《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:56ལ་འགྲུབ།

《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》

《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》
《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》ནི་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཡིན་ཞིང་། ISBNནི97-807-110-828-9ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
《航空运输经济学》
རྩོམ་པ་པོ།
ཁྲེན་ལིན
དཔེ་སྐྲུན་ཁང་།
་ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ་དཔེ་སྐྲུན་ཁང་།
1 ​ནང་དོན།

མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ལ་ལོ་ངོ30ཙམ་ལ་བསྟུད་མར་འཕེལ་རྒྱས་མགྱོགས་པོ་བྱུང་བ་དང་། ལས་རིགས་འཁོར་སྐྱོད་ཀྱི་ཁྱད་ཆོས་དང་དཔལ་འབྱོར་དོ་དམ་བྱེད་སྟངས་ལ་གནམ་ས་བླ་འོག་ཏུ་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཔལ་འབྱོར་དང་དོ་དམ་ཐད་ཀྱི་གནད་དོན་ལ་ཉིན་རེ་བཞིན་ལས་རིགས་ཕྱི་ནང་གི་མི་སྣས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་ཀྱི་ཡོད་པ་དང་། མི་རྣམས་ཀྱིས་ཟུར་ཚད་དང་ངོས་མི་འདྲ་བའི་ཐོག་ནས་དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཀྱི་གནད་དོན་ལ་བསམ་གཞིགས་དང་དཔྱད་བརྗོད་སྤེལ་བཞིན་ཡོད་པ་རེད།

《མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ》ཞེས་པའི་དེབ་དེས་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཔལ་འབྱོར་ཆོས་ཉིད་དང་དཔལ་འབྱོར་ཁྱད་ཆོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ངོ་སྤྲོད་དང་། ཞིབ་འཇུག་གི་གྲུབ་འབྲས་སྣ་ཚོགས་ཕྱོགས་སྡོམ་དང་ཕྱོགས་བསྡུས་བྱས་ནས་མི་རྣམས་ལ་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་མདུན་དུ་ལྷགས་པའི་དཔལ་འབྱོར་གནད་དོན་དང་དཔལ་འབྱོར་སྣང་ཚུལ་སྣ་ཚོགས་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་ཏེ། ཀློག་པ་པོར་མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་དཔལ་འབྱོར་ཆ་འཕྲིན་འབོར་ཆེན་ཐོབ་པར་བྱས་ཡོད་པ་རེད།

2 རྩོམ་པ་པོ།

ཁྲེན་ལིན་ནི་སྤྱི་ལོ 1977ལོར་ཧྲའན་ཞིའི་སུའེ་ཏུ་རུ་སྐུ་འཁྲུངས་ཤིང་། བྱང་ཕྱོགས་འགྲིམ་འགྲུལ་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་ནས་སློབ་མཐར་ཕྱིན་ཞིང་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས་ཡོད། ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་མཁའ་འགྲུལ་སྐྱེལ་འདྲེན་དཔལ་འབྱོར་རིག་པ་ཡིན་ལ། ཉེ་བའི་ལོ་ཤས་རིང་སྔ་རྗེས་སུ་དཔྱད་རྩོམ་བཅུ་ལྷག་ཙམ་རྩོམ་པ་པོ་དང་པོའི་ངོས་ནས《ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་སློབ་ཆེན་གྱི་རིག་གཞུང་དུས་དེབ》དང《ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་འཕུར་སྐྱོད་སློབ་གླིང་གི་རིག་གཞུང་དུས་དེབ》 《ཀྲུང་གོའི་དམངས་སྤྱོད་མཁའ་འགྲུལ》 《དམངས་སྤྱོད་མཁའ་འགྲུལ་དོ་དམ》 《འགྲིམ་འགྲུལ་ཁེ་ལས་དོ་དམ》 《ཁེ་ལས་དཔལ་འབྱོར》སོགས་ཆེད་ལས་དུས་དེབ་ཐོག་སྤེལ་ཡོད། སྤྱི་ལོ2007ལོར་ཁོང་གིས་བྲིས་པའི་དཔྱད་རྩོམ《མཁའ་འགྲུལ་ཀུང་སིའི་ནོར་དོན་ཉེན་ཁའི་ཉེན་ཟོན་སྔོན་བརྡ་དང་དོགས་ཟོན་ཞིབ་འཇུག》ལ་སྐབས་བཞི་པའི་ཀྲུང་གོ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ནོར་དོན་དང་རྩིས་གཉེར་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་རིམ་པ་གསུམ་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ་པ་རེད།  སྤྱི་ལོ2003ལོར《ཁེ་ལས་ཀྱི་ནོར་དོན་མ་གནས་ཚོད་འཛིན་ལག་རྩལ》དང《ཁེ་ལས་ནང་ཁུལ་གྱི་རྩིས་བཤེར་ལག་རྩལ》(ཀྲུང་གོའི་དཔལ་འབྱོར་དཔེ་སྐྲུན་ཁང)དཔེ་སྐྲུན་བྱས། གཞན་ཡང་ད་དུང་གནམ་གྲུ་འབབ་ཐང་གི་གྲོན་དངུལ་བསྡུ་ལེན་སྲིད་ཇུས་སོགས་ཞིབ་འཇུག་ལས་གཞིའི་ནང་ཞུགས་ཡོད་པ་རེད།   

3 དཀར་ཆག

གླེང་གཞི།

ལེའུ་དང་པོ། མཁའ་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ།

ལེའུ་གཉིས་པ། མཁའ་འགྲུལ་སྐྱེལ་འདྲེན་གྱི་མཁོ་སྤྲོད།

ལེའུ་གསུམ་པ། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཁྲོམ་རའི་སྒྲིག་གཞི།

ལེའུ་བཞི་པ། མཁའ་འགྲུལ་སྐྱེལ་འདྲེན་གྱི་རིན་གོང་།

ལེའུ་ལྔ་པ། མི་དམངས་ཤོག་སྒོར་གྱི་རིན་ཐང་འཕར་བ་དང་མཁའ་འགྲུལ་ཀུང་སིའི་དངུལ་བརྗེས་འཛའ་ཐང་གི་ཉེན་ཁ་སྔོན་འགོག

ལེའུ་དྲུག་པ། མཁའ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཕྱི་རོལ་རང་བཞིན་གྱི་དབྱེ་ཞིབ།

ཟུར་ལྟའི་དཔྱད་གཞི་གཙོ་བོ།


དཔྱད་གཞིའི་ཡིག་ཆ།