མེང་ཐཱ་ཨེར་ཆི་ཉི།སྔ་མའི་པར་གཞི་དེ ཀླུKlu  ནས 2021-10-08 14:37ལ་འགྲུབ།

མེང་ཐཱ་ཨེར་ཆི་ཉི།

མེང་ཐཱ་ཨེར་ཆི་ཉི།
ཁོ་མོ་ནི་སྤྱི་ལོ1909ལོའི་ཟླ4བའི་ཚེས22ཉིན་སྐུ་འཁྲུངས་ཤིང་། དབྱི་ཐ་ལིའི་སྐད་གྲགས་ཅན་གྱི་དབང་རྩའི་སྐྱེ་དངོས་རིག་པའི་མཁས་ཅན་ཞིག་ཡིན་ལ། སྤྱི་ལོ1986ལོར་ཁོ་མོ་དང་ཨ་རིའི་ཚན་རིག་མཁས་ཅན་སི་ཐན་ལི·ཁུ་ཨེན་གཉིས་ཀྱིས་དབང་རྩའི་སྐྱེས་འཚར་རྐྱེན་གྲངས་དང་སྐྱི་པགས་ཕྱི་ངོས་ཀྱི་སྐྱེས་འཚར་རྐྱེན་གྲངས་ཤེས་རྟོགས་བྱུང་བར་བརྟེན་ནས་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་དང་། ཁོང་ནི་ལོ་རྒྱུས་ཐོག་དགུང་ལོ་ཆེས་མཐོ་བའི་ནོ་པེར་བྱ་དགའ་ཐོབ་མཁན་གྱི་མི་དེ་ཡིན་ཞིང་། སྤྱི་ལོ2012ལོའི་ཟླ12པའི་ཚེས30ཉིན་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
丽塔·莱维·蒙塔尔奇尼
ཕྱི་ཡིག་གི་མིང་།
Rita Levi-Montalcini
མཚན་ཧྲིལ་པོ།
ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི།
རྒྱལ་ཁབ།
དབྱི་ཐ་ལི།
འཁྲུངས་ཡུལ།
དབྱི་ཐ་ལའི་ཏུའུ་ལིང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1909.4.22-2012.12.30)
མཐར་ཕྱིན་སློབ་གྲྭ།
ཏུའུ་ལིང་སློབ་ཆེན།
ལས་རིགས།
དབང་རྩའི་སྐྱེ་དངོས་རིག་པ་བ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1986ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ​ངོ་སྤྲོད།

ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ནི་སྤྱི་ལོ1909ལོའི་ཟླ4བའི་ཚེས22ཉིན་དབྱི་ཐ་ལིའི་ཏུའུ་ལིང་གི་སེ་ཧྥ་ཏི་ཡིའུ་ཐའེ་བའི་ཁྱིམ་ཚང་ཞིག་ཏུ་སྐུ་འཁྲུངས་ཤིང་། ཁྱིམ་གྱི་བྱིས་པ་བཞིའི་ཁྲོད་ཀྱི་ཆེས་ཐ་ཆུང་ཡིན། དུས་རབས་གོང་མའི་ལོ་རབས30པའི་དབྱི་ཐ་ལིའི་སྤྱི་ཚོགས་སུ་བུད་མེད་ཀྱི་རང་འགན་ནི་ཁྱོ་གར་ཞབས་ཞུ་དང་བུ་ཕྲུག་གཉོར་སྐྱོང་བྱེད་རྒྱུ་དེ་ཡིན་མོད། ཁོ་མོས་ཨ་ཕའི་ངོ་རྒོལ་ལ་ཁ་ཡ་མ་བྱས་པར་ལོ21ལ་སླེབས་པའི་ལོ་དེར་ཏུའུ་ལིང་སློབ་ཆེན་དུ་རྒྱུགས་སྤྲད་པ་དང་། སྐད་གྲགས་ཆེ་བའི་གཤགས་ལས་རིག་པའི་མཁས་ཅན་དང་སྐྱེ་འཕེལ་ཕྲན་བུ་ཞིབ་འཇུག་ཕྱོགས་ཀྱི་དབང་གྲགས་ལྡན་པའི་སྨན་པ་ཀྲུའུ་སའེ་ཕེ·ལའེ་ཝེ་དགེ་རྒན་དུ་བསྟེན་ནས་སློབ་སྦྱོང་བྱས།  

