ཁྲ་གླིང་དུར་ཁྲོད།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:03ལ་འགྲུབ།

ཁྲ་གླིང་དུར་ཁྲོད།

ཁྲ་གླིང་དུར་ཁྲོད།
ཁྲ་གླིང་དུར་ཁྲོད་བདེ་ཆེན་ཞིང་གི་སྟེགས་བུ་ནི་མགོ་ལོག་ཁུལ་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ20ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4125ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°43′དང་། ཤར་གྱི་གཞུང་ཚད99°29′ཡི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོ།
གནས་ཚད།
བྱང་གི་འཕྲེད་ཚད33°43′དང་། ཤར་གྱི་གཞུང་ཚད99°29′ཡི་མཚམས་སུ་ཡོད།
མཚོ་འཕགས།
སྨི4125ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

ཁྲ་གླིང་དུར་ཁྲོད་བདེ་ཆེན་ཞིང་གི་སྟེགས་བུ་ནི་མགོ་ལོག་ཁུལ་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ20ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4125ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°43′དང་། ཤར་གྱི་གཞུང་ཚད99°29′ཡི་མཚམས་སུ་ཡོད།

2 ངོ་སྤྲོད།

ཁྲོས་མའི་དུར་ཁྲོད་དམ་ཁྲ་གླིང་དུར་ཁྲོད་བདེ་ཆེན་ཞིང་གི་སྟེགས་བུ་ནི་གླིང་བླ་མ་ཆོས་ཀྱི་རྡོ་རྗེས་རབ་བྱུང་བཅོ་ལྔ་བའི་ལྕགས་ཕོ་སྤྲེལ་ལོར་གུ་རུའི་ལུང་བསྟན་བཞིན་དུར་ཁྲོད་ཀྱི་འོག་གཞིར་སྒྲུབ་དཀྱིལ་གྱི་དཀྱིལ་འཁོར་ཚད་ལྡན་སྟ་གོན་བྱས་ནས། དགུན་གྱི་དུས་སུ་ཉེ་གནས་གཅིག་དང་བཅས་ཁྲོས་མ་ལྷ་ལྔའི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་དུར་ཁྲོད་འདི་ལ་རྟགས་དང་མཚན་མ་མངོན་དུ་མ་གྱུར་བར་དུ་བསྒྲུབ་པར་བྱ་བའི་དམ་བཅའ་ལ་གཞོལ་བས། ཉིན་བདུན་པའི་ནམ་ལངས་ཁར་དུར་ཁྲོད་དུ་འཇའ་ཕོན་དཀར་པོ་འོད་འཚེར་བ་ཀུ་ཤའི་དབྱིབས་ལྟ་བུ་ཟུག་པའི་རྟགས་མཚན་བཟང་བོ་ཡུལ་མི་ཀུན་གྱིས་མཇལ། ཉིན་དེར་ལུང་ཡག་དུར་ཁྲོད། རྒྱུ་ལག་དུར་ཁྲོད་སོགས་ཉེ་གནས་ཀྱི་དུར་ཁྲོད་འགའ་ལ་ཡང་འཇའ་ཕོན་དེ་འདྲ་ཟུག་པ་དེར་གནས་ཡུལ་མི་ཀུན་གྱིས་མངོན་གསལ་དུ་མཐོང་། རྗེ་ཉིད་ལ་ཡང་ཞལ་གཟིགས་དང་ཉམས་སྣང་དུ་མ་བྱུང་། འབྲེལ་ཚད་སྲིད་ལས་གྲོལ་བའི་ཐུགས་སྨོན་གནང་། ཁོང་ཉིད་ཀྱིས་ཀྱང་དུར་ཁྲོད་འདིར་འབྲེལ་ཚད་དོན་ལྡན་ཡིན་པར་ཞལ་གྱིས་བཞེས། འཕགས་པ་ཕྱག་ན་པད་མོའི་རྣམ་སྤྲུལ་མ་ཎི་བླ་མ་པད་མ་སིདྡྷི་དུར་ཁྲོད་འདིར་བྱོན་ནས། དུར་ཁྲོད་འདི་རྒྱ་གར་དུར་ཁྲོད་བསིལ་བའི་ཚལ་དང་ཁྱད་པར་མེད་པའི་སྨོན་ལམ་བཏབ། ལས་ཅན་མིན་ན་དུར་ཁྲོད་འདི་དང་འཕྲད་མི་ཐུབ་གསུངས་ནས་དུར་རྡོའི་སྟེང་དུ་བཞུགས་ཏེ་དབུ་སྐྲ་དང་ཕྱག་སེན་གཏོར། ཐུགས་སྨོན་ཕུན་སུམ་ཚོགས་པ་མཛད། དུས་འགྱུར་གྱི་སྐབས་ཀྱང་འདི་ལ་གནོད་མ་ནུས་པར་དད་ལྡན་གྱིས་རེ་ལྟོས་བཅའ་བའི་རྟེན་མཆོག་ཏུ་གྱུར་ཅིང་འབྲེལ་ཚད་དོན་དང་ལྡན་པར་བྱུང་།