ཧིན་རྡུ་ཉི་ཞི་ཡཱའི་སྐད།སྔ་མའི་པར་གཞི་དེ དཔལ་ལྷLhamo  ནས 2021-09-28 11:11ལ་འགྲུབ།

ཧིན་རྡུ་ཉི་ཞི་ཡཱའི་སྐད།

ཧིན་རྡུ་ཉི་ཞི་ཡཱའི་སྐད།
ཧིན་རྡུ་ཉི་ཞི་ཡའི་སྐད་ནི་ལེའོ་ནེ་ཡུལ་སྐད་རྨང་གཞིར་བྱས་པའི་མ་ལེ་སྐད་ཡིན་པ་དང་། ཧིན་རྡུ་ཉི་ཞི་ཡའི་གཞུང་ཕྱོགས་ཀྱི་སྐད་ཡིན། འཛམ་གླིང་ཡོངས་སུ་ཧ་ལམ་མི་ཁྲི3000ལྷག་གིས་ཧིན་རྡུ་ཉི་ཞི་ཡའི་སྐད་དེ་ཕ་སྐད་དུ་སྤྱོད་ཀྱིན་ཡོད་པ་དང་། མི་དུང་ཕྱུར1.4ཙམ་གྱིས་ཧིན་རྡུ་ཉི་ཞི་ཡའི་སྐད་དེ་སྐད་གཉིས་པར་བརྩིས་ནས་བྱང་ཆུབ་པའི་སྒོ་ནས་ཀློག་ཐུབ་པ་དང་ཤོད་ཐུབ་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
印度尼西亚语
ཕྱི་ཡིག་གི་མིང་།
Bahasa Indonesia
1 ​སྐད་ཁོངས།

སྐད་བརྡ་རིག་པའི་རིགས་སུ་དབྱེ་ན། ཧིན་རྡུ་ཉི་ཞི་ཡའི་སྐད་དེ་མ་ལེ་དང་པོ་ལི་ཉི་ཞི་ཡའི་སྐད་ཁོངས་སུ་གཏོགས་ཤིང་། ཧིན་ཉིའི་སྐད་དེ་སུའུ་མོན་ཏ་ལ་གླིང་ཕྲན་གྱི་བྱང་ཤར་རྒྱུད་ཀྱི་མ་ལེ་སྐད་ལས་བྱུང་བ་དང་། སྐད་ཆ་དེའི་ས་ཁུལ་རང་བཞིན་གྱི་རྒྱུད་འགྱུར་ཞིག་ཡིན་ལ། ཚད་ལྡན་གྱི་མ་ལེ་སྐད་ལ80%ལས་བརྒལ་བའི་ཁུངས་གཅིག་རང་བཞིན་ཡོད་དེ། སྤྱི་ལོ1972ལོའི་ཡར་སྔོན་དུ་ཧིན་ཉིའི་ཡི་གེ་དང་མ་ལེ་ཡི་གེ་གཉིས་ཀྱི་འབྲི་སྟངས་མི་འདྲ་ཞིང་། དེ་ནི་སྤྱི་ལོ1972ལོའི་ཡར་སྔོན་དུ་ཧིན་ཉིའི་ཡིག་འབྲིའི་མ་ལག་དེ་ཧོ་ལན་བས་གསར་གཏོད་བྱས་པ་དང་། མ་ལེ་ཡི་ཡིག་འབྲིའི་མ་ལག་ནི་དབྱིན་ཇི་བས་གསར་སྤེལ་བྱས་པས་རེད། ཧིན་ཉིའི་སྐད་དང་མ་ལེ་སྐད་གཉིས་ཀྱི་ཡིག་ཐོག་ཡི་གེ་གཅིག་གྱུར་ཡོང་ཆེད། སྤྱི་ལོ1972ལོར་ཧིན་རྡུ་ཉི་ཞི་ཡའི་སྲིད་གཞུང་གིས་མ་ལེ་ཡི་གེའི་འབྲི་སྟངས་མ་ལག་ཚད་གཞིར་བྱས་པའི་སྒྲ་སྦྱོར་ཞིབ་ཅིང་དག་པEjaan Yang Disempurnakanབཏོན་ནས་ཧིན་རྡུ་ཉི་ཞི་ཡའི་སྐད་དང་མ་ལེ་སྐད་ཀྱི་འབྲི་སྟངས་དང་ཧ་ཅང་ཉེ་བར་བྱས། མ་ལེ་སྐད་དང་ཧིན་ཉིའི་སྐད་གཉིས་ཀར་ལ་ཏིང་གསལ་བྱེད་བཀོལ་བཞིན་ཡོད་ལ། ཡོ་རོབ་ནུབ་མའི་སྐད་དང་བསྡུར་ན་ཧིན་ཉིའི་སྐད་ཀྱི་བརྡ་སྤྲོད་ཧ་ཅང་སྟབས་བདེ་ཡིན།

