མ་རིག་པ་ཤེས་པ་བཞི།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-14 09:28ལ་འགྲུབ།

མ་རིག་པ་ཤེས་པ་བཞི།

ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བའི་མ་རིག་པ་ཤེས་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《མདོ་ཏ་པ》ཤ129བ6ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོའི་མདོ་ལས་བྱུང་བ་སྟེ། 

1.འདུ་བྱེད་ཀྱི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པ། 

2.འདུ་བྱེད་ཡོངས་སུ་བཤད་པའི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པ། 

3.ཀུན་ནས་ཉོན་མོངས་པའི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པ། 

4.རྣམ་པར་བྱང་བའི་མ་རིག་པ་ཤེས་པ་བསམ་གྱིས་མི་ཁྱབ་པའོ༎