སྐུ་ཚབ་ལུང་བ།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:09ལ་འགྲུབ།

སྐུ་ཚབ་ལུང་བ།

སྐུ་ཚབ་ལུང་བ།
དེ་ནི་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། རྫོང་མཁར་ནས་སྤྱི་ལེ50ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4010ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°13′དང་། ཤར་གྱི་གཞུང་ཚད99°05′ཡི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གནའ་ཤུལ།
སྲིད་འཛིན་ཁོངས་གཏོགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་།
གནས་ཚད།
བྱང་གི་འཕྲེད་ཚད33°13′དང་། ཤར་གྱི་གཞུང་ཚད99°05′ཡི་མཚམས་སུ་ཡོད།
གནས་ཡུལ།
དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོ།
1 ​གནས་ཡུལ་ངོ་སྤྲོད།

དེ་ནི་དར་ལག་རྫོང་འཛུགས་སྐྲུན་ཡུལ་ཚོའི་ཁོངས་སུ་གཏོགས་ཤིང་། རྫོང་མཁར་ནས་སྤྱི་ལེ50ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4010ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°13′དང་། ཤར་གྱི་གཞུང་ཚད99°05′ཡི་མཚམས་སུ་ཡོད། 

2 མིང་གི་ཐོགས་ཚུལ།

དར་གྱི་ར་ལུག་ལུང་བར་སྔོན་མགོ་ལོག་དང་སྡེ་དགེ་གཉིས་གྱོད་ལ་ཐུག་ནས་འཁྲུག་པ་ཐེངས་གསུམ་བྱས་པའི་ཤུལ་དུ་སྐུ་ཚབ་ལུང་བ་ཟེར་བ་ཞིག་ཡོད། བཤད་རྒྱུན་ལ་སྡེ་དགེ་རྒྱལ་བོ་མདུན་འཁོར་གྱིས་མགོ་ལོག་འདིས་རང་རེའི་བྱང་སྡེ་རྫ་ཆུ་ཁ་བ་སོགས་ལ་གནོད་ཚབས་ཆེ་བས། སྡེ་དགེའི་ལས་དམག་ཆེན་པོ་སོང་སྟེ་མགོ་ལོག་བརླག་དགོས་པའི་བཀའ་ཕབ། ཁོང་ཚོའི་རོང་འབྲོག་གཉིས་ཀྱི་དམག་བུད་དེ་མགོ་ལོག་སྟེང་དུ་འོངས་ཚེ། མགོ་ལོག་ཁག་གསུམ་གྱིས་སྡེ་དགེའི་དམག་ལུང་བ་ཞིག་གི་ཆུའི་ཉིན་སྲིབ་ལ་སྒར་བཏབ་ཡོད་པ་མཐོང་སྟེ་དམག་འཐབ་ཀྱི་བཀོད་འདོམས་ལེགས་པར་བྱས་པ་སྟེ། ཉིན་ཕྱོགས་སུ་ཨ་སྐྱོང་གི་དམག་དང་། སྲིབ་ཕྱོགས་ནས་དབང་ཆེན་འབུམ་གྱི་དམག་ཤོག་བརྒྱུགས། དེ་གཉིས་ཀྱི་རྟིང་གནོན་པད་མ་འབུམ་བྱས་ཏེ་འཐབ་པས་གཡུལ་ལས་བརྒྱལ། ཐེངས་གཉིས་པར་སྡེ་དགེའི་དམག་ཧྲག་བསྡུས་ཤིག་འོངས་བར། དབང་ཆེན་སྟོད་པའི་དམག་གིས་དར་སྟོད་ནས་འཐབ་སྟེ་ཡང་བསྐྱར་རྒྱལ་ཁ་ཐོབ་པ་དང་། ཐེངས་གསུམ་པར་མགོ་ལོག་རྨའི་དར་སྟོད་ནས་ཐེངས་དུ་མར་འཐབ་པས་མཐར་སྡེ་དགེས་རྒྱལ་ཁ་བླངས། སྡེ་དགེ་སྐུ་ཚབ་ཟེར་བ་སོགས་དམག་དཔོན་ཚོས་མགོ་ལོག་གཏན་མེད་བྱེད་ཐབས་ནི་མེད། དམག་འཐབ་ཀྱི་རྒྱལ་ཁ་ནི་ལོན་པ་ཡིན། ད་རང་ཡུལ་ལ་འགྲོ་སྨྲས་ཏེ་སླར་ལོག སྐབས་དེར་སྐུ་ཚབ་སོགས་ཀྱིས་སྒར་བཏབ་པའམ་དམག་འཐབ་བྱས་པའི་ས་ཆ་དེར་སྐུ་ཚབ་ལུང་བ་ཞེས་པའི་མིང་ཐོགས།