དཔལ་ཆེན་རི་བོ།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:40ལ་འགྲུབ།

དཔལ་ཆེན་རི་བོ།

དཔལ་ཆེན་རི་བོ་ནི་ནགས་སོག་གཉིས་གྲོང་སྡེ་རུ་ཡོད་ཅིང་། གྲོང་སྡེ་དེར་གྲོང་ཚོ་དྲུག་ཡོད་དེ། སྐྱོ་བྲག་སྒར་གྲོང་ཚོ། ཝ་ཁྱུང་བྲག་རྩའི་གྲོང་ཚོ། བཀྲ་ནང་གྲོང་ཚོ། གཡེར་པོ་མདའ་གྲོང་ཚོ། ཆུ་དམར་ནང་གྲོང་ཚོ། སྐེ་ཉི་ནང་གྲོང་ཚོ་བཅས་ཡིན།
གཞི་རྩའི་གནས་ཚུལ།

གནས་ཡུལ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།
རིགས་དབྱེ།
གནས་རི།
1 དཔལ་ཆེན་རི་བོའི་གནས་ཡིག

གུ་རུ་པདྨ་སིདྡྷི་ཧཱུྃ། སངས་རྒྱས་ཀུན་འདུས་པདྨ་འབྱུང་། །རང་རིག་བླ་མར་ཡོངས་ཤར་བ། །རྩ་གསུམ་ལྷ་ལ་གུས་པས་འདུད། །འཇིག་རྟེན་ཡོངས་སུ་གྲགས་པ་ཡི། །རི་བཙུན་ཞེས་སུ་མིང་ཆགས་པ། །དོན་དུ་དཔལ་ཆེན་རི་བོ་སྟེ། །རྩེ་མོར་བཀའ་བརྒྱུད་བླ་མའི་ཚོགས། །ཀུན་བཟང་ཡབ་ཡུམ་རྡོ་རྗེ་འཆང་། །བཀའ་བརྒྱུད་བླ་མ་སྤྲིན་ལྟར་གཏིབས། །བར་ན་འཁོར་ལོ་བདེ་མཆོག་ནི། །ལྷ་ལྔའི་དཀྱིལ་འཁོར་དགྱེས་རྡོར་དང་། །མཁའ་འགྲོའི་དཀྱིལ་འཁོར་ལ་སོགས་བཞུགས། །གཞན་ཡང་ཆོས་སྐྱོང་ཚོགས་དང་བཅས། །དད་པའི་མིག་གི་ཡུལ་དུ་གསལ། །ཁྱད་པར་དེ་ཡི་མདུན་ཉིད་དུ། །བྲག་རི་ལྷུན་ཅིང་ཆགས་པ་ན། །རྒྱལ་ཆེན་རྣམ་སྲས་རང་བྱོན་ནི། །ཤིན་ཏུ་གསལ་བའི་ཚུལ་དུ་བཞུགས། །དེ་དང་ཉེ་བར་ལྷ་མོ་ནི། །ནོར་རྒྱུན་མ་ཡི་སྐུ་རྣམས་བཞུགས། །དད་པས་ཀུན་ནས་བསླངས་པ་ཡི། །ཕྱག་འཚལ་མཆོད་པ་འབུལ་བ་དང་། །རྩེ་གཅིག་ཡིད་ཀྱི་གསོལ་འདེབས་དང་། །བཛྲ་གུ་རུ་མ་ཎི་ཡི། །གསོལ་འདེབས་གདུང་བའི་དབྱངས་བཅས་ཀྱིས། །བསྐོར་བ་བཅུ་གསུམ་བསྐོར་བྱས་ན། །བཛྲ་གུ་རུ་དུང་དང་མཉམ། །ད་ལྟའི་འགལ་རྐྱེན་བར་ཆད་ཞི། །ཕྱི་མ་ཟངས་མདོག་དཔལ་རི་དང་། །བདེ་ཆེན་གནས་སུ་སྐྱེ་བར་འགྱུར། །གཞན་ཡང་གནས་མཆོག་སྤྱི་འབྱམས་ཀྱི། །གནས་ཀྱི་ཡན་ལག་ཚུལ་ཉིད་དུ། །ལྷ་ཡི་ཕོ་བྲང་བཞུགས་པར་གྱུར། །དེ་ཡི་ཚུལ་རྣམས་རིམ་བཞིན་གསལ། །དེ་ལྟར་མ་ཧཱ་གུ་རུ་ཡི། །ཕྲིན་ལས་བྱེད་པོར་དབང་བསྐུར་བ། །རིག་འཛིན་གཙུག་ལག་ཆོས་ཀྱི་རྒྱལ། །པདྨ་བསྟན་འཛིན་ཞེས་བགྱི་བ། །དཔལ་ལྡན་དཔའ་བོའི་མཚན་འཆང་བས། །སྐལ་ལྡན་པདྨ་བསོད་ནམས་ཀྱིས། །གསོལ་བ་བཏབ་ངོར་སྨྲས་པ་དགེ། །སརྦ་མངྒ་ལཾ། 

བརྡ་འགྲེལ་གདོང་འཛར།

གནས་རི། ས་ཁམས། དཔལ་ཆེན་རི་བོ།