བོན་པའི་སྒྲུབ་ཕུགསྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:06ལ་འགྲུབ།

བོན་པའི་སྒྲུབ་ཕུག

བོན་པའི་སྒྲུབ་ཕུག
དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ30ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4395ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°41′དང་། ཤར་གྱི་གཞུང་ཚད99°27′གྱི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

གནས་ཡུལ།
མགོ་ལོག་ཁུལ་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོ།
གནས་ཚད།
བྱང་གི་འཕྲེད་ཚད33°41′དང་། ཤར་གྱི་གཞུང་ཚད99°27′གྱི་མཚམས་སུ་ཡོད།
མཚོ་འཕགས།
སྨི4395ཡོད།
རིགས་དབྱེ།
གནའ་ཤུལ།
1 ​གནས་ཡུལ།

དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ30ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4395ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°41′དང་། ཤར་གྱི་གཞུང་ཚད99°27′གྱི་མཚམས་སུ་ཡོད།

2 འབྲལ་ཡོད་ངག་རྒྱུན།

དར་གྱི་སྙན་མོ་རི་འདིར་སྔོན་བོན་པོའི་དགོན་པ་དང་སྒྲུབ་གནས་ཡོད་པར་གྲགས་ལ། དུས་རབས་བཅུ་གཅིག་པའི་སྐབས་ཙམ་ན་རྗེ་བཙུན་མི་ལ་རས་པ་དང་དུས་ཐོག་གཅིག་པའི་བོན་གྱི་མཁས་ཆེན་ཁྱུང་སྒོམ་བྱ་བ་ཡུལ་འདི་ནས་སྒོམ་སྒྲུབ་མཛད་པར་གྲགས་པའི་སྒྲུབ་ཕུག་ཀྱང་འདི་ཡིན། ནག་ཆུའི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱ་ཆ་བདམས་བསྒྲིགས་ལས་ཁྱུང་པོའི་རྒྱལ་རབས་དང་ལོ་རྒྱུས་ཞེས་པར་བོན་གྱི་མཁས་ཆེན་ཁྱུང་སྒོམ་བྱ་བ་འདན་རྒྱུད་ནས་ལོ་དགུ་ལ་སྐུ་མཚམས་བསྡམས་ཤིང་། ཀུན་བཟང་ཡང་ཞན་ལ་ཐུགས་དམ་མཛད་ནས་ཀུན་བཟང་གི་ཞལ་གཟིགས། སྲིད་པའི་རྒྱལ་མོའི་ལུང་བསྟན་ལ་ཉི་མ་ཤར་དུ་སོང་དང་འགྲོ་དོན་འཕེལ་ཞེས་པ་ལྟར་མདོ་སྨད་དུ་བྱོན། རབ་བྱུང་ཡིན་ཡང་མཚམས་སྐྲ་ཡོད། ཁོང་གི་བཀའ་རྒྱུད་རྣམས་ཀྱང་ཐོར་ཅོག་ཅན་གྱི་རྒྱུད་པ་འཛིན། སློབ་མ་སེ་འཕགས་ཆེན་པོ་ལ། ཁྱེད་དར་གྱི་གཉེན་མོ་རི་ལ་ཟླ་མཚམས་སུ་བཞུགས་དགོས་གསུངས་ཡོད་པ་ལ་དཔགས་ན་སྔོན་གྱི་དུས་སུ་བོན་པོས་སྒྲུབ་པ་མཛད་པའི་གནས་ཤིག་ཡིན་པར་སེམས། གནས་འདིའི་གྲྭ་པ་རྒན་པ་རྣམས་ཀྱིས་བཤད་པ་ལྟར་ན་དམངས་གཙོའི་བཅོས་བསྒྱུར་གྱི་རྗེས་སུ་རྒྱབ་རི་ནས་བོན་པོའི་དཔེ་ཆ་མང་དུ་རྙེད་པ་མགོ་ལོག་ཁུལ་རིག་གནས་ཁང་གིས་ཁྱེར་སོང་ཟེར།