སྒྱུ་རྩལ་སྤྱི་ཚོགས་རིག་པ།སྔ་མའི་པར་གཞི་དེ གནམ་ཐར་རྒྱལ།  ནས 2021-09-27 08:37ལ་འགྲུབ།

སྒྱུ་རྩལ་སྤྱི་ཚོགས་རིག་པ།

སྒྱུ་རྩལ་སྤྱི་ཚོགས་རིག་པ།
སྒྱུ་རྩལ་སྤྱི་ཚོགས་ཞེས་པ་ནི་སྤྱི་ཚོགས་རིག་པའི་ཡན་ལག་གི་རིག་ཚན་ལ་ཟེར། ནུབ་ཕྱོགས་ཀྱི་མཛེས་དཔྱོད་རིག་པ་ལས་བྱུང་བ་དང་། དུས་རབས20བའི་ལོ་རབས20བར་གྲུབ་པ་རེད། གཙོ་བོ་སྒྱུ་རྩལ་ལས་ཐོན་པའི་སྤྱི་ཚོགས་ཀྱི་རྨང་གཞིར་ཞིབ་འཇུག་བྱེད་པ། སྒྱུ་རྩལ་གྱི་རྣམ་པ་དང་སྒྱུ་རྩལ་གྱི་ཉམས་འགྱུར་མི་འདྲ་བ་ལས་འགྱུར་ལྡོག་བྱུང་བའི་སྤྱི་ཚོགས་ཀྱི་འབྱུང་རྩ། རིག་གནས་ཀྱི་རིམ་གྲས་མི་འདྲ་བའི་མཛེས་དཔྱད་ཀྱི་འདོད་ཕྱོགས་དང་གཟིགས་དཔྱད་ཀྱི་སེམས་ཁམས། སྒྱུ་རྩལ་ཐོན་རྫས་བཅས་ལ་སྤྱི་ཚོགས་ཀྱིས་གདེང་འཇོག་བྱེད་པ། སྒྱུ་རྩལ་གྱིས་མཚོན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་། སྤྱི་ཚོགས་ཀྱི་གནད་དོན། སྤྱི་ཚོགས་ཀྱི་ཕུགས་བསམ་བཅས་དང་། སྒྱུ་རྩལ་བའི་སྤྱི་ཚོགས་ཀྱི་གོ་གནས་དང་སྤྱི་ཚོགས་ཀྱི་ནུས་པ་སོགས་ཡིན། སྤྱི་ལོ2009ལོའི་ཟླ1པོར་ཅང་སུའུ་མཛེས་རྩལ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
艺术社会学
རྩོམ་པ་པོ།
ཝེ་ཏུའོ་ལི་ཡཱ། ཡཱ་ལི་ཧྲན་ཏཱ།
དཔེ་སྐྲུན་ཁང་།
ཅང་སུའུ་མཛེས་རྩལ་དཔེ་སྐྲུན་ཁང་།
དཔེ་སྐྲུན་དུས་ཚོད།
སྤྱི་ལོ2009ལོའི་ཟླ1པོ།
ISBN
9787534422416
1 ནང་དོན་མདོར་བསྡུས།

《སྒྱུ་རྩལ་སྤྱི་ཚོགས་རིག་པ》ནི་སྒྱུ་རྩལ་སྤྱི་ཚོགས་རིག་པའི་ཞིབ་འཇུག་ལ་ཕྱོགས་ཡོངས་ནས་རགས་བཤད་བྱས་པ་ཞིག་ཡིན་ལ། ཁྱབ་ཁོངས་དེའི་ཆེས་ཕུལ་དུ་བྱུང་བའི་ཆེད་མཁས་པས་བྲིས་པའི་རིག་གཞུང་ཆེད་རྩོམ་ཞིག་ཀྱང་ཡིན།《སྒྱུ་རྩལ་སྤྱི་ཚོགས་རིག་པ》ཕྱོགས་བསྡུས་སྒྱུ་རྩལ་ཀྱི་སྤྱི་ཚོགས་རིག་པའི་ཁྲོད་ཀྱི་གཞུང་ལུགས་ཀྱི་དཔེ་དབྱིབས་སྣ་ཚོགས་ཡོད་པར་མ་ཟད། ཉམས་མྱོང་རང་བཞིན་གྱི་གྱོད་དཔེ་མང་པོ་འདོན་སྤྲོད་བྱས་ཡོད་དེ། དེའི་ནང་དུ་སྒྱུ་རྩལ་སྤྱི་ཚོགས་རིག་པའི་ཞིབ་འཇུག་ཁྲོད་དུ་ཆེར་བསྐྱེད་རང་བཞིན་ལྡན་པའི་དཔེ་མཚོན་འདུས་ཡོད། སྒྱུ་རྩལ་བརྩམས་ཆོས་སྐོར་གྱི་དཔེ་མཚོན་ཞིབ་འཇུག་འདི་དག་ནི་རིག་གནས་རྒྱུན་མཐུད་བར་ཀྱི་སྣེ་གཉིས་ནས་བྱུང་བ་སྟེ། མཛེས་པའི་སྒྱུ་རྩལ(ཟློས་གར་དང་ཞབས་བྲོ། མཉམ་སྒྲོག་རོལ་མོ། གླུ་གར)དང་། དར་ཁྱབ་ཆེ་བའི་སྒྱུ་རྩལ(ཧའོ་ལའེ་ཝུའུ་ཡི་གློག་བརྙན་དང་དར་ཁྱབ་ཆེ་བའི་རོལ་དབྱངས། བརྩམས་སྒྲུང་ཐ་ཤལ། བརྙན་འཕྲིན་ཟློས་གར། བརྡ་ཁྱབ)བཅས་ཡིན། ཞིབ་འཇུག་འདི་དག་དང《སྒྱུ་རྩལ་སྤྱི་ཚོགས་རིག་པ》གཉིས་ལ་རིགས་པའི་གཞུང་ལུགས་རྒྱ་ཆེ་ཞིང་གཏིང་ཟབ་པ་གཉིས་ཟུང་འབྲེལ་བྱས་ཡོད་པས། སྒྱུ་རