མཐོ་གསར་ལག་རྩལ་ཐོན་རྫས།སྔ་མའི་པར་གཞི་དེ རྣམ་རྒྱལPemaNamgyal  ནས 2021-10-15 09:15ལ་འགྲུབ།

མཐོ་གསར་ལག་རྩལ་ཐོན་རྫས།

མཐོ་གསར་ལག་རྩལ་ཐོན་རྫས།
མཐོ་གསར་ལག་རྩལ་ཐོན་རྫས་ཞེས་པ་ནི་རྒྱལ་ཁབ་དང་ཞིང་ཆེན་གྱི་མཐོ་གསར་ལག་རྩལ་གྱི་གཙོ་གནད་ཁྱབ་ཁོངས་དང་། ལག་རྩལ་ཁྱབ་ཁོངས། ཐོན་རྫས་བཅས་ཀྱི་དཔྱད་གཞིའི་དཀར་ཆག་དང་མཐུན་པའི་ཐོན་རྫས་གསར་པར་ཟེར། ཞིང་ཆེན་ནང་ཁུལ་དུ་ཐེངས་དང་པོར་ཐོན་སྐྱེད་བྱས་པའི་བརྗེ་རེས་རྣམ་པའི་ཐོན་རྫས་སམ་རྒྱལ་ནང་དུ་ཐོག་མར་ཐོན་སྐྱེད་བྱས་པའི་ལེགས་བཅོས་རྣམ་པའི་ཐོན་རྫས་སམ་གསར་གཏོད་ཐོན་རྫས་སོགས་ཀྱི་ཁོངས་སུ་གཏོགས། ལག་རྩལ་འདུས་ཚད་ཅུང་མཐོ་བ་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ(ཁེ་སྤོགས་ཁྲལ་ཚད20%ལས་མཐོ་དགོས)དང་རྒྱ་ཆེ་བའི་ཚོང་རའི་མདུན་ལྗོངས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高新技术产品
ཁྱབ་ཁོངས།
མཐོ་གསར་ལག་རྩལ་ཐོན་རྫས།
ཁྱད་ཆོས།
ལག་རྩལ་མཐོ་བའི་འདུས་ཚད།
ཆ་རྐྱེན།
ཆེད་ཁེའི་བདག་དབང་།
1 ཁྱད་ཆོས།

གཅིག ལག་རྩལ་འདུས་ཚད་མཐོ་བ། ལྷག་པར་དུ་ལྟེ་བའི་ལག་རྩལ་དེ་ཁེ་ལས་འཕེལ་རྒྱས་དང་ཁེ་སྤོགས་དང་འབྲེལ་བ་ཡོད་པ་རེད། 

གཉིས། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཀྱི་དུས་འགོའི་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་འཇོག་གྲངས་མང་ཞིང་དུས་ཚོད་རིང་བས་ཁྱབ་སྤེལ་གཏོང་བར་དཀའ་ངལ་ཆེན་པོ་ཡོད། 

གསུམ། ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་ལེགས་འགྲུབ་བྱུང་ན། སྤྱིར་བཏང་གི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་ལས་མཐོ།

བཞི། དུས་ཡུན་ཐུང་ངུའི་ནང་ཚབ་བྱེད་དམ་ཚད་བརྒལ་མི་བྱེད་པ།

2 ཐོན་རྫས་རིགས་དབྱེ།

རིགས་དང་པོ་ནི་རྩིས་འཁོར་དང་འཕྲིན་གཏོང་ལག་རྩལ། གློག་རྡུལ་ལག་རྩལ།  

རིགས་གཉིས་པ་ནི་ཚེ་སྲོག་གི་ཚན་རིག་ལག་རྩལ། 

རིགས་གསུམ་པ་ནི་རྩིས་འཁོར་འདུས་གྲུབ་བཟོ་སྐྲུན་ལག་རྩལ།

རིགས་བཞི་པ་ནི་འཇིག་རྟེན་འཕུར་སྐྱོད་ཀྱི་མཁའ་འགྲུལ་ལག་རྩལ།

རིགས་ལྔ་པ་ནི་འོད་གློག་གི་ལག་རྩལ།

རིགས་དྲུག་པ་ནི་སྐྱེ་དངོས་ལག་རྩལ། 

རིགས་བདུན་པ་ནི་རྒྱུ་ཆའི་ལག་རྩལ་དང་ལག་རྩལ་གཞན་དག་སོགས།

ལག་རྩལ་མཐོ་གསར་གྱི་ཐོན་རྫས་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་དག་འཛོམས་དགོས་པ་སྟེ།