ཧིན་རྡུ་ཉི་ཞི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཕྱོགས་ཧིན་ཉིའི་སྐད་ལ་པ་ཧ་ས(Bahasaཞེས་པ་ནི་ཧིན་རྡུ་ཉི་ཞི་ཡའི་སྐད་དུ“སྐད་ཆའི” དོན་ཡིན)ཞེས་བརྗོད་ཀྱི་ཡོད། ཧིན་རྡུ་ཉི་ཞི་ཡའི་མི་གྲངས་དུང་ཕྱུར2.3ཁྲོད་ཡུལ་སྐད་རིགས300ལྷག་ཡོད་ཅིང་། རྒན་པ་ཁ་ཤས་ཀྱིས་ཧོ་ལན་གྱི་སྐད་ཁ་ཤས་བཤད་ཐུབ་ཅིང་། ཚོང་ལས་དང་ལྟ་སྐོར། སློབ་གསོ་བཅས་ཀྱི་ཐད་ལའང་དབྱིན་སྐད་སྤྱོད་ཀྱིན་ཡོད།

“མ་ལེ་སྐད”དང“ཧིན་རྡུ་ཉི་ཞི་ཡའི་སྐད”གཉིས་ཀྱི་ཁྱད་པར་ནི་ཆབ་སྲིད་སྟེང་གི་རྒྱུ་རྐྱེན་ལ་བརྟེན་པ་ལས་སྐད་བརྡ་རིག་པའི་སྟེང་ནས་བསམ་བློ་བཏང་བ་ཞིག་མིན་ཏེ། སྐད་རིགས་དེ་གཉིས་སྤྱོད་མཁན་རྣམས་ཀྱིས་ཕལ་ཆེར་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ་མོད། འོན་ཀྱང་མིང་ཚིག་མི་ཉུང་བ་ཞིག་རྦད་དེ་གཅིག་མཚུངས་ཡིན་པའི་ངེས་པ་མེད། ཡིན་ནའང་དོ་སྣང་བྱེད་དགོས་པ་ཞིག་ནི་མ་ལེའི་ཡུལ་སྐད་ཕན་ཚུན་བར་དེ་ལས་ལྡོག་སྟེ་ཕན་ཚུན་བར་རྦད་དེ་འབྲེལ་འདྲིས་བྱེད་ཐབས་བྲལ་བ་སྟེ།  དཔེར་ན། མ་ལེའི་མི་མང་བོ་ཞིག་ལ་མཚོན་ན། ཁོ་ཚོས་ཅི་ལན་སྐདKelantaneseཀྱི་སྒྲ་གདངས་ལ་གོ་བ་ལེན་དཀའ་ཞིང་། དེ་མིན་ཧིན་རྡུ་ཉི་ཞི་ཡའི་ཀྲ་ཝའི་མ་ལ་སྐདJavanese Malayལ་དམིགས་བསལ་གྱི་ཐ་སྙད་མང་བོ་ཡོད་པ་དང་། མ་ལེ་སྐད་ལ་ཆ་རྒྱུས་ཡོད་པའི་མ་ལེ་བས་ཀྱང་ཐ་སྙད་དེ་དག་གི་ནང་དོན་ཡོངས་སུ་རྟོགས་མི་ཐུབ།