སྤྱི་ལོ1936ལོར་ལོ27ལ་སླེབས་པའི་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ལ་སྨན་རྫས་རིག་པ་དང་ཕྱི་ནད་ཚན་ཁག་ཆེད་ལས་ཀྱི་བསླབ་གནས་ཐོབ། སློབ་མཐར་ཕྱིན་རྗེས་ཏུའུ་ལིང་སློབ་ཆེན་དུ་བསྡད་དེ་དབང་རྩའི་སྐྱེ་དངོས་རིག་པའི་སྐོར་གྱི་ཞིབ་འཇུག་གི་ཕྱག་ལས་གནང་པ་དང་འབྲེལ་ཚོད་ལྟའི་ལས་རོགས་ཀྱི་འགན་བཞེས། ཡིན་ནའང་སྤྱི་ལོ1938ལོར་མོ་སུའོ་ལི་ཉི་སྲིད་སྟེགས་སུ་བུད་རྗེས་དབྱི་ཐ་ལིའི་ཡིའུ་ཐའེ་བར་ངོ་རྒོལ་བྱེད་པའི་མི་རྒྱུད་ལ་མཐོང་ཆུང་བྱེད་པའི་ཁྲིམས་གཞི་རབ་དང་རིམ་པ་བཏོན་པ་དང་། དེའི་ནང་གི་གཅིག་ལས་ཡཱ་ལི་ཨན་གྱི་མི་མ་ཡིན་པའི་མི་རྒྱུད་གཞན་པས་རིག་གཞུང་ལས་རིགས་གང་ཡང་གཉེར་མི་ཆོག་པའི་བསྒྲགས་ཡིག་བཏང་བ་རེད། དེར་བརྟེན་ལས་ཀའི་དབང་ཆ་ཤོར་བའི་ཁོ་མོར་ཏུའུ་ལིང་སློབ་ཆེན་དུ་ཕྱག་ལས་གཔང་བའི་གོ་སྐབས་ཤོར་བ་རེད། ཡིན་ནའང་ཁོ་མོས་གནས་བབ་དེར་གཏན་ནས་གོ་མི་སྒུར་བར་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཁྱིམ་ཚང་གི་ཚོད་ལྟ་ཁང་ཐབས་ཆག་ཅིག་ནས་ཁྱིམ་བྱའི་སྦྲུམ་རྟེན་བེད་སྤྱད་དེ་དབང་རྩའི་ཚི་སྣའི་སྐྱེས་འཚར་སྐོར་ལ་ཚོད་ལྟ་དང་ཞིབ་འཇུག་བྱས། སྤྱི་ལོ1943ལོར་ཁྱིམ་མི་དང་མཉམ་དུ་ལྷོ་ཕྱོགས་ཀྱི་ཧྥུའུ་ལུའོ་ལུན་སཱ་རུ་བྲོས་བྱོལ་དུ་ཕེབས་པ་དང་སྤྱི་ལོ1945ལོར་སླར་ཡང་ཏུའུ་ལིང་དུ་ལོག

སྤྱི་ལོ1946ལོར་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ཡིས་གདན་ཞུ་དང་ལེན་བྱས་ཏེ་ཨ་རིའི་ཧྲེང་ལུའུ་དབྱི་སི་ཝ་ཧྲིང་ཏུན་སློབ་ཆེན་དུ་ཞིབ་འཇུག་གི་ཕྱག་ལས་གནང་བར་ཕེབས། དུས་རབས20བའི་ལོ་རབས50པའི་དུས་འགོར་ཁོ་མོས་སྲོག་ཆགས་ཀྱིས་རྨས་སྐྱོན་ཕོག་རྗེས་ལྕེ་ཡིས་རྨ་ཁ་ལྡག་སྲིད་ལ་དེ་ལས་རྨ་ཁ་མྱུར་དུ་སོས་ཀྱི་ཡོད་པར་དོ་སྣང་བྱུང་བ་དང་། སྲོག་ཆགས་ཀྱི་བྱ་སྤྱོད་དེར་ལ་དབྱེ་ཞིབ་བྱེད་འགོ་བརྩམས་ཤིང་། སྤྱི་ལོ1951ལོར་བྱི་བ་ཆུང་ཆུང་གི་ཁ་ཆུའི་ནང་ནས་སྲོག་ཆགས་ཀྱི་པགས་པའི་ཕྲ་ཕུང་འཚར་སྐྱེས་ཡོང་བར་སྐུལ་འདེད་བྱེད་ཐུབ་པའི་དངོས་པོ་དང་དབང་རྩའི་ཕྲ་ཕུང་འཚར་སྐྱེས་འབྱུང་བར་སྐུལ་འདེད་བྱེད་ཐུབ་པའི་དངོས་པོ་སྟེ། དབང་རྩའི་སྐྱེ་འཚར་རྒྱུད་རྒྱུNGFགསར་རྙེད་བྱུང་།      

