ཀྲང་ཆིན་ཧྲེང་།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:41ལ་འགྲུབ།

ཀྲང་ཆིན་ཧྲེང་།

ཀྲང་ཆིན་ཧྲེང་།
ཁོང་ནི་སྤྱི་ལོ1948ལོའི་ཟླ5པར་ཧྲན་ཞིའི་ཞའོ་དབྱི་ནས་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན་དང་ཧྲང་ཅང་གི་དམག་མིའི་མཚན་རྟགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
章沁生
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1948ལོའི་ཟླ5པ།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1948ལོའི་ཟླ5པར་ཧྲན་ཞིའི་ཞའོ་དབྱི་ནས་སྐྱེས་ཤིང་། ཀྲུང་གུང་ཏང་ཡོན་དང་ཧྲང་ཅང་གི་དམག་མིའི་མཚན་རྟགས་ཡིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་དམག་སྦྱོང་པུའུ་ཡི་འགོ་འཛིན་གཞོན་པ་དང་། རྒྱལ་སྲུང་སློབ་གྲྭ་ཆེན་མོའི་གཡུལ་འགྱེད་སློབ་དཔྱོད་ཁང་གི་ཀྲུའུ་རེན། རྒྱལ་སྲུང་སློབ་གྲྭ་ཆེན་མོའི་སློབ་གསོ་འགོ་འཛིན། སྤྱི་ཁྱབ་དྲག་ཇུས་པུའུ་ཡི་དམག་འཐབ་པུའུ་ཡི་འགོ་འཛིན། སྤྱི་ཁྱབ་དྲག་ཇུས་དམག་དཔོན་གྱི་ལས་རོགས་པ། ཀོང་ཀྲོའུ་དམག་ཁུལ་གྱི་དམག་སྤྱི། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་དམག་དཔོན་གཞོན་པ་དང་པོ་སོགས་ཀྱི་འགན་བཞེས་མྱོང་། ད་ལྟ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་བཞེས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན།

2 མི་ཚེའི་བརྒྱུད་རིམ།

སྔ་རྗེས་སུ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྤྱི་ཁྱབ་དྲག་ཇུས་པུའུ་ཡི་དམག་སྦྱོང་པུའུ་ཡི་པུའུ་ཀྲང་གཞོན་པ་དང་། རྒྱལ་སྲུང་སློབ་གྲྭ་ཆེན་མོའི་གཡུལ་འགྱེད་སློབ་དཔྱོད་ཁང་གི་ཀྲུའུ་རེན། རྒྱལ་སྲུང་སློབ་གྲྭ་ཆེན་མོའི་སློབ་གསོ་འགོ་འཛིན། སྤྱི་ཁྱབ་དྲག་ཇུས་པུའུ་ཡི་གཡུལ་འགྱེད་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་།

སྤྱི་ལོ2004ལོའི་ཟླ12པར་སྤྱི་ཁྱབ་ཚན་མོའུ་ཀྲང་གི་ལས་རོགས་པའི་འགན་བཞེས།

སྤྱི་ལོ2006ལོའི་ཟླ12པར་སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོར་ཀོང་ཀྲོའུ་དམག་ཁུལ་གྱི་སི་ལིང་ཡོན་གྱི་འགན་བཞེས།

སྤྱི་ལོ2009ལོའི་ཟླ12པར་སྤྱི་ཁྱབ་ཚན་མོའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པའི་འགན་བཞེས། 

3 མཚན་རྟགས།

སྤྱི་ལོ2006ལོའི་ཟླ7པར་ཀྲུང་ཅང་གི་མཚན་རྟགས་ལ་སྤར།

སྤྱི་ལོ2010ལོའི་ཟླ7པར་ཧྲང་ཅང་གི་མཚན་རྟགས་ལ་སྤར།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། དམག་མི། ཀྲང་ཆིན་ཧྲེང་།