མ་ཉེས་པར་གླེང་བ་རྣམ་པ་བཞི།སྔ་མའི་པར་གཞི་དེ ཀུན་བཟང་སྐྱིད།kulog  ནས 2021-10-14 09:27ལ་འགྲུབ།

མ་ཉེས་པར་གླེང་བ་རྣམ་པ་བཞི།

འདུལ་བ་མདོའི་རྣམ་པར་བཤད་པ་ལས་བྱུང་བའི་མ་ཉེས་པར་གླེང་བ་རྣམ་པ་བཞི་ལ་གོ་བ་ཡིན།
གཞི་རྩའི་གནས་ཚུལ།

འབྱུང་ཁུངས།
《བསྟན་འགྱུར་འདུལ་བ་རུ་པ》ཤ249ན7ལས་བཏུས།
རིགས་དབྱེ།
ནང་དོན་རིག་པ།
1 རྣམ་གྲངས་འདྲེན་པ།

འདུལ་བ་མདོའི་རྣམ་པར་བཤད་པ་ལས་བྱུང་བ་སྟེ།

1.དངོས་པོ་མེད་པ་ལ་མ་ཉེས་པར་གླེང་བ་ནི། ཉེས་པའི་དམིགས་མེད་པའོ༎ 

2.ནོར་བའི་དབང་གི་མ་ཉེས་པར་གླེང་བ་ནི། ལྷག་མ་བྱས་པ་ལ་ལྟུང་བ་བྱས་སོ་ཞེས་ཟེར་བ་ལྟ་བུར་བརྒལ་བ་ནོར་བའོ༎ 

3.བཅོས་པ་ལ་མ་ལྟོས་པ་ལ་མ་ཉེས་པར་གླེང་བ་ནི། ཉེས་པའི་གཉེན་པོ་བྱས་ཟིན་པའི་འོག་ཏུ་གླེང་ཞིང་རྒོལ་བའོ༎

4.སྨོས་པར་བྱས་པ་ལ་མ་ཉེས་པར་གླེང་བ་ནི། སྨོས་ཏེ་མ་དྲན་པའི་ཚེ་ཉེས་པ་བྱས་པའོ༎