སྤྱི་ལོ1952ལོར་ཁོ་མོས་དབང་རྩའི་འཚར་སྐྱེས་རྐྱེན་གྲངས་དབྱེ་འབྱེད་བྱས་ཏེ་དབང་རྩའི་སྐྱེས་འཚར་དང་འཕོ་འགྱུར་གྱི་ཆོས་ཉིད་གསལ་སྟོན་བྱས། སྤྱི་ལོ1958ལོར་དགེ་རྒན་ཆེན་མོ་བར་འཕར། སྤྱི་ལོ1961ལོ་ནས་སྤྱི་ལོ1969ལོའི་བར་རོ་མ་རུ་ཝ་དབྱི་ཐ་ལིའི་རྒྱལ་ཁབ་ཞིབ་འཇུག་ཨུ་ཡོན་ལྷན་ཁང(CNR)གི་དབང་རྩའི་སྐྱེ་དངོས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་སྐྱོང་བ་གནང་བ་དང་། སྤྱི་ལོ1969ལོ་ནས་སྤྱི་ལོ1978ལོའི་བར་ཕྲ་ཕུང་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་གི་གཙོ་སྐྱོང་བ་གནང་། སྤྱི་ལོ2012ལོའི་ཟླ12པའི་ཚེས31ཉིན་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ103ཡིན་པ་རེད།

2 ཚན་རིག་ཞིབ་འཇུག

འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་ལངས་པའི་རྐྱེན་གྱིས་སྒོ་ང་ཚོང་རའི་བྲིན་ཚོང་ཚོང་ཟོག་ཏུ་གྱུར། ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ཡིས་ཁྱིམ་བྱའི་སྦྲུམ་རྟེན་སྤྱད་དེ་དབང་རྩའི་ཚི་སྣའི་སྐྱེས་འཚར་སྐོར་ལ་ཞིབ་འཇུག་བྱ་ཆེད། ཁོ་མོས་རྒྱུན་དུ་རྐང་འཁོར་ཞོན་ནས་ཞིང་གྲོང་དུ་སོང་ནས་ཞིང་བའི་ལག་ནས་སྒོ་ང་ཉོ་གི་ཡོད། ཡུན་རིང་མ་སོང་བར་སློབ་ཆེན་སྐབས་ཀྱི་ཁོ་མོའི་སློབ་དཔོན་ལའེ་ཝེ་ཁོ་མོའི་གསང་བའི་ཞིབ་འཇུག་ནང་ཞུགས་ནས་ཁོ་མོའི་ལས་རོགས་པ་བྱས།  

