ཨ་མདོ་དགེ་བཤེས་ཀྱི་གཟིམ་ཁང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 14:40ལ་འགྲུབ།

ཨ་མདོ་དགེ་བཤེས་ཀྱི་གཟིམ་ཁང་།

ཨ་མདོ་དགེ་བཤེས་ཀྱི་གཟིམ་ཁང་།
དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། མཐོ་ཚད་ལ་མཚོ་འཕགས་སྨི4200ཡོད། རྫོང་མཁར་ནས་སྤྱི་ལེ30ཡས་མས་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°40′དང་། ཤར་གྱི་གཞུང་ཚད99°26′གི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོ།
གནས་ཚད།
བྱང་གི་འཕྲེད་ཚད33°40′དང་། ཤར་གྱི་གཞུང་ཚད99°26′གི་མཚམས་སུ་ཡོད།
མཚོ་འཕགས།
སྨི4200ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། མཐོ་ཚད་ལ་མཚོ་འཕགས་སྨི4200ཡོད། རྫོང་མཁར་ནས་སྤྱི་ལེ30ཡས་མས་ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°40′དང་། ཤར་གྱི་གཞུང་ཚད99°26′གི་མཚམས་སུ་ཡོད།

2 ངོ་སྤྲོད།

ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས(སྤྱི་ལོ1888—1936ལོའི་བར)ནི་ཡབ་ཉིན་ལུང་སྐུ་ཆེན་དང་ཡུམ་འགར་བཟའ་ཀླུ་མོ་བྱམས་གཉིས་ཀྱི་སྲས་སུ་མཚོ་སྔོན་ཁྲི་ཤར་རྒྱལ་མོའི་ཉེ་འགྲམ་ནས་སྐུ་འཁྲུངས་ཤིང་། དགུང་གྲངས་བཅུ་གཅིག་པར་སྐུ་འབུམ་བྱམས་པ་གླིང་དུ་ཚོགས་ཞུགས་མཛད། རྗེ་ཡེ་ཤེས་རྒྱ་མཚོ་དང་། ནོ་མོན་དགེ་བཤེས་མཚོ་སྔོན་ཞབས་དྲུང་རིན་པོ་ཆེ་ངག་དབང་ཕུན་ཚོགས། དཔའ་རིས་བློ་བཟང་རབ་གསལ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དག་ལས་གཞུང་ལུགས་རྒྱ་མཚོ་ལྟ་བུར་གསན་བསམ་མཐིལ་ཕྱིན་མཛད། དགུང་གྲངས་ཉེར་བདུན་པར་ཧྲེ་ཧོར་བྲག་མགོ་དགོན་གྱི་སྐྱབས་རྗེ་བྲག་དཀར་དགེ་བཤེས་བློ་བཟང་སྙན་གྲགས་ཀྱི་མཚན་ཐོས་པས་དད་གུས་ཀྱི་འདུན་པ་བཟློག་ཏུ་མེད་པ་འཁྲུངས་ནས་བླ་མ་དེ་ཉིད་ཀྱི་དྲུང་དུ་ཕེབས་ཤིང་། གསུང་གླེང་མང་དུ་སྤེལ་ཅིང་དགྱེས་ཚོར་མཛད་མེད་གནང་སྟེ་བཀའ་ཆོས་མང་བོ་བསྩལ་ནས་གསུང་གི་གསང་བར་རོལ་བའི་སློབ་ཆེན་དུ་གྱུར། བྲག་དཀར་རིན་པོ་ཆེ། ཧྲེ་དཀར་ཤེས་རབ་རྒྱ་མཚོ། གྲུབ་དབང་དྷརྨ་སེང་གེ། གཏེར་ཆེན་ལས་རབ་གླིང་པ་སོགས་ལས་སྔ་འགྱུར་རྙིང་མའི་ཆོས་བཀའ་མང་དུ་གསན་པ་སོགས་གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་བོ་གཙུག་ཏུ་བཀུར་ཏེ། མདོ་སྔགས་ཀྱི་ཆོས་བཀའ་མང་བོར་གསན་བསམ་རྒྱ་ཆེར་མཛད་པས་མཁས་བཙུན་བཟང་གསུམ་གྱི་སྙན་པ་ཕྱོགས་ཀྱི་བུ་མོའི་རྣ་ཆར་གྱུར། སྤྱི་ལོ1919ལོར་དབང་ཆེན་དཔོན་པོ་མདོ་སྡེའི་ཐུགས་འདུན་དང་བྲག་དཀར་དགེ་བཤེས་ཀྱི་བཀའ་ལུང་ལྟར་དཔལ་སྙན་མོ་དགོན་གསར་དུ་བཏབ་ནས་ཡུལ་འདིར་མཛད་པ་ཡུན་རིང་བསྐྱངས། དེའི་རིང་དུས་ཡུན་རིང་བོར་གཟིམ་ཁང་འདི་རུ་ཟབ་ཆོས་ལ་ཐོས་བརྩོན་དང་བསྟན་འགྲོའི་དོན་མཛད་ནས་བཞུགས་པ་ཡིན།