གཏམ་བྲག་ཇོ་བོ་སྦོམ་ཤེལ།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:39ལ་འགྲུབ།

གཏམ་བྲག་ཇོ་བོ་སྦོམ་ཤེལ།

གཏམ་བྲག་ཇོ་བོ་སྦོམ་ཤེལ།
གཏམ་བྲག་ཇོ་བོ་སྦོམ་ཤེལ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་གཞི་བདག་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

གནས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་།
རིགས་དབྱེ།
གཞི་བདག་གྲགས་ཅན།
1 ངོ་སྤྲོད།

དེ་ཡང་། སྔ་མིའི་ངག་རྒྱུན་ལས། གཏམ་ཅི་བཤད་སྔོན་ནས་ཕ་མྱེས་ལ་བསྟོད་པ། ཟས་ཅི་ཟོས་གོང་ནས་དཀོན་མཆོག་ལ་མཆོད་པ་ཟེར་བའི་དཔེ་ལྟར། གཏམ་ཁོག་ཇོ་བོ་སྦོམ་ཤེལ་འདི་སྔོན་ཞི་བ་དང་དཀར་ཕྱོགས་ཀྱི་ཡུལ་ལྷ་ཞིག་ཡིན་ཞིང་། དེ་རྗེས་སློབ་དཔོན་པདྨ་བོད་དུ་བྱོན་ཞིང་བོད་ཡུལ་ཞབས་ཀྱིས་བཅགས་སྐབས། བསྟན་མ་བཅུ་གཉིས་དང་། ལྷ་སྲིན་སྡེ་བརྒྱད། དགེ་བསྙེན་ཉེར་གཅིག་རྣམས་བཀའ་བསྒོས་ཤིང་དམ་ལ་བཞག་སྐབས་ཡང་དཀར་ཕྱོགས་སྐྱོང་བའི་ཡུལ་ལྷའི་གཙོ་བོར་མངའ་གསོལ། དེ་རྗེས་རིམ་བཞིན་སྔོན་སྤྱི་ལོ་༡༢༣༦ལོར་གོང་ས་ནང་ཆེན་རྒྱལ་པོའི་གདན་ས། བྱང་སྐུ་འབུམ་དུ་བསྐྱངས་སྐབས་ཡང་ཞི་བའི་གཞི་བདག་ལ་མཆོད་བསྟོད་མཛད་སྐབས་དེར་བདེ་སྐྱིད་སྲིད་སྐྱོང་ས་སྐྱའི་འགྲོ་མགོན་ཆོས་འཕགས་སོག་པོ་ལ་ཕེབས་པའི་ལམ་བར་དུ། གོང་ས་མཆོག་ནས་གདན་འདྲེན་ཞུས་སྐབས། ཕོ་བྲང་ནང་སོའི་ནང་དུ་གསེར་ཁྲིར་འཁོད། རྗེ་ཉིད་ཀྱིས་ཇོ་བོ་འདི་ས་བརྒྱད་ནོན་པའི་སེམས་དཔའ་ཆེན་པོ་ཞིག་ཡིན་པ་ཉམས་སྣང་ལ་ཤར་གསུངས་། སྔོན་ཆད་གནས་རི་འདི་ལ་བྲག་དམར་པོ་ཅུང་ཟད་ཙམ་མེད་ཅིང་། ཕྱིས་སུ་མདོ་ཁམས་སྐུ་རྒྱལ་ལ་ཉེ་བྱས་ཏེ་བག་མ་བསུས་པ་རེད་ཟེར་ཏེ་བྲག་ཐོ་དམར་པོ་ཞིག་ཡོད་པ་ལ་དམར་པོ་རྟ་འདྲ་ཟེར་ཏེ་སྐུ་རྒྱལ་གྱི་སྲས་མོ་ཡིན་པར་གྲགས་ཤིང་། དེ་རྗེས་རིམ་བཞིན་དམར་པོ་གང་སར་ཁྱབ་ཅིང་ད་སྐབས་ཞི་དྲག་གཉིས་སུ་གྱུར་པར་བཤད། དེ་ཡི་རྗེས་སུ་སྐྱོ་བྲག་བསྟན་སྙིང་ཇོ་བོའི་མགུལ་དུ་མཚམས་ཕུག་ནང་དུ་བཅད་རྒྱ་ལ་བཞུགས་སྐབས་ནུབ་གཅིག་རྨི་ལམ་དུ་ཇོ་བོ་མཇལ་ནས་སྐུ་ཡི་བསྟོད་པ་ནི། 

ལྷ་ཆེན་ཇོ་བོ་བྷོམ་ཤེ་ནི། །ཀྱེེ། ས་མའི་དགེ་བསྙེན་ཡུལ་འདི་སྐྱོང་བ་ཡི། །ཇོ་བོ་བྷོམ་ཤེ་མི་དཀར་གཡུ་སྨན་ཅན། །སྟག་ཞུ་དར་བེར་འཁོར་གསུམ་དཔའ་ཆས་ལྡན། །ཤེལ་དཀར་རལ་གྲི་ཇུ་ཐིག་ཕྱག་ན་བསྣམས། །རྟ་དཀར་རྒྱན་ལྡན་ལ་ཆིབས་རང་རིག་གིས། །རྡོ་རྗེ་དྲག་པོའི་བརྗོད་པའོ། །གཏེར་ཆེན་མཆོག་གྱུར་གླིང་པས་ཐུགས་སྒྲུབ་བར་ཆད་ཀུན་སེལ་གཏེར་ནས་བཏོན་ཤུལ་དང་། དཔལ་མེའི་མཁྱེན་སྤྲུལ་བདེ་ཆེན་རྡོ་རྗེའི་གུ་རུ་གསང་བ་ཟིལ་གནོན་གཏེར་ནས་བཏོན་ཤུལ་སོགས་ནི་ཡོངས་གྲགས་ལྟར་གསལ་ལོ། །སྐབས་དེར་མཁྱེན་སྤྲུལ་གསང་བའི་རྣམ་ཐར་ལས། ཟླ་ཆུ་ཆུ་བོ་དགུང་དུ་འཕྱུར་བའི་སྐབས་རྐང་པ་ཆུ་ལ་མ་རེག་པར་ཕར་ཁར་སླེབས་གསུང་པ་བཞིན་མཐའ་ཡས་པ་ཡོད་དེ། ཀྱེ། པདྨའི་དགེ་བསྙེན་ཡུལ་འདི་སྐྱོང་བ་ཡི། །ཇོ་བོ་སྦོམ་ཤེ་མི་དཀར་གཡུ་སྨིན་ཅན། །སྟག་ཞུ་བེར་གསོལ་འཁོར་གསུམ་དཔའ་ཆས་ལྡན། །ཤེལ་དཀར་རལ་གྲི་ཇུ་ཐིག་ཕྱག་ན་བསྣམས། །རྟ་དཀར་རྒྱན་ལྡན་ལ་ཆིབས་རང་རང་གི། །སྲས་དང་དགྱེས་སྡེ་འཁོར་བཅས་འདིར་གཤེགས་བཞུགས། །རྡོ་རྗེ་དྲག་པོས་བརྗོད་པའོ། །