སྤྱི་ལོ1943ལོར་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ཡིས་ཁྱིམ་མི་ཁྲིད་དེ་དབྱི་ཐ་ལི་ནས་པེར་ཀྲེམ་གྱི་གྲོང་གསེབ་ཏུ་བྲོས་བྱོལ་དུ་མི་འགྲོ་ཀ་མེད་བྱུང་བ་དང་། པེར་ཀྲེམ་གྱི་ཞིང་གྲོང་དུ་སྐོང་ནས་མུ་མཐུད་ཚན་རིག་ཞིབ་འཇུག་གི་ཕྱག་ལས་གནང་། རྗེས་སུ་ཁོ་མོས་མི་རྣམས་ལ་ངས་པེ་ཉི་ཐུའོ·མོ་སུའོ་ལི་ཉི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི་ཁོང་གིས་ཁོ་མོ་དམའ་རིམ་རིགས་རྒྱུད་ཡིན་པར་ཁྱབ་བསྒྲགས་བྱས་པས། དེས་ང་ལ་ལས་ཀའི་ཐད་ཀྱི་སྤྲོ་སྣང་མི་དམན་པ་བསྩལ་བ་རེད། མདོར་དེད་ནས་བཤད་ན་དཀའ་སྡུག་ཆེ་བའི་དུས་སྐབས་ལ་འཇིགས་སྐྲག་སྐྱེས་མི་རུང་། རྒྱུ་མཚན་ནི་རྒྱུན་པར་གྲུབ་འབྲས་ཡག་ཤོས་དེ་ཚོ་དུས་སྐབས་དེ་དག་རིང་བྱུང་བས་ཡིན་ཞེས་རང་ཉིད་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཀུན་ལ་ལོངས་སུ་སྤྱད། སྤྱི་ལོ1945ལོར་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་རྫོགས་རྗེས་ཁོ་མོ་པེར་ཀྲེམ་དུ་གནས་སྐབས་རིང་སྡོད་པའི་དུས་ཚོད་མཇུག་སྒྲིལ་ནས་སླར་ཡང་ཏུའུ་ལིང་དུ་ལོག་པ་རེད།

སྤྱི་ལོ1946ལོར་ཁོ་མོས་ཨ་རིའི་སྨི་སུའུ་ལི་ཀྲོའུ་ཡི་ཧྭ་ཧྲིང་ཏུན་སློབ་ཆེན་ཧྲེང་ལུའུ་དབྱི་སི་ཡན་ལག་སློབ་གྲྭའི་གདན་ཞུ་དང་ལེན་བྱས་ནས་དེ་གར་ཞིབ་འཇུག་གི་ཕྱག་ལས་གནང་བར་ཕེབས། སྤྱི་ལོ1952ལོར་ཁོ་མོ་དང་ཨ་རིའི་ཚན་རིག་པ་སི་ཐན་ལི·ཁུ་ཨེན་གཉིས་ཀྱིས་མཉམ་ལས་བྱས་ནས་དབང་རྩའི་སྐྱེས་འཚར་གྱི་རྐྱེན་གྲངས་དབྱེ་ཕྲལ་བྱས་ཤིང་། སྤྲི་དཀར་དེ་རིགས་ཀྱིས་མཐའ་འཁོར་གྱི་དབང་རྩའི་ཕུང་གྲུབ་ལ་ཕོག་ཐུག་བཏང་བ་བརྒྱུད་དེ་ཕྲ་ཕུང་སྐྱེས་འཚར་ཡོང་བར་སྐུལ་འདེད་གཏོང་བ་ཤེས་རྟོགས་བྱུང་ཞིང་། ཤེས་རྟོགས་དེར་བརྟེན་ནས་མིའི་རིགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་སྐྲན་ནད་དང་སྙིང་ཁམས་ཁྲག་རྩའི་ནད། ཨཱ་ཨེར་ཚི་ཧའེ་མོ་ནད། གླེན་ནད། ཁེར་རྐྱང་ནད་སོགས་གསོ་རིག་གི་དཀའ་གནད་ལ་ངོས་འཛིན་ཐུབ་པ་བྱུང་བ་མ་ཟད། གསོ་རིག་ལས་རིགས་ཀྱི་སྒལ་ཚིགས་ལ་རྨས་སྐྱོན་ཕོག་པ་གསོ་བཅོས་བྱེད་པའི་ཐད་ལ་རོགས་རམ་ཆེན་པོ་བྱུང་། ཁོ་མོས་རྟག་ཏུ་རང་ཉིད་ཀྱི་གྲུབ་འབྲས་དེ་སློབ་དཔོན་ལའེ་ཝེ་དང་སློབ་གྲོགས་སཱ་ཨེར་ཝ་ཏུའོ·ལུའུ་ལི་ཡཱ་དང་ལེ་ནཱ་ཐུའོ·ཏུའུ་ཨེར་པེ་ཁུ་བཅས་ལ་བརྟེན་ནས་བྱུང་བ་ཡིན་ཞེས་བརྗོད་ཀྱིན་ཡོད་ལ། གྲོགས་པོ་འདི་གཉིས་ལ་ཡང་རྗེས་སུ་ནོ་པེར་བྱ་དགའ་ཐོབ།

