ལིའུ་ཡོན།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:41ལ་འགྲུབ།

ལིའུ་ཡོན།

ལིའུ་ཡོན།
ཁོང་ནི་སྤྱི་ལོ1951ལོའི་ཟླ2པར་པེ་ཅིང་དུ་སྐྱེས་ཤིང་། སྤྱི་ལོ1982ལོར་པེ་ཅིང་དགེ་འོས་སློབ་གླིང་ལོ་རྒྱུས་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་དང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་མཐོ་རིམ་དམག་དཔོན། ཧྲང་ཅང་གི་མཚན་རྟགས་ཡིན། ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘源
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1951ལོའི་ཟླ2པ།
སྐྱེས་ཡུལ།
པེ་ཅིང་།
ལས་རིགས།
དམག་མི།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1982ལོར་ཧོ་ནན་ཞིང་ཆེན་ཞིན་ཞང་རྫོང་ཆི་ལི་ཡིན་ཀུང་ཧྲེའི་ཀྲུའུ་རེན་གཞོན་པ་དང་། རྫོང་དཔོན་གཞོན་པ། རྫོང་དཔོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1985ལོར་ཀྲེན་ཀྲོའུ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པའི་འགན་བཞེས།

སྤྱི་ལོ1988ལོ་ནས་སྤྱི་ལོ1992ལོའི་བར་ཧོ་ནན་ཞིང་ཆེན་གྱི་འགོ་འཛིན་གཞོན་པའི་འགན་བཞེས།

སྤྱི་ལོ1992ལོ་ནས་སྤྱི་ལོ1998ལོའི་བར་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་ཆུ་གློག་བཀོད་འདོམས་པུའུ་ཡི་ཆབ་སྲིད་ཨུ་ཡོན་གཉིས་པ་དང་ཀྲུའུ་རེན་གཞོན་པ། ཆབ་སྲིད་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1998ལོ་ནས་སྤྱི་ལོ2002ལོའི་བར་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་པུའུ་ཡི་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ2002ལོ་ནས་སྤྱི་ལོ2005ལོའི་བར་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡི་ཆབ་སྲིད་ཨུ་ཡོན་གཞོན་པའི་འགན་བཞེས།

སྤྱི་ལོ2005ལོ་ནས་སྤྱི་ལོ2011ལོ་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དམག་དོན་ཚན་རིག་ཁང་གི་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2011ལོ་ནས་སྤྱི་ལོ2011ལོའི་ཟླ12པའི་བར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡི་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ2པ་ནས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

ཀྲུང་གུང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཡིན་།

2 མཚན་རྟགས།

སྤྱི་ལོ2000ལོར་དྲག་ཆས་ཉེན་རྟོག་ཀྲུང་ཅང་གི་མཚན་རྟགས་ལ་སྤར།

སྤྱི་ལོ2009ལོའི་ཟླ7པར་ཧྲང་ཅང་གི་མཚན་རྟགས་ལ་སྤར།

3 ལས་གནས་བསྐོ་བཞག

སྤྱི་ལོ2018ལོའི་ཟླ3པའི་ཚེས13ཉིན་ལིའུ་ཡོན་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་ལས་གནས་བསྐོ་བཞག་བྱས། 

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། དམག་མི། ལིའུ་ཡོན།