དར་ལག་རྒྱས་མདོ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 14:38ལ་འགྲུབ།

དར་ལག་རྒྱས་མདོ།

དར་ལག་རྒྱས་མདོ།
དེ་ནི་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། གནས་འདིའི་མཐོ་ཚད་ལ་མཚོ་འཕགས་སྨི3800ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°42′དང་། ཤར་གྱི་གཞུང་ཚད99°27′གྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོ།
གནས་ཚད།
བྱང་གི་འཕྲེད་ཚད33°42′དང་། ཤར་གྱི་གཞུང་ཚད99°27′གྱི་མཚམས་སུ་ཡོད།
མཚོ་འཕགས།
སྨི3800ཡོད།
རིགས་དབྱེ།
གནས་རི།
1 ​གནས་ཡུལ།

དེ་ནི་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། གནས་འདིའི་མཐོ་ཚད་ལ་མཚོ་འཕགས་སྨི3800ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°42′དང་། ཤར་གྱི་གཞུང་ཚད99°27′གྱི་མཚམས་སུ་ཡོད།

2 ངོ་སྤྲོད།

སྒྲོག་སུམ་སྐོར་ཐང་ལ་འཕངས་འདྲའི་དར་ལག་རྒྱས་མདོ་ནི། གཡོན་དུ་དར་རྒན་ཆུ་དང་གཡས་སུ་དར་ལག་གི་ཆུ་གཉིས་རྨ་འབྲུག་ཁ་སྤྲོད་ཀྱི་ཚུལ་དུ་འབབ་པའི་ཆུ་མདུད་དེར་སྤང་ཐང་ཡངས་པོ་མེ་ཏོག་གི་དགའ་ཚལ་ཞིག་ཡོད་པ་དེའོ། ། སྔོན་ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཡུལ་འདིར་བྱོན་ནས་གནས་འདིའི་བཀོད་པ་གཟུགས་འཛིན་དགའ་བའི་དཔྱིད་དུ་གྱུར་བ་ན་ཐུགས་སྤྲོ་བ་དང་བཅས་ས་མིང་དྲིས་ཚེ་དར་ལག་རྒྱས་མདོ་ཞེས་སྙན་དུ་འབྱོར། དར་ཞིང་ལེགས་པར་རྒྱས་པ། ཅི་འདྲའི་གནས་མིང་ཡག་པ་ལ་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཐོར། ངག་རྒྱུན་ལ་གནས་འདི་ནི་སྔར་གླིང་གི་དུས་སུ་གདོང་ཆོས་ལུ་བུ་ཡི་དར་འཕེན་གྱི་ས་ཆ་ཡིན་ལ། དཔོན་མིང་ས་ལ་ཐོགས་པ་ཡིན་པར་བཤད། རྗེས་སུ་དབང་ཆེན་དཔོན་པོ་མདོ་སྡེའི་ཕོ་བྲང་འདི་རུ་བཞེངས་ཤིང་འཕྲིན་ལས་ཀྱི་མཛད་པ་འདི་ནས་བསྐྱངས།

ཁོང་གིས་སྐུ་ཚེ་གང་བོར་སངས་རྒྱས་ཀྱི་བསྟན་པ་ལ་ཞབས་ཞུ་དང་དད་ལྡན་པའི་གསོས་སྨན་དུ་དགོན་པ་ཞིག་བཞེངས་རྒྱུའི་སེམས་ཐག་བཅད་དེ། ཀ་ཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་ལ་དགོན་པ་ཞིག་འདེབས་དགོས་པའི་བང་ཆེན་ཐེངས་མང་ལ་མངགས་པས། ཀ་ཐོག་སི་ཏུ་གནས་འདིར་བྱོན་ནས་སའི་དགེ་བཅུ་ཚང་བའི་དར་ལག་རྒྱས་མདོ་ལ་དགོན་ས་གཟིགས་ཏེ། དབང་མདའི་གླིང་སྤྲུལ་དང་ཁོང་གཉིས་ཀྱིས་ས་འདུལ་མཆོད་རྟེན་ཞིག་ཀྱང་བཞེངས། ཡིན་ནའང་དེ་རྗེས་དབང་ཆེན་མདོ་སྡེས་ལོ་དྲུག་ཙམ་ལ་གྲ་སྒྲིག་བྱས་ཀྱང་འདེབས་རྒྱུ་མ་བྱུང་བས། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་གདན་དྲངས་པ་ཁོང་གིས་ཀྱང་ཞབས་ཀྱི་པདྨོ་གནས་འདིར་བསྒྱུར་ཏེ། དར་ལུང་ཕྱུག་མོའི་ཡུལ་ཕྱོགས་རང་གི་གདུལ་ཞིང་དུ་མཁྱེན་ནས་དགུང་ལོ་སོ་གཉིས་སྟེང་དགོན་ས་བསྐྱར་གཟིགས་མཛད་རྗེས་དར་གྱི་སྙན་མོ་རི་ལ་རྣམ་རྒྱལ་དགེ་ལྡན་དགོན་པ་ཕྱག་བཏབ། ཁོང་གི་ཐུགས་བསྐྱེད་སྨོན་ལམ་གྱིས་སྙན་མོ་དགོན་ནི་མགོ་ལོག་ཁག་གསུམ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཤིག་ཏུ་གྱུར།