ཡུལ་ལྷ་འཇམ་དབྱངས་ཁྲོ་བོ་དབུ་དགུ།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:39ལ་འགྲུབ།

ཡུལ་ལྷ་འཇམ་དབྱངས་ཁྲོ་བོ་དབུ་དགུ།

ཡུལ་ལྷ་འཇམ་དབྱངས་ཁྲོ་བོ་དབུ་དགུ།
ཡུལ་ལྷ་འཇམ་དབྱངས་ཁྲོ་བོ་དབུ་དགུ་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་ཁོངས་སུ་ཡོད་པའི་གཞི་བདག་གྲགས་ཅན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

གནས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་།
རིགས་དབྱེ།
གཞི་བདག་གྲགས་ཅན།
1 ངོ་སྤྲོད།

ཀྱཻ། ལྷོ་ཡུལ་ངང་མ་ཟླ་ཆུའི་མཚམས་ཤེད་ན། །ཕྱི་ལྟར་བྲག་རི་ཁམས་པ་ཁྲོ་ལ་རྩུབ། །རྒོད་གླག་རི་དྭགས་རྩེ་ཞིང་ཀྱུ་བའི་གནས། །ནང་ལྟར་རིན་ཆེན་བཀྲ་ཤིས་གཞལ་ཡས་ཁང་། །དེ་དབུས་ལོངས་སྤྱོད་ཕུན་ཚོགས་ཁྲི་སྟེང་དུ། །རྟ་ཁམས་འཕུར་ཤེས་རླུང་ནག་འཚུབ་མའི་དཀྱིལ། །ཡུལ་ལྷ་འཇམ་དབྱངས་ཁྲོ་བོ་དབུ་དགུ་པ། །སྐུ་མདོག་དམར་སྨུག་མཛེས་འཛུམ་རིན་ཆེན་བརྒྱན། །དར་དམར་བེར་གསོལ་རལ་པ་སིལ་བུར་གྲོལ། །ཕྱག་གཡས་འབྲས་སྙི་འབྲུ་ཡི་ཆར་པ་འབེབས། །གཡོན་པས་གཏེར་བུམ་བདུད་རྩི་ན་བུན་འཁྲིགས། །ཡུལ་ལྷ་མཐུན་པའི་ཆ་ལུགས་ཅིར་ཡང་སྟོན། ། འཁོར་དུ་བཙན་བདུད་མང་པོ་ཉི་ལི་ལི། །གཡས་སུ་རྒྱ་མཚོ་འཁྱིལ་པའི་ཕོ་བྲང་ན། །ཕ་སྐོམ་དགེ་བསྙེན་སྦྲུལ་མཇུག་ལྡིང་ཀ་ཅན། །ཞི་འཛུམ་རིན་ཆེན་རྒྱན་ལྡན་གཏེར་བུམ་འཛིན། །ཀླུ་སྨན་ཀླུ་མོ་ཀླུ་ཕྲུག་ཀྱི་ལི་ལི། །གཡོན་དུ་གཙུག་ལག་ཕོ་བྲང་མཁར་ནང་ན། །རཱ་ཙ་དགེ་སློང་ཆ་བྱད་མཐུ་སྟོབས་ཅན། །འཁར་གསིལ་ལྷུང་བཟེད་བསྣམས་ཤིང་ཆོས་གོས་གསོལ། །སེར་འཚོགས་བཙུན་གཟུགས་མང་པོ་སྒ་ར་ར། །ཡུལ་ལྷ་གནས་བདག་ཀླུ་དང་རྒྱལ་པོའི་ཚོགས། །དབོན་པོ་རབ་འབྱོར་གྱིས་སོ། །