(1)རྒྱལ་ཁབ་དང་ཞིང་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི《ལག་རྩལ་མཐོ་གསར་གྱི་ཐོན་རྫས་དཀར་ཆག》གི་ཐོན་རྫས།

(2)ཐོན་རྫས་ཀྱི་ལག་རྩལ་ཆུ་ཚད་དེ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ཡན་ལ་སླེབས་དགོས།

(3)ཐོན་རྫས་ཐོན་སྐྱེད་ཀྱི་ལག་རྩལ་བྱང་ཆུབ་པ(གཤམ་གསལ་གྱི་ཆ་རྐྱེན་གྲས་ཤིག་འཛོམས་མཁན་ལག་རྩལ་བྱང་ཆུབ་པར་བརྩིས་ཆོག་སྟེ། གསལ་འབྱེད་བྱས་ཟིན་པ་དང་། གཅིག་པུར་དབང་བའི་ཁེ་ཕན་ནམ་ཡང་ན་མཉེན་ཆས་ཀུང་སི། འདུས་གྲུབ་གློག་ལམ་གྱི་བདག་དབང་ཡོད་པ། ཁྲིམས་བཀོད་སྡེ་ཁག་གིས་ཞིབ་བཤེར་ཚད་ལེན་བྱས་ནས་ཚད་ལོན་རིགས། སྤྱོད་མཁན་གྱི་ཁས་ལེན་ཐོབ་རིགས། དངོས་གཞིའི་ལག་རྩལ་ནང་འདྲེན་བྱེད་པའི་གན་རྒྱ་ཡོད)

(4)ཐོན་རྫས་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་དང་ལག་རྩལ་སྒྲིག་ཆས་ལ་འགན་ལེན་ཡོད་པས་མ་དངུལ་བཏང་བའམ་ཡང་ན་ཉེ་དུས་ཐོན་སྐྱེད་འབོར་ཆེན་བྱེད་ཐུབ་ཀྱིན་ཡོད།

(5)ཐོན་རྫས་ཀྱི་ཚོང་ར་རྒྱ་ཆེ་ཞིང་དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོད།

(6)ངེས་པར་དུ་ཁྲིམས་བཀོད་སྡེ་ཁག་གི་ཆོག་མཆན་ཐོབ་རྗེས་ད་གཟོད་ཐོན་སྐྱེད་བྱས་ཆོག་པའི་ཐོན་རྫས་ལ་ངེས་པར་དུ་ཁྲིམས་བཀོད་སྡེ་ཁག་གི་ཆོག་མཆན་དངོས་སུ་འཐོབ་དགོས།

