མེ་ཏོག་ཆོས་ཁྲི་ཐང་།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:10ལ་འགྲུབ།

མེ་ཏོག་ཆོས་ཁྲི་ཐང་།

མེ་ཏོག་ཆོས་ཁྲི་ཐང་།
དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ30ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4041ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°42′དང་། ཤར་གྱི་གཞུང་ཚད99°42′ཡི་མཚམས་སུ་ཡོད།
གཞི་རྩའི་གནས་ཚུལ།

རིགས་དབྱེ།
གནའ་ཤུལ།
སྲིད་འཛིན་ཁོངས་གཏོགས།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་།
གནས་ཚད།
བྱང་གི་འཕྲེད་ཚད33°42′དང་། ཤར་གྱི་གཞུང་ཚད99°42′ཡི་མཚམས་སུ་ཡོད།
གནས་ཡུལ།
དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོ།
1 ​གནས་ཡུལ་ངོ་སྤྲོད།

དེ་ནི་དར་ལག་རྫོང་གི་འཛུགས་སྐྲུན་ཡུལ་ཚོའི་མངའ་ཁོངས་སུ་ཡོད་ཅིང་། རྫོང་མཁར་ནས་སྤྱི་ལེ30ཡས་མས་ཡོད། མཐོ་ཚད་ལ་མཚོ་འཕགས་སྨི4041ཡོད། སའི་གོ་ལའི་བྱང་གི་འཕྲེད་ཚད33°42′དང་། ཤར་གྱི་གཞུང་ཚད99°42′ཡི་མཚམས་སུ་ཡོད།

2 མིང་གི་ཐོགས་ཚུལ།

པཎ་ཆེན་སྐུ་ཕྲེང་དགུ་བ་ཆོས་ཀྱི་ཉི་མའི་ཞབས་ཟུང་གསེར་གྱི་འཁོར་ལོའི་རེ་ཁ་དབང་སྟོད་སྤྱི་དགོན་དར་གྱི་སྙན་མོ་རི་རྣམ་རྒྱལ་དགེ་ལྡན་དགོན་དུ་འགོད་པའི་ཚེ་ན། མཚེར་རི་དབང་དྲག་བཞད་པའི་དཀྱིལ་འཁོར་གྱི་མདུན་ཐང་དེར་གསོལ་ཇ་ཞུས་ནས་བཞུགས་སྐབས། ཁོང་ཉིད་ནས་ཐང་ཆེན་འདིའི་མིང་ལ་མེ་ཏོག་ཆོས་ཁྲི་ཐང་ཞེས་བཏགས་ན་ལེགས་པར་གསུངས་ཤིང་འབྱུང་འགྱུར་གྱི་ལུང་བསྟན་ཞིག་ཀྱང་བསྩལ། ཕྱིས་སུ་བསྟན་པའི་མེ་རོ་སླར་སོས་རྗེས་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ངག་དབང་བློ་གྲོས་མཚུངས་མེད་དཔལ་བཟང་བོ་མཆོག་དབང་ཆེན་སྟོད་པར་ཆིབས་བསྒྱུར་གནང་སྐབས་གནས་དེར་ཞབས་ཀྱིས་བཅགས་ནས་ཐང་འདིར་ཆོས་སྒར་ཞིག་བཏབ་ན་ལེགས་ཞེས་ལུང་བསྟན། ཡང་རྟོགས་ལྡན་རྣལ་འབྱོར་ཆེན་པོ་ཁང་སར་མཁན་ཚུལ་ཁྲིམས་རྡོ་རྗེའམ་སྐྱབས་རྗེ་མུན་སེལ་རིན་པོ་ཆེས་རྣམ་དག་ལུང་གིས་བསྐུལ་བ་གྲངས་ལས་འདས། ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་ཀ་ཐོག་རྨོག་ཚ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་ཞབས་ཟུང་གསེར་གྱི་འཁོར་ལོ་ལན་གྲངས་དུ་མར་འཁོད་དེ་བྱིན་གྱིས་བརླབས་ཤིང་ལུང་གིས་བསྔགས། ཁྱད་པར་དུ་བྱ་བཏང་རྣལ་འབྱོར་བ་རྟོགས་ལྡན་ཀི་ལོས་ཐེངས་དུ་མར་ཉམས་དང་རྨི་ལམ་སོགས་ལུང་བསྟན་གསལ་བོ་གང་མང་གིས་བསྐུལ་བར་བརྟེན་ད་ལྟ་མེ་ཏོག་ཆོས་ཁྲི་ཐང་ཆོས་ལུགས་བྱ་འགུལ་ས་ཚིགས་ཞེས་པ་ཕྱག་འདེབས་མཛད་ཡོད།