ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-08 14:37ལ་འགྲུབ།

ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ།

ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ།
ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ་ནི་ནགས་ཚལ་སྐྱེ་ཁམས་མ་ལག་དང་མིའི་རིགས་ཀྱི་དཔལ་འབྱོར་མ་ལག་བར་གྱི་འབྲེལ་བ་དང་ནུས་པ། དེ་བཞིན་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས་སྐྱེ་ཁམས་རིག་པ་དང་དཔལ་འབྱོར་རིག་པ་ཟུང་དུ་སྦྲེལ་ཞིང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བའི་ལྟ་བ་གཙོ་བོར་བྱེད་པའི་མཐའ་མཚམས་རིག་ཚན་ཞིག་ཡིན་དེ་ནི་སྔར་གྱི་ནགས་ལས་དཔལ་འབྱོར་རིག་པ་ལས་རྒྱ་ཆེ་བའི་སྐྱེ་ཁམས་རིག་པ་དང་དཔལ་འབྱོར་རིག་པ་ཟུང་དུ་སྦྲེལ་བའི་སྤྱི་ཚོགས་དཔལ་འབྱོར་སྐོར་གྱི་རིག་ཚན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
森林生态经济学
ཕྱི་ཡིག་གི་མིང་།
forest-ecological economics
རིགས་དབྱེ།
སྐྱེ་ཁམས་རིག་པ་དང་དཔལ་འབྱོར་རིག་པ་ཕན་ཚུན་ཟུང་སྦྲེལ།
1 ངོ་སྤྲོད།

ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པནི་ནགས་ཚལ་སྐྱེ་ཁམས་མ་ལག་དང་མིའི་རིགས་ཀྱི་དཔལ་འབྱོར་མ་ལག་བར་གྱི་འབྲེལ་བ་དང་ནུས་པ། དེ་བཞིན་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ཞིབ་འཇུག་བྱ་ཡུལ་དུ་བཟུང་ནས་སྐྱེ་ཁམས་རིག་པ་དང་དཔལ་འབྱོར་རིག་པ་ཟུང་དུ་སྦྲེལ་ཞིང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བའི་ལྟ་བ་གཙོ་བོར་བྱེད་པའི་མཐའ་མཚམས་རིག་ཚན་ཞིག་ཡིན་ལ། 

2 སྤྱི་བཤད།

ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ་ནི་ཐོན་སྐྱེད་ནུས་ཤུགས་དཔལ་འབྱོར་རིག་པའི་ཁྱབ་ཁོངས་སུ་གཏོགས་ཤིང་སྐྱེ་ཁམས་དཔལ་འབྱོར་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། དེ་དང་རྒྱལ་ཁབ་མངའ་ཁོངས་དཔལ་འབྱོར་རིག་པའི་བར་འབྲེལ་བ་དམ་པོ་ཡོད། ཧུར་ཐག་སྒོས་ནགས་ལས་སྐྱེ་ཁམས་དཔལ་འབྱོར་རིག་པར་ཞིབ་འཇུག་བྱེད་པ་དེ་ནགས་ལས་དཔལ་འབྱོར་རང་ཉིད་འཕེལ་རྒྱས་གཏོང་བའི་ཆེད་ཁོ་ན་ཙམ་དུ་མ་ཟད། ཞིང་ལས་ཆེན་པོ་དང་རྒྱལ་དམངས་དཔལ་འབྱོར་ཧྲིལ་པོ་འཕེལ་རྒྱས་གཏོང་བའི་ཆེད་དུ་ཡང་ཡིན་ཞིང་། དེ་མི་དམངས་ཀྱི་འཚོ་བའི་ཕྱོགས་གང་ཅིའི་ཐད་དང་འབྲེལ་བ་ཡོད་ལ་ ཐད་ཀར་དེང་རབས་ཅན་བཞི་ལ་ཞབས་འདེགས་ཞུ་གི་ཡོད།

3 ​ལས་འགན།

ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ་ནི་ནགས་ཚལ་སྐྱེ་ཁམས་མ་ལག་དང་སྤྱི་ཚོགས་དཔལ་འབྱོར་མ་ལག་ཕན་ཚུན་དབར་གྱི་འབྲེལ་བར་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན་ཞིང་། དེའི་ལས་འགན་གཙོ་བོ་ནི་ནགས་ལས་ཐོན་སྐྱེད་དང་ཡང་ན་མིའི་རིགས་ཀྱི་དངོས་པོའི་ཐོན་སྐྱེད་ཧྲིལ་པོ་དང་རང་བྱུང་ཁོར་ཡུག་ཧྲིལ་པོའི་བར་གྱི་འབྲེལ་བ་སྟེ། སྤྱི་ཚོགས་ཐོན་སྐྱེད་དང་རང་བྱུང་ཁམས་བར་གྱི་དངོས་པོའི་ནུས་ཚད་བརྗེ་སྒྱུར་བྱེད་པའི་ཆོས་ཉིད་ལ་ཞིབ་འཇུག་བྱ་རྒྱུ་དེ་ཡིན་ཞིང་། དམིགས་ཡུལ་ནི་ཚན་རིག་དང་མཐུན་ཞིང་ལས་ཆོད་ཆེ་བའི་ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་མ་ལག་ལེགས་ཤོས་ཤིག་འཛུགས་སྐྲུན་བྱས་ནས་དཔལ་ཡོན་གཉིས་འཛུགས་སྐྲུན་དང་དེང་རབས་ཅན་བཞི་མངོན་འགྱུར་བྱེད་པར་ཞབས་འདེགས་ཞུ་རྒྱུ་དེ་ཡིན།

4 ཞིབ་འཇུག་བྱ་ཡུལ།

ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱ་ཡུལ་ནི་དེའི་མ་ལག་གྲུབ་བྱེད་ཀྱི་དྲ་རྒྱའི་གྲུབ་ཚུལ་གསུམ་སྟེ། སྐྱེ་དངོས་ཀྱི་རྒྱུ་རྐྱེན་དང་ཁོར་ཡུག་གི་རྒྱུ་རྐྱེན་གྱི་གཅིག་གྱུར་དང་སྐྱེ་ཁམས་མ་ལག་དང་དཔལ་འབྱོར་མ་ལག་གི་གཅིག་གྱུར། རང་བྱུང་དང་སྤྱི་ཚོགས་ཀྱི་གཅིག་གྱུར་བཅས་ཡིན། གཞན་ཡང་ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པ་ནི་སྤྱི་ཁོག་ནགས་ལས་མ་ལག་གི་ཁ་གཏད་འཇལ་ཐབས་ལ་ཞིབ་འཇུག་བྱེད་པའི་རིག་ཚན་ཞིག་ཡིན་ཞིང་། གོང་འོག་གཡས་གཡོན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་རྒྱུར་དོ་སྣང་བྱས་ཏེ་ཁྱོན་ཡོངས་དང་ཕུགས་ཀྱི་ཁེ་ཕན་ཐོག་ནས་ནགས་ལས་མ་ལག་ཧྲིལ་པོའི་འཕེལ་རྒྱས་འཐབ་ཇུས་དོན་གཉེར་བྱེད་ཀྱི་ཡོད། དེའི་ཕྱིར་ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་རིག་པའི་ཞིབ་འཇུག་བྱེད་ཐབས་ནི་ངེས་པར་དུ་མ་ལག་ཚང་ལ་ཚན་རིག་དང་མཐུན་པའི་ཐབས་ཤེས་ཤིག་ཡིན་དགོས་པ་དང། ཁྱོན་ཡོངས་རང་བཞིན་དང་ཕྱོགས་བསྡུས་རང་བཞིན། ཆེས་ལེགས་ཤོས་བཅས་དེའི་ཞིབ་འཇུག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཡོད་ལ། སྐྱེ་དངོས་ཀྱི་རྒྱུ་རྐྱེན་དང་ཁོར་ཡུག་གི་རྒྱུ་རྐྱེན་གཅིག་གྱུར་ཡོང་བ་དེ་ནི་སྐྱེ་དངོས་ཚན་རིག་དང་ནགས་ཚལ་སྐྱེ་ཁམས་དཔལ་འབྱོར་ཚན་རིག་གི་གཞི་རྩའི་རྩ་བའི་རིགས་པ་ཞིག་ཀྱང་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ནགས་ཚལ། སྐྱེ་ཁམས། དཔལ་འབྱོར།