟོག་སྐྱེལ་འདྲེན་གྱི་དམིགས་ཡུལ་བྱེ་བྲག་པ་ཞིག་མངོན་འགྱུར་བྱེད་ཆེད། རྒྱུན་པར་མངོན་འགྱུར་བྱེད་ཐབས་མི་འདྲ་བ་མང་པོ་ཡོད་ཆོག་པ་དང་། དེ་ཡང་བྱེད་ཐབས་མི་འདྲ་བ་སོ་སོར་ལག་རྩལ་དང་དཔལ་འབྱོར་ཐད་ཁྱད་ཆོས་དང་ཕན་གནོད་མི་འདྲ་བ་ཡོད། ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་དབྱེ་ཞིབ་ལས་དོན་གྱི་ལས་འགན་ནི་ཟོག་སྐྱེལ་ལག་ལེན་ལ་སྤྱོད་རྩིས་ཡོད་པའི་ལག་རྩལ་ཇུས་གཞི་དང་ལག་རྩལ་བྱེད་ཐབས་སྣ་ཚོགས་ལ་དབྱེ་ཞིབ་དང་གདེང་འཇོག ལེགས་འདེམས་བཅས་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བའི་དམིགས་ཡུལ་མངོན་འགྱུར་བྱེད་རྒྱུ་དེ་རེད། དེ་ཡང་དབྱེ་ཞིབ་དང་གདེང་འཇོག་ཡང་དག་པར་བྱས་ཏེ་ཁྱོན་ཡོངས་དང་དོན་དངོས་དང་མཐུན་པ། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་གདམ་བྱའི་འཆར་གཞིའི་བལྟོས་བཅས་ཀྱི་དཔལ་འབྱོར་རང་བཞིན་མཚོན་ཐུབ་པར་འགན་ལེན་བྱེད་ཆེད། ངེས་པར་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཡང་དག་པའི་སློབ་སྟོན་རྩ་དོན་ཡོད་དགོས་པ་དང་། གཅིག་གྱུར་གྱི་དཔལ་འབྱོར་བསྡུར་ཞིབ་ཚད་གཞི་དང་དོན་དངོས་དང་མཐུན་པའི་གདེང་འཇོག་དམིགས་ཚད་མ་ལག་ཡོད་དགོས་ལ། ཐུན་མོང་གི་བསྡུར་གཞིའི་ནང་དོན་དང་གཅིག་གྱུར་གྱི་བསྡུར་བྱའི་ཆ་རྐྱེན་ཡོད་དགོས། དེའི་ཐད་ཀྱི་ནང་དོན་གཙོ་བོར་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་དབྱེ་ཞིབ་ཀྱི་གཞི་རྩའི་རྒྱུ་རྐྱེན་དང་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་ཕན་འབྲས་ཀྱི་རྩ་བའི་རིགས་པ། ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་ཕན་འབྲས་གདེང་འཇོག་སྡུར་ཞིབ་ཀྱི་རྩ་བའི་རིགས་པ། ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་གདེང་འཇོག་དམིགས་ཚད་མ་ལག་སོགས་ཚུད་ཡོད།

གཉིས། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་དབྱེ་ཞིབ་གདེང་འཇོག་བྱེད་ཐབས་ཀྱིས་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་གནད་དོན་ལ་ཡང་དག་པའི་སྒོ་ནས་དབྱེ་ཞིབ་དང་རིགས་པས་ཁུངས་སྐྱེལ། གདེང་འཇོག ལེགས་འདེམས། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ་བཅས་བྱེད་ཆེད། དེར་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་ཡང་དག་པའི་མཛུབ་ཁྲིད་རྩ་དོན་ཡོད་དགོས་པ་ཕུད། ད་དུང་ངེས་པར་དུ་ཇུས་གཞིའི་གདེང་འཇོག་གི་ཚན་རིག་དབྱེ་འབྱེད་ཚད་གཞི་དང་དབྱེ་ཞིབ་གདེང་འཇོག་བྱེད་ཐབས་མ་ལག་འཛུགས་དགོས། དེ་ལྟར་མ་བྱས་ན་ཇུས་གཞིའི་གདེང་འཇོག་ལེགས་འདེམས་ཡང་དག་ནུས་ལྡན་གྱི་སྒོ་ནས་ལག་བསྟར་བྱེད་མི་ཐུབ་པ་རེད། ངོ་བོ་གཏན་འཁེལ་དབྱེ་ཞིབ་དང་གྲངས་ཚད་དབྱེ་ཞིབ་ཟུང་འབྲེལ་བྱེད་པ་ནི་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་ཞིབ་འཇུག་གི་གཞི་རྩའི་བྱེད་ཐབས་ཤིག་ཡིན་པ་དང་། ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་དབྱེ་ཞིབ་དང་གདེང་འཇོག་གི་གཞི་རྩའི་བྱེད་ཐབས་གཙོ་བོར་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་ཕན་འབྲས་ཀྱི་གདེང་འཇོག་ལས་རིམ་དང་མ་དངུལ་དུས་ཚོད་རིན་ཐང་གི་རྩིས་རྒྱག་ཐབས། རིན་མཚུངས་ཞིབ་བསྡུར་གདེང་འཇོག་བྱེད་ཐབས། ཚད་གཞིའི་ཞིབ་བསྡུར་གདེང་འཇོག་བྱེད་ཐབས་སོགས་ཡོད།

