དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ65ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4553ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°41′དང་། ཤར་གྱི་གཞུང་ཚད99°15′ཡི་མཚམས་སུ་ཡོད།
གངས་པ་སྡེ་བའི་སྐྱེས་ལྷ་ཤར་རི་བོ་ཆེའམ་ཤ་རྒན་ཞེས་འབོད་པའི་སའི་དཔལ་དུ་ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་རབ་བརྗིད་རྫ་རི་སྤང་རིས་ཡོངས་སུ་བསྐོར་བ། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དག་ཕྱོགས་དང་ཕྱོགས་སུ་བསྐོར་བ། སྨན་གྱི་རིགས་དཀར་དམར་ཆུ་སྐྱེས་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ། ལྷ་ཤིང་དྲི་བསུང་འཐུལ་བའི་ཤིང་རིགས་སྣ་ཚོགས་ཀྱིས་དྲི་འཛིན་དབང་བོ་ཚིམ་པར་བྱེད་པ། དུས་བཞིའི་རང་མདངས་གསལ་བར་ངོམ་པའི་ངོ་མཚར་མིག་གི་དཔལ་དུ་འབར་བའི་གནས་མཆོག་དེ་ན་དབང་ལྟར་ལྕགས་རི་སྨུག་པོའི་ལྟེ་བ་ཞེས་དབང་ཆེན་སྟོད་པའི་སའི་ལྟེ་བར་གྲགས་པའི་བར་ཝོའི་སྟག་གཟིག་སུམ་མདོ་ཡོད། དེའི་ཉེ་འཁོར་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རྣམ་པ་དང་མཚུངས་བའི་ངང་ཡག་དར་འཛིན་དང་། འཛུབ་གུའི་ངུར་མཐོན་པོ། ཕོ་བྲང་གཟི་འོད་འབར་བ། དཀྱིལ་སྙིང་རྡོ་རྗེ་དྲག་པོ། རྨ་དེའུ་ཡག་གི་རི་མོ་སོགས་བར་ཝོའི་སྟག་གཟིག་སུམ་མདོའི་སའི་དཔལ་དུ་བཞུགས་ཡོད།