དམག་བྱིའུ།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:39ལ་འགྲུབ།

དམག་བྱིའུ།

དམག་བྱིའུ།
དམག་བྱིའུ་ནི་གཉན་པོ་གཡུ་རྩེའི་ཁོར་ཡུག་འདིར་ཆེས་མང་བའི་འདབ་ཆགས་ཤིག་ཡིན་ལ། ཚོད་དཔག་གིས་བརྩིས་ན་གཉན་པོ་གཡུ་རྩེ་ཁོར་ཡུག་ཏུ་དམག་བྱིའུ1300000ལྷག་ཡོད་སྲིད་པ་དང་། གནས་འདིར་དུས་བཞིར་སྡོད་པའི་གཏན་བྱའང་ཡིན། དབྱར་དུས་མཚོ་འཕགས5200ཡན་གྱི་རྫ་མགོར་ཕྱིན་ཏེ་སྐྱེ་འཕེལ་བྱེད་པ་དང་། སྟོན་དགུན་མཚམས་སུ་ཤོད་གཞུང་རྣམས་སུ་འོང་སྟེ་ཁྱུ་དང་ཁྱུ་བྱས་ཏེ་འཚོ་སྡོད་བྱེད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
高山岭雀
ཕྱི་ཡིག་གི་མིང་།
Leucosticte brandti
1 ངོ་སྤྲོད།

དམག་བྱིའུ་ནི་གཉན་པོ་གཡུ་རྩེའི་ཁོར་ཡུག་འདིར་ཆེས་མང་བའི་འདབ་ཆགས་ཤིག་ཡིན་ལ། ཚོད་དཔག་གིས་བརྩིས་ན་གཉན་པོ་གཡུ་རྩེ་ཁོར་ཡུག་ཏུ་དམག་བྱིའུ1300000ལྷག་ཡོད་སྲིད་པ་དང་། གནས་འདིར་དུས་བཞིར་སྡོད་པའི་གཏན་བྱའང་ཡིན། དབྱར་དུས་མཚོ་འཕགས5200ཡན་གྱི་རྫ་མགོར་ཕྱིན་ཏེ་སྐྱེ་འཕེལ་བྱེད་པ་དང་། སྟོན་དགུན་མཚམས་སུ་ཤོད་གཞུང་རྣམས་སུ་འོང་སྟེ་ཁྱུ་དང་ཁྱུ་བྱས་ཏེ་འཚོ་སྡོད་བྱེད་པ་རེད། བྱིའུ་ཁྱུར་རེ་རེར་བཅུ་ཕྲག་ཁ་ཤས་ནས་སྟོང་ཕྲག་ཁ་ཤས་བར་ཡོད་པས་ཡུལ་འདིས་བྱིའུ་དམག་ཟེར། ཁྱིམ་ཚང་སུ་ཚང་གི་རྩྭ་སའི་སྟེང་གི་བྱིའུ་ཁྱུ་མང་ན་དེར་ཚང་གི་རྩྭ་ས་ལེགས་ཤིང་བཀྲ་ཤིས་པར་བརྩི། དམག་བྱིའུ་ཡིས་གཙོ་བོ་རྩྭ་སོན་དང་གཞན་པའི་རྩི་ཤིང་རིགས་ཀྱི་ས་བོན་གྱིས་ཁ་ཟས་བྱེད། གནའ་སྔ་མོར་དམག་བྱིའུ་ཧ་ཅང་མང་ཡང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་དགུ་བཅུ་བའི་ནང་ཨབ་དུག་གིས་འབོར་ཆེན་བསད་དེ་མི་ལོ་བཅུ་ཕྲག་དུ་མའི་རིང་ཉུང་ངུ་ཞིག་ལས་མཐོང་དུ་མེད་པར་གྱུར། 

སྔོན་ཆད་དམག་བྱིའུ་ཁ་ཟས་སུ་བྱེད་པའི་ཁྲ་དང་། ཡེ་རྩེ། ཧོར་བ་སོགས་འཇུམ་ཟན་འདབ་ཆགས་རིགས་ཀྱང་ཤིན་ཏུ་མང་མོད་དམག་བྱིའུ་འཕེལ་འགྲིབ་དང་འགྲོགས་ནས་ལྡབ་མང་པོས་ཇེ་ཉུང་དུ་ཕྱིན། ཉེ་བའི་ལོ་ཤས་ནང་དམག་བྱིའུ་ཡིས་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདིས་ནི་གཉན་པོ་གཡུ་རྩེའི་སྐྱེ་ཁམས་མ་ལག་ཉམས་གསོ་འོང་བཞིན་ཡོད་པ་མཚོན་ནོ༎

བརྡ་འགྲེལ་གདོང་འཛར།

འདབ་ཆགས། བྱ། དམག་བྱིའུ།