གསུམ། བྱེ་བྲག་གི་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་གནད་དོན་ལ་ཞིབ་འཇུག་བྱེད་པའི་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པ་ནི་ཆེད་མངགས་རིགས་པའི་གཞུང་ལུགས་ལ་དཔྱད་བསྡུར་བྱེད་པའི་རིག་ཚན་ཞིག་མིན། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་ནི་རིགས་པའི་གཞུང་ལུགས་དང་བྱེད་ཐབས་འདི་དག་སྤྱད་དེ་དངོས་ཟོག་སྐྱེལ་འདྲེན་ལག་རྩལ་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་གཞི་དང་དངོས་ཡོད་གནད་དོན་སྣ་ཚོགས་ཞིབ་འཇུག་བྱེད་པར་མཛུབ་སྟོན་སྔར་ལས་ལེགས་པར་བྱས་ཏེ། དེར་དབྱེ་ཞིབ་དང་གདེང་འཇོག་ཡང་དག་བྱེད་ཐུབ་པའི་ཆེད་དུ་ཡིན་ལ། དངོས་ཟོག་སྐྱེལ་འདྲེན་གྱི་བྱེད་སྒོ་དང་དངོས་ཟོག་སྐྱེལ་འདྲེན་གྱི་འཛུགས་སྐྲུན་ཁྲོད་ཕན་ནུས་ཆེས་ཆེ་བ་དང་ཆེས་ལུགས་མཐུན་གྱི་ལག་རྩལ་བྱེད་ཐབས་དང་ལག་རྩལ་གྱི་ཇུས་གཞི། ལག་རྩལ་གྱི་སྲིད་ཇུས། འཛུགས་སྐྲུན་གྱི་འཆར་འགོད་བཅས་ལ་དཔལ་འབྱོར་ཐད་ཀྱི་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཏེ། དེ་དག་ལག་བསྟར་བྱས་པའི་མཇུག་འབྲས་ཀྱིས་ངལ་རྩོལ་ཟད་གྲོན་གྱི་ཚད་འདང་ངེས་ཤིག་སྤྱད་ནས་ཕན་འབྲས་ཆེ་ཙམ་ཐོབ་པའམ་ཡང་ན་ཕན་འབྲས་འདྲ་མཚུངས་ཐོབ་ཐུབ་ལ། ངལ་རྩོལ་ཟད་གྲོན་ཅུང་ཉུང་བས་དཔལ་འབྱོར་གྱི་ཕན་འབྲས་ཡག་ཤོས་མངོན་འགྱུར་བྱས་ཏེ་ཐོན་སྐྱེད་འཛུགས་སྐྲུན་དང་འཚོ་བའི་དགོས་མཁོར་ཞབས་འདེགས་སྔར་ལས་ལེགས་པ་ཞུ་ཆེད་ཡིན།

དངོས་ཟོག་སྐྱེལ་འདྲེན་ཁྱབ་ཁོངས་ནང་ལག་རྩལ་དཔལ་འབྱོར་གྱི་ཞིབ་འཇུག་བྱ་གཞི་དང་དངོས་ཡོད་གནད་དོན་འབོར་ཆེན་ཡོད་པ་དེའི་ནང་སྤྱི་ཁོག་གི་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་རིག་པའི་གནད་དོན་ཡོད་ལ། བྱེ་བྲག་གི་ཟོག་སྐྱེལ་ལག་རྩལ་དཔལ་འབྱོར་གྱི་གནད་དོན་ཡང་ཡོད། དེའི་མཚོན་ཚུལ་གྱི་ཐོག་ནས་བལྟས་ན། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་སྲིད་ཇུས་ཀྱི་དཔལ་འབྱོར་ཕན་འབྲས་ཀྱི་གནད་དོན་ཐད་ཀྱི་ཞིབ་འཇུག་ཡོད་ལ། ལག་རྩལ་ཇུས་གཞི་དང་ལག་རྩལ་བྱེད་ཐབས། དཔལ་འབྱོར་ཕན་འབྲས་ཀྱི་གནད་དོ་ཐད་ཀྱི་ཞིབ་འཇུག་ཀྱང་ཡོད། དངོས་ཟོག་སྐྱེལ་འདྲེན་གྱི་ལག་ལེན་བྱེད་སྒོའི་ལྷུ་ཚིགས་ལ་གཞིགས་ན་སྤྱིར་བཏང་དུ་གཤམ་གསལ་ཁ་ཕྱོགས་དྲུག་ཏུ་དབྱེ་ཆོག་པ་སྟེ།

དང་པོ། ཟོག་སྐྱེལ་དྲ་ཚིགས་འཛུགས་སྐྲུན་གྱི་ལག་རྩལ་དང་དཔལ་འབྱོར་དབྱེ་ཞིབ།

གཉིས་པ། དངོས་ཟོག་སྐྱེལ་འདྲེན་ལག་རྩལ་གྱི་དཔལ་འབྱོར་དབྱེ་ཞིབ།

གསུམ་པ། དངོས་ཟོག་མཛོད་ཉར་ལག་རྩལ་གྱི་དཔལ་འབྱོར་དབྱེ་ཞིབ།

བཞི་པ། ཐུམ་སྒྲིལ་དང་ཕྱོགས་བསྡུས་ཅན་གྱི་ལག་རྩལ་དཔལ་འབྱོར་དབྱེ་ཞིབ།

ལྔ་པ། འདོན་འཇུག་དབོར་འདྲེན་ལས་ཀའི་ལག་རྩལ་གྱི་དཔལ་འབྱོར་དབྱེ་ཞིབ།

དྲུག་པ། དངོས་ཟོག་སྐྱེལ་འདྲེན་སྒྲིག་ཆས་གསར་བསྒྱུར་ལག་རྩལ་གྱི་དཔལ་འབྱོར་དབྱེ་ཞིབ།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དངོས་ཟོག སྐྱེལ་འདྲེན། ལག་རྩལ།