སྤྱི་ལོ1968ལོར་ལོ་རྒྱུས་ཐོག་ཨ་རིའི་རྒྱལ་ཁབ་ཚན་རིག་ཁང་གི་ཡོན་ཧྲིར་བདམས་པའི་བུད་མེད་ཨང་བཅུ་བར་གྱུར། སྤྱི་ལོ1986ལོར་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་དང་སི་ཐན་ལི·ཁུ་ཨེན་གཉིས་གྱིས་ལོ་ངོ30ལྷག་ཙམ་གྱི་གོང་དུ་དབང་རྩའི་སྐྱེས་འཚར་རྐྱེན་ཆ་དང་ཕྱི་ངོས་སྐྱི་པགས་ཀྱི་སྐྱེས་འཚར་རྐྱེན་ཆ་གསར་རྟོགས་བྱུང་བར་བྟེན་ནས་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་མཉམ་སྤྱོད་བྱས་པ་རེད།   

སྤྱི་ལོ1952ལོར་ཁོ་མོས་དབང་རྩའི་འཚར་སྐྱེས་རྐྱེན་གྲངས་དབྱེ་འབྱེད་བྱས་ཏེ་དབང་རྩའི་སྐྱེས་འཚར་དང་འཕོ་འགྱུར་གྱི་ཆོས་ཉིད་གསལ་སྟོན་བྱས། སྤྱི་ལོ1958ལོར་དགེ་རྒན་ཆེན་མོ་བར་འཕར། སྤྱི་ལོ1961ལོ་ནས་སྤྱི་ལོ1969ལོའི་བར་རོ་མ་རུ་ཝ་དབྱི་ཐ་ལིའི་རྒྱལ་ཁབ་ཞིབ་འཇུག་ཨུ་ཡོན་ལྷན་ཁང(CNR)གི་དབང་རྩའི་སྐྱེ་དངོས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་སྐྱོང་བ་གནང་བ་དང་། སྤྱི་ལོ1969ལོ་ནས་སྤྱི་ལོ1978ལོའི་བར་ཕྲ་ཕུང་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་གི་གཙོ་སྐྱོང་བ་གནང་། སྤྱི་ལོ2012ལོའི་ཟླ12པའི་ཚེས31ཉིན་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ103ཡིན་པ་རེད།

ཨ་རིར་ཁོ་མོས་སྤྲོ་སྣང་ལྡན་ཞིང་གྲུབ་འབྲས་ཐོབ་པའི་ལོ་ངོ་ཉི་ཤུ་ལྷག་ཙམ་བསྐྱལ་མོད། འོན་ཀྱང་རྒྱལ་ཁབ་གཞན་གྱི་སྐྱིད་ལ་སྡུག་པའི་འཚོ་བའི་ཁྲོད་ནས་ཁོ་མོས་ནང་ཡིན་ཡང་རང་གི་ཕ་ཡུལ་བརྗེད་ཀྱི་མེད། དེ་བས་ཁོ་མོས་ཧྭ་ཧྲིང་ཡུན་སློབ་ཆེན་གྱི་ཧྲེང་ལུའུ་དབྱི་སི་ཡན་ལག་སློབ་གྲྭར་ཞིབ་འཇུག་བྱས་པ་ཕུད། ད་དུང་སྤྱི་ལོ1961ལོ་ནས་སྤྱི་ལོ1969ལོའི་བར་རོ་མ་རུ་གདན་ཞུའི་དགེ་རྒན་ཆེན་མོ་བྱས་ནས་དབྱི་ཐ་ལིའི་རྒྱལ་ཁབ་ཞིབ་འཇུག་ཨུ་ཡོན་ལྷན་ཁང(CNR)གི་དབང་རྩའི་སྐྱེ་དངོས་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་དབང་རྩའི་སྐྱེ་དངོས་རིག་པའི་ཞིབ་འཇུག་གཙོ་སྐྱོང་གནང་བ་མ་ཟད། སྤྱི་ལོ1969ལོ་ནས་སྤྱི་ལོ1978ལོའི་བར་ཕྲ་ཕུང་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་གི་གཙོ་སྐྱོང་གནང་བ་རེད། སྤྱི་ལོ2001ལོར་ཁོ་མོར་དབྱི་ཐ་ལིའི་ཙུང་ཐུང་ཆན་ཕི་ཡིས་ཚེ་གང་གི་གྲོས་ཞུགས་མི་སྣའི་མིང་བཏགས་བསྩལ།

ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་དང་མཉམ་དུ་ལས་ཀ་བྱས་ནས་ལོ་ངོ40ཙམ་སོང་བའི་དབྱི་ཐ་ལིའི་ཚན་རིག་མཁས་ཅན་པི་ཏུ་ལུའོ·ཁཱ་ལི་སཱ་ནུའོ་ཡིས་དབང་རྩའི་སྐྱེས་འཚར་གྱི་རྐྱེན་ཆ་ཡིས་ནད་གཞིའམ་ཕྱི་རྨས་ཀྱིས་གནོད་འཚེ་ཕོག་པའི་དབང་རྩ་དབུ་མའི་དབང་རྩའི་མ་ལག་ཁག་གཅིག་སླར་གསོ་བྱེད་ཐུབ་ཀྱི་ཡོད། ལོ་འདི་དག་རིང་དབང་རྩའི་ཚན་རིག་ཁྱབ་ཁོངས་སུ་དེའི་ཐད་ཀྱི་ཞིབ་འཇུག་དེ་བས་གལ་འགངས་ཆེ་བར་གྱུར་ཡོད་ཅེས་བཤད། དེ་མིན་ཁོང་གིས་མེང་ཐཱ་ཨེར་ཆི་ཉི་སློབ་མ་ཚོ་དང་མཉམ་དུ་སྡོད་སྐབས་རྟག་ཏུ་འགྲོགས་བདེ་གཤིབ་བདེ་ཞིག་ཡིན་པ་དང་། ལུས་སྟེང་དུ་དགེ་རྒན་ཆེ་མོ་བ་གཞན་དག་ནང་བཞིན་མཐོ་སར་གནས་པའི་རང་ཆེ་རང་དྲག་གི་འདུ་ཤེས་གཏན་ནས་མེད་ཅེས་ཀྱང་བཤད།

3 གྲུབ་འབྲས་དང་མཚན་སྙན།

སྤྱི་ལོ1968ལོར་ཨ་རིའི་རྒྱལ་ཁབ་ཚན་རིག་གླིང་གི་ཡོན་ཧྲིར་བདམས།

སྤྱི་ལོ1986ལོར་སི་ཏན་ལི·ཁུ་ཨེན་དང་མཉམ་དུ་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། 

སྤྱི་ལོ1986ལོར་རྨང་གཞིའི་གསོ་རིག་ཞིབ་འཇུག་གི་ལཱ་སི་ཁུ་བྱ་དགའ་ཐོབ།

སྤྱི་ལོ1987ལོར་ཨ་རི་རྒྱལ་ཁབ་ཀྱི་ཚན་རིག་གཟེངས་རྟགས་ཐོབ་པ་དང་ཨ་རིའི་ཚན་རིག་པའི་སྡེའི་གཟི་བརྗིད་མཚན་སྙན་མཐོ་ཤོས་ཐོབ།

སྤྱི་ལོ2001ལོར་དབྱི་ཐ་ལིའི་ཙུང་ཐུང་ཆན་ཕི་ཡིས་ཚེ་གང་རིང་གི་གྲོས་ཞུགས་མི་སྣའི་མིང་བཏགས་གནང་།    