3 ངོས་འཛིན་བྱེད་ཐབས།

དོན་ཚན་དང་པོ། ཁེ་ལས་དང་བྱ་ལས་སྡེ་ཚན་དང་། དམངས་གཉེར་ཚན་རྩལ་ཁེ་ལས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་ཀྱི་མཐོ་གསར་ལག་རྩལ་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ། ཐོན་སྐྱེད་བཅས་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། ལག་རྩལ་མཐོ་གསར་ཐོན་ལས་འཕེལ་རྒྱས་གཏོང་ཆེད། དཔེར་ན《ཀྲུང་གུང་ཧྲའན་ཞི་ཞིང་ཆེན་ཏང་ཨུ་དང་ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལག་བསྟར(ཚན་རིག་ལག་རྩལ་ཡར་ཐོན་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོད་དོན)གྱི་ལག་བསྟར་བསམ་འཆར》(ཧྲའན་ཞིའི་འགྲེམས་སྤེལ་ཨང199516པ)གཞིར་བཟུང་བྱ་ཐབས་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། བྱེད་ཐབས་འདིའི་ནང་བརྗོད་པའི་ཁེ་ལས་དང་བྱ་ལས་སྡེ་ཚན་དང་དམངས་གཉེར་ཚན་རྩལ་ཁེ་ལས་ཞེས་པ་ནི་ཀོན་ཀྲུང་ལག་རྩལ་མཐོ་གསར་གྱི་ཐོན་ལས་གསར་སྤེལ་ཁུལ(གཤམ་དུ་བསྡུས་མིང་ལ་གསར་སྤེལ་ཁུལ་ཟེར)ནང་ལག་རྩལ་མཐོ་གསར་གྱི་ཐོན་རྫས་གསར་སྤེལ་ཐོན་སྐྱེད་བྱེད་མཁན་ཁེ་ལས་དང་བྱ་ལས་སྡེ་ཚན་དང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་རྫོང་རིམ་པ་ཡན་གྱི་ཚན་རྩལ་སྲིད་འཛིན་དོ་དམ་སྡེ་ཁག(གཤམ་དུ་བསྡུས་མིང་ལ་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་ཚན་རྩལ་ཅུའུ་ཟེར)ནང་གཏན་འཁེལ་བྱས་པ་མ་ཟད་ཚན་རྩལ་ཁེ་ལས་ཀྱི་ལག་ཁྱེར་ཐོབ་པའི་དམངས་གཉེར་ཚན་རྩལ་ཁེ་ལས་ལ་ཟེར། 

དོན་ཚན་གསུམ་པ། ཧྲའན་ཞི་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང(གཤམ་དུ་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་ཞེས་བསྡུས་ཡོད)ནི་ཞིང་ཆེན་ཡོངས་ཀྱི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ངོས་འཛིན་གཏན་འཁེལ་བྱེད་པའི་བྱ་བའི་གཙོ་གཉེར་སྡེ་ཁག་ཡིན་པས། བྱེད་ཐབས་འདི་ལག་བསྟར་བྱེད་པར་འགན་འཁུར་དགོས།

དོན་ཚན་བཞི་པ། ལག་རྩལ་མཐོ་གསར་གྱི་ཐོན་རྫས་ལ་ངེས་པར་དུ་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།

1.རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི《དཔལ་འབར་འཆར་གཞིས་སྲོག་ཤིང་ཁྱབ་ཁོངས་ལ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་པའི་ཕྱོགས་སྟོན》རམ་ཡང་ན《མཐོ་གསར་ལག་རྩལ་ཐོན་རྫས་ཀྱི་དཔྱད་གཞིའི་དཀར་ཆག》ནང་གི་ཐོན་རྫས་དེ་རང་ཞིང་གི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མཐུན་ཞིང་།《ཧྲའན་ཞི་ཞིང་ཆེན་གྱི“1851”ཚན་རྩལ་དཔལ་འབྱོར་གཞི་གཅིག་ཅན་གྱི་འཆར་གཞིའི》ནང་གི་གཙོ་གནད་འཕེལ་རྒྱས་ཁྱབ་ཁོངས་ནང་གི་ཐོན་རྫས་ཡིན།

2.ཐོན་རྫས་ནི་རྒྱལ་ནང་ངམ་ཡང་ན་ཞིང་ཆེན་ནང་ཁུལ་དུ་ཐོན་སྐྱེད་བྱེད་མ་མྱོང་བའི་གསར་གཏོད་ཐོན་རྫས་སམ་ཡང་ན་ཞིང་ཆེན་ནང་ཁུལ་དུ་ཐོག་མར་ཐོན་སྐྱེད་བྱས་པའི་རིམ་སྤོར་རབས་བརྗེ་ཐོན་རྫས་ཡིན་པ་དང་རྒྱལ་ནང་དུ་ཐོག་མར་ཐོན་སྐྱེད་བྱས་པའི་བྱེད་ནུས་ཐོན་རྫས་སམ་གསར་གཏོད་ཅན་གྱི་ཆེད་ཁེའི་ལག་རྩལ་ཐོན་རྫས་སོགས་ལག་རྩལ་དང་། བཟོ་རྩལ། སྤུས་ཚད། ནུས་པ་སོགས་ཀྱི་ཐད་རྒྱལ་སྤྱིའམ་རྒྱལ་ནང་གི་སྔོན་ཐོན་ཆུ་ཚད་ལ་སླེབས་ཡོད།

