རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-13 08:56ལ་འགྲུབ།

རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས།

རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས།
རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས་ནི་ཞིང་ལས་དཔལ་འབྱོར་ཐད་ཀྱི་རྒྱལ་སྤྱིའི་རིག་གཞུང་ཚོགས་པ་ཞིག་ཡིན་ལ། བསྡུས་མིང་ལIAAEཟེར། སྤྱི་ལོ1929ལོར་དབྱིན་ཇིར་བཙུགས་པ་དང་། སྐབས་དེར་རྒྱལ་ཁབ12ཀྱི་དཔལ་འབྱོར་རིག་པ་བ50ཞུགས་ཡོད། སྤྱི་ལོ1982ལོར་རྒྱལ་ཁབ95རུ་ཚོགས་མི་སྒེར་བ2 500ཡོད། མཐུན་ཚོགས་ཀྱི་གཞི་རྩའི་བྱེད་སྒོའི་རྣམ་པ་ནི་དུས་བཀག་ལྟར་རྒྱལ་སྤྱིའི་རིག་གཞུང་གྲོས་བསྡུར་ཚོགས་འདུ(ཧ་ལམ་ལོ་གཉིས་གསུམ་ནང་ཐེངས་གཅིག་ལ་འཚོགས)སྐོང་འཚོག་བྱ་རྒྱུ་དང་ཚོགས་མི་རྣམས་སྒེར་གྱི་ཐོབ་ཐང་ཐོག་ནས་ཞུགས་རྒྱུ་དེ་རེད། རྒྱལ་ཁབ་གཅིག་གམ་ས་ཁུལ་གཅིག་ལ་ཚོགས་མི་མང་ཙམ་ཡོད་ཚེ་དེ་གར་ཡན་ལག་མཐུན་ཚོགས་བཙུགས་ཆོག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
国际农业经济学家协会
ཕྱི་ཡིག་གི་མིང་།
International Associa-tion of Agricultural Economists
ས་གནས།
དབྱིན་ཇི།
རིགས་དབྱེ།
རྒྱལ་སྤྱིའི་རིག་གཞུང་ཚོགས་པ།
བཙུགས་ལོ།
སྤྱི་ལོ1929ལོ།
1 ​ངོ་སྤྲོད་མདོར་བསྡུས། 

མཐུན་ཚོགས་སུ་ལས་འཛིན་ལྷན་ཚོགས་བཙུགས་ཡོད་པ་དང་། ཡན་ལག་མཐུན་ཚོགས་རེ་རེས་ཚོགས་མིའི་མི་གྲངས་བསྡུར་ཚད་ལྟར་འཐུས་མི་བདམས་ནས་ལས་འཛིན་ལྷན་ཚོགས་སུ་ཞུགས་དགོས། ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པ། སི་ཁུའུ(ནོར་དོན)བཅས་ནི་ལས་འཛིན་ལྷན་ཚོགས་ཀྱི་བདམས་ཐོན་ལས་འབྱུང་བ་དང་། བདམས་ཐོན་བྱུང་བའི་འཐུས་མིས་ཀྲུའུ་ཞི་སྔ་མ་དང་ཀྲུའུ་ཞི་རྗེས་མ་དང་ལྷན་དུ་རྒྱུན་ལས་ལས་འཛིན་ལྷན་ཚོགས་བཙུགས་ཏེ་ཚོགས་འདུའི་ལས་དོན་གཙོ་སྐྱོང་བྱེད་དགོས་པ་དང་འགན་འཁུར་ཡུན་ལོ་གསུམ་ཡིན།

མཐུན་ཚོགས་ཀྱི་ལས་འགན་ནི་རྒྱལ་ཁབ་ཁག་གི་ཞིང་ལས་དཔལ་འབྱོར་མཁས་པ་རྣམས་ཀྱི་མཛའ་མཐུན་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཞིང་ལས་དཔལ་འབྱོར་ཚན་རིག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་པ་དང་། རིག་གཞུང་གྲོས་བསྡུར་ཚོགས་འདུ་སྒྲིག་འཛུགས་བྱས་པར་བརྟེན་ནས་རྒྱལ་སྤྱིའི་བར་རིག་གཞུང་སྤེལ་རེས་བྱེད་པར་མཐུན་རྐྱེན་བསྐྲུན་རྒྱུ་དེ་ཡིན། རང་རྒྱལ་གྱིས་སྤྱི་ལོ1982ལོའི་རྗེས་སུ་ཐོག་མར་འཐུས་མི་མངགས་ནས་རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས་ཀྱིས་བསྡུས་པའི་རིག་གཞུང་གྲོས་བསྡུར་ཚོགས་འདུར་ཞུགས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཞིང་ལས། དཔལ་འབྱོར། རིག་གཞུང་།