4 ཚེ་ཐག་རིང་བའི་གདམས་ངག

སྤྱི་ལོ2012ལོའི་ཟླ4བའི་ཚེས22ཉིན་ལོ་རྒྱུས་ཐོག་གི་ཚེ་རིང་ཤོས་ཀྱི་ནོ་པེར་བྱ་དགའ་ཐོབ་མཁན་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ཡིས་ཁོ་མོའི་དགུང་ལོ103ལ་སླེབས་པའི་སྐྱེས་སྐར་བསུས་བ་རེད། སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁོ་མོའི་ཚེ་ཐག་རིང་བའི་གདམས་པ་ནི་ཁོ་མོས་ཉི་མ་རྟག་པར་རྒྱུན་མཐོང་མི་ཡིན་པའི་དབང་རྩའི་སྐྱེས་འཚར་གྱི་རྐྱེན་ཆ་འདུས་པའི་བཏུང་བྱ་ཞིག་འཐུང་བཞིན་ཡོད་པ་དང་། དེ་ནི་མེང་ཐཱ་ཨེར་ཆི་ཉི་དང་ཨ་རིའི་སི་ཐན་ལི·ཁུ་ཨེན་གཉིས་ཀྱིས་སྤྱི་ལོ1951ལོའི་ཟླ6པར་ཧྭ་ཧྲེང་ཏུན་སློབ་ཆེན་གྱི་ཚོད་ལྟ་ཁང་ནས་གསར་རྙེད་བྱུང་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཡིན་པ་རེད།

5 སྤྱི་ཚོགས་གདེང་འཇོག

སྤྱི་ལོ2012ལོའི་ཟླ12པའི་ཚེས30ཉིན་གྱི་ཉིན་གུང་ཕུལ་དུ་བྱུང་བའི་བུད་མེད་ཚན་རིག་མཁས་ཅན་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་རོ་མའི་རང་ཁྱིམ་དུ་ཞི་འཇགས་ངང་འཇིག་རྟེན་འདི་དང་ཁ་བྲལ་བ་དང་ཁོ་མོའི་ཚ་མོས་གཉིད་དུ་ཡུར་བ་ལྟར་སྣང་ཞེས་བཤད། ཏུའུ་ལིང་གྲོང་ཁྱེར་གྱི་བུད་མེད་གྲོས་མི་ཕི་ཡའེ་ལཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉི་ཡིས་ས་གནས་དེ་གའི《གསར་འགྱུར་ཚགས་པར》ཐོག་ཏུ་ཚེ་སྲོག་གི་སྒྲོན་སྟེགས་ཤིག་ད་ནས་བཟུང་གཟིམས་པ་རེད་ཅེས་བཤད།

དབྱི་ཐ་ལིའི་ཙུང་ལི་མ་ལི་ཨའོ·མེང་ཏིས་དེ་ཉིན་གསལ་བསྒྲགས་སྤེལ་ནས་ལི་ཐཱ·ལའེ་ཝེ·མེང་ཐཱ་ཨེར་ཆི་ཉིའི་མི་གཤིས་ཀྱི་ཡིད་དབང་འཕྲོག་ཤུགས་དང་ཞུམ་མེད་ཀྱི་སྙིང་སྟོབས་ལ་གུས་འདུད་ཞུས་ནས་ཁོ་མོ་ནི་དབྱི་ཐ་ལིའི་སྤོབས་པ་ཡིན་པར་བསྔགས་བརྗོད་བྱས་པ་རེད། རོ་མའི་ཧྲི་ཀྲང་ཀྲན་ཉི·ཨ་ལའེ་མན་ནུའོ་ཡིས་མེང་ཐཱ་ཨེར་ཆི་ཉི་ཁ་བྲལ་བ་ནི་མིའི་རིགས་ཡོངས་ཀྱི་གྱོང་གུན་ཚབས་ཆེན་ཞིག་རེད་ཅེས་བརྗོད་པ་དང་ཁོ་མོ་ནི་སྤྱི་ཚོགས་ཀྱི་རྒྱུ་འབྲས་བློ་མིག་དང་ང་ཚོའི་དུས་རབས་འདིའི་ཚན་ཞིབ་སྙིང་སྟོབས། རིག་གནས་ཀྱི་མཚོན་བྱེད་ཅིག་རེད་ཅེས་བསྔགས་བརྗོད་བྱས་པ་རེད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཚོད་ལྟ། དབྱི་ཐ་ལི། དབང་རྩ།