3.ཐོན་རྫས་ཐོན་སྐྱེད་ཀྱི་ལག་རྩལ་དང་བཟོ་རྩལ་ནི་བྱང་ཆུབ་པ་ཞིག་རེད།

རང་གིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་ཐོན་རྫས་རྣམས་རྒྱལ་ཁབ་ཀྱི་གཏན་འབེབས་དང་མཐུན་པའི་ཐོན་རྫས་གསལ་འབྱེད་དངོས་སུ་བྱ་དགོས།

རྒྱལ་ནང་གི་ལག་རྩལ་ཐོན་སྐྱེད་བྱེད་པའི་ཐོན་རྫས་ནང་འདྲེན་བྱེད་པར་ཐོན་རྫས་གསལ་འབྱེད་བྱེད་པའི་ཡིག་ཆ་ཡོད་པ་ཕུད། ལག་རྩལ་བཤུག་སྤྲོད་བྱེད་པའི་གན་རྒྱ་དངོས་སུ་ཡོད་དགོས། 

ཕྱི་རྒྱལ་གྱི་ལག་རྩལ་ཐོན་སྐྱེད་བྱེད་པའི་ཐོན་རྫས་ནང་འདྲེན་བྱེད་པར་དངོས་གཞིའི་གན་རྒྱའམ་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཡོད་དགོས།

ཆེད་ཁེའི་ལག་རྩལ་ཐོན་རྫས་ལ་དངོས་དཔེ(དཔེ་དབྱིབས)ཡོད་དགོས་པ་མ་ཟད། ཁྲིམས་གཏན་འཁེལ་བའི་ཆེད་ལས་ལག་རྩལ་ཞིབ་དཔྱད་སྒྲིག་གཞིའི་ཞིབ་དཔྱད་ཚད་ལེན་སྙན་ཞུའང་ཡོད་དགོས།

4.ཐོན་རྫས་ཀྱི་ཚོང་ར་རྒྱ་ཆེ་ཞིང་། དཔལ་འབྱོར་གྱི་ཕན་འབྲས་མངོན་གསལ་དོད་པ། ཁེ་སྤོགས་ཀྱི་ཁྲལ་ཚད20%ཡན་ཟིན་ཡོད།

5.ཐོན་རྫས་ཀྱི་མ་བཅོས་རྒྱུ་ཆ་དང་ལག་རྩལ་སྒྲིག་ཆས་ལ་འགན་སྲུང་ཡོད་པ་དང་། མ་དངུལ་བཏང་བའམ་ཉེ་དུས་ཐོན་སྐྱེད་འབོར་ཆེན་བྱས་ནས་དཔལ་འབྱོར་གྱི་གཞི་ཁྱོན་ངེས་ཅན་ཞིག་ཆགས་ཡོད།

6.ཐོན་རྫས་དེ་རྒྱལ་སྤྱིའི་ཚད་གཞི་སྤྱོད་གང་ཐུབ་བྱེད་དགོས་པ་དང་། ཐོན་སྐྱེད་གཏན་འཁེལ་གྱི་གསལ་འབྱེད་དུས་ཚོད་དེ་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་དུས་ཚོད་ནས་ལོ་གཉིས་ནང་ཚུན་དུ་གཏན་འཁེལ་བྱེད་དགོས།