2 བར་ཁྱད།

མ་ལེ་སྐད་དང་ཧིན་རྡུ་ཉི་ཞི་ཡའི་སྐད་བར་གྱི་ཁྱད་པར་ནི་དབྱིན་ཇིའི་དབྱིན་སྐདBritish Englishདང་ཨ་རིའི་དབྱིན་སྐདAmerican Englishབར་གྱི་ཁྱད་པར་དང་འདྲ་ཞིང་། སྐད་རིགས་འདི་གཉིས་སྤྱོད་མཁན་གྱིས་གཞི་རྩའི་ཐོག་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ་སྟེ། ཡིག་འབྲིའི་མ་ལག་གི་སྒྲ་སྦྱོར་དང་མིང་ཚིག་སྟེང་ཁྱད་པར་ཅུང་ཙམ་ཡོད་པ་མ་ཏོགས་ཁྱད་པར་མེད། ཁྱད་པར་དེ་རིགས་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཧིན་ཉིའི་སྐད་ཀྱིས་ཀྲ་ཝའི་སྐད་དང་ཧོ་ལན་སྐད་ཀྱི་ཁྲོད་ནས་ཐ་སྙད་མང་བོ་གཡར་བས་ཡིན།

3 འབྲི་སྟངས།

དུས་རབས20བའི་སྔོན་ལ་མ་ལེའི་མི་མང་ཆེ་བས་དབྱི་སི་ལན་ཆོས་ལུགས་ལ་དད་མོས་བྱེད་ཀྱི་ཡོད་པས། ཁོ་ཚོསJawiཞེས་པའི་བཅོས་བསྒྱུར་རྣམ་པའི་ཨ་རབ་ཀྱི་ཡིག་འབྲིའི་མ་ལག་ཅིག་སྤྱད་དེ་བྲིས་ཤིང་། དེའི་རྗེས་སུRumiཟེར་བའི་ལ་ཏིང་ཡི་གེའི་ཡིག་འབྲིའི་མ་ལག་གཞན་ཞིག་གིས་རིམ་བཞིན་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱིJawiཡི་གོ་གནས་ཀྱི་ཚབ་བྱས་པ་རེད། མ་ལེ་ཞི་ཡ་དང་ཧིན་རྡུ་ཉི་ཞི་ཡའི་ཡིག་འབྲིའི་མ་ལག་ཐད་ཀྱི་ཁྱད་པར་ལས་སྐབས་དེ་དུས་ས་ཆ་གཉིས་ལ་དབང་སྒྱུར་བྱེད་མཁན་མི་སེར་སྤེལ་བའི་སྲིད་གཞུང་མི་འདྲ་བ་སྟེ། དབྱིན་ཇིའི་མི་སེར་སྤེལ་བའི་སྲིད་གཞུང་དང་ཧོ་ལན་གྱི་རྒྱ་གར་ཤར་མའི་ཀུང་སིའི་ཡིག་འབྲིའི་མ་ལག་ཐད་ཀྱི་ཧེ་བག་མཚོན་ཡོད།

4 བརྡ་སྤྲོད།

ཧིན་རྡུ་ཉི་ཞི་ཡའི་སྐད་ཀྱི་བརྡ་སྤྲོད་ཧ་ཅང་སྟབས་བདེ་བ་དང་། མིང་ཚིག་ལ་ཕོ་མོ་མ་ནིང་གི་གྲངས་ཀྱི་ཁྱད་པར་མེད་ཅིང་། བྱ་ཚིག་ལ་རྙོག་འཛིང་ཆེ་བའི་གནས་ཀྱི་འགྱུར་བ་མེད་ལ། ཚིག་རིམ་རྒྱ་ཡིག་དང་ཕལ་ཆེར་གཅིག་འདྲ་ཡིན།

དཔྱད་གཞིའི་ཡིག་ཆ།