དོན་ཚན་ལྔ་པ། ལག་རྩལ་མཐོ་གསར་གྱི་ཐོན་རྫས་ངོས་འཛིན་གཏན་འཁེལ་བྱེད་པའི་གོ་རིམ་ནི།

1.ཁེ་ལས་དང་བྱ་ལས་སྡེ་ཚན་དང་དམངས་གཉེར་ཚན་རྩལ་ཁེ་ལས་ཀྱིས་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ངོས་འཛིན་བྱ་བའི་སྙན་ཞུ་འབུལ་སྐབས། གནས་ཡུལ་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ཚན་རྩལ་ཨུ་ཡོན་ལྷན་ཁང(ཚན་རྩལ་ཅུའུ)ལ་རེ་འདུན་ཞུ་དགོས།(དམིགས་བསལ་གྱི་གནས་ཚུལ་ཡང་ཐད་ཀར་ཞིང་ཆེན་ཚན་རྩལ་ཨུ་ཡོན་ལྷན་ཁང་ལ་རེ་འདུན་ཞུས་ཆོག)དམངས་གཉེར་ཚན་རྩལ་ཁེ་ལས་ཀྱིས་དེ་སྔའི་ཚན་རྩལ་ཁེ་ལས་ཀྱིས་གཏན་འཁེལ་བྱས་པའི་ཚན་རྩལ་ཨུ་ཡོན་ལྷན་ཁང་གི(ཚན་རྩལ་ཅུའུ)ལ་རེ་ཞུ་བྱས། 

ས་གནས(གྲོང་ཁྱེར)དང(རྫོང)ཆུས་ཀྱི་ཚན་རྩལ་ཨུ་ལྷན(ཚན་རྩལ་ཅུའུ)ལ་རེ་ཞུ་བྱས་པའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ཡིན་ཕྱིན་ས་ཁུལ་དང་གྲོང་ཁྱེར་གྱི་ཚན་རྩལ་ཨུ་ལྷན(ཚན་རིག་ལག་རྩལ་ཅུའུ)གྱིས་ཐོག་མའི་ཞིབ་དཔྱད་བྱས་ཏེ་བསམ་འཆར་འགོད་རྒྱུ་དང་གཞུང་ཐམ་བརྒྱབ་རྗེས་ཞིང་ཆེན་ཚན་རྩལ་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་ཞུ་འབུལ་བྱེད་དགོས།

གསུམ། ཞིབ་བཤེར་གཏན་འབེབས་བྱས་རྗེས་ངོས་འཛིན་གཏན་འཁེལ་བྱས་པའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ལ་ཞིང་ཆེན་ཚན་རྩལ་ཨུ་ཡོན་ལྷན་ཁང་གིས་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ངོས་འཛིན་བྱེད་པའི་དཔང་ཡིག་སྤྲོད་དགོས།

དོན་ཚན་དྲུག་པ། རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་ཚན་རྩལ་འགག་སྒྲོལ་འཆར་གཞི་དང་། ཐོན་རྫས་གསར་པ་གཙོ་གྲས་ཚོད་བཟོ་གསལ་འབྱེད་འཆར་གཞི། ཐོན་རྫས་གསར་པ་གཙོ་གྲས་ཚོད་ཐོན་འཆར་གཞི། དཔལ་འབར་འཆར་གཞི། མེ་སྟག་འཆར་གཞི། ཚན་རྩལ་གྲུབ་འབྲས་གཙོ་གནད་དུ་ཁྱབ་སྤེལ་གཏོང་བའི་འཆར་གཞི། ཚན་རྩལ་དབུལ་སྐྱོར་འཆར་གཞིའི་རྣམ་གྲངས་ཀྱི་ཐོན་རྫས་བཅས་ཀྱི་ཁོངས་སུ་བཅུག་ཕྱིན། ལག་རྩལ་མཐོ་གསར་གྱི་ཐོན་རྫས་སྔོན་ལ་ངོས་འཛིན་བྱས་ཆོག  

དོན་ཚན་བདུན་པ། ངོས་འཛིན་གཏན་འཁེལ་བྱས་པའི་ལག་རྩལ་མཐོ་གསར་ཁེ་ལས་ཀྱི་ཐོན་རྫས་གོ་ཆོད་དུས་ཡུན་ལོ་ལྔ་ཡིན་པ་དང་། ལག་རྩལ་དུས་འཁོར་ཅུང་རིང་བའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ལ་ཆོག་མཆན་ཐོབ་པ་བརྒྱུད་ལོ་བདུན་བར་ནར་འགྱངས་བྱས་ཆོག 

དོན་ཚན་བརྒྱད་པ། ངོས་འཛིན་བྱས་ཟིན་པའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ལ་གོ་ཆོད་པའི་དུས་ཡུན་ནང་། ཧྲའན་ཞིའི་ནོར་ཁྲལ[(1996)ཨང་021]ཡིག་ཆའི་གཏན་འབེབས་ལྟར། ལོ་འཁོར་ནས་བཟུང་བསྟུད་མར་ལོ་གསུམ་རིང་ཐོབ་ཁྲལ་ཕྱིར་སློག་བྱས་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་དགོས། 

དོན་ཚན་དགུ་པ། ངོས་འཛིན་གཏན་ཁེལ་བྱས་ཟིན་པའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་དག་གོ་ཆོད་པའི་དུས་ཡུན་ནང་ལོ་རེར་བསྐྱར་ཞིབ་ཐེངས་རེ་བྱ་དགོས་པ་དང་། ལོ་རེའི་བསྐྱར་བཤེར་བྱ་བ་དེ་ཞིང་ཆེན་ཚན་རྩལ་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་དང་ལྟ་སྐུལ་འོག་ས་ཁུལ་དང་གྲོང་ཁྱེར་གྱི་ཚན་རྩལ་ཨུ་ཡོན་ལྷན་ཁང(ཚན་རིག་ལག་རྩལ་ཅུའུ)གིས་བྱེ་བྲག་གི་རྩ་འཛུགས་ཀྱི་འགན་འཁུར་དགོས། ས་ཁུལ་དང་གྲོང་ཁྱེར་གྱི་ཚན་རྩལ་ཨུ་ཡོན་ལྷན་ཁང(ཚན་རིག་ལག་རྩལ་ཅུའུ)གིས་རང་རང་སོ་སོའི་བསྐྱར་ཞིབ་བྱེད་ཁོངས་སུ་ཚུད་པའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ལ་བསྐྱར་ཞིབ་བྱ་རྒྱུའི་བསམ་འཆར་བཏོན་ནས་ཞིང་ཆེན་ཚན་རྩལ་ཨུ་ཡོན་ལྷན་ཁང་ལ་ཞིབ་བཤེར་གནང་རྒྱུར་འབུལ་དགོས། ཞིབ་བཤེར་བྱས་ནས་ཚད་མ་ལོན་པའི་རིགས་ལ་དེའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ཀྱི་མིང་དང་ཐོབ་ཐང་མེད་པ་བཟོ་རྒྱུ་དང་འབྲེལ་འབྲེལ་ཡོད་སྡེ་ཁག་ལ་བརྡ་ཁྱབ་བཏང་ནས་དཔྱ་ཁྲལ་ཕྱིར་སློག་བྱ་མི་ཆོག

དོན་ཚན་བཅུ་པ། ནོར་སྲིད་ནས་འགྲོ་སྒོ་བཏང་སྟེ་ཕྱིར་སློག་བྱས་པའི་ལག་རྩལ་མཐོ་གསར་གྱི་ཐོན་རྫས་ཀྱི་ཐོབ་ཁྲལ་དེ་སྡེ་ཚན་ཁག་གིས་ཆེད་དམིགས་སུ་ཚན་རྩལ་གསར་སྤེལ་བྱེད་པར་སྤྱོད་དགོས་པ་ལས་སྤྱོད་སྒོ་གཞན་ལ་བཏང་མི་ཆོག

དོན་ཚན་བཅུ་གཅིག་པ། བྱ་ཐབས་འདི་ཁྱབ་བསྒྲགས་བྱས་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།

དོན་ཚན་བཅུ་གཉིས་པ། བྱེད་ཐབས་འདིར་ཧྲའན་ཞི་ཞིང་ཆེན་གྱི་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་རྒྱག་འགན་འཁུར་དགོས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མཐོ་གསར་ལག་རྩལ་ཐོན་རྫས། ལག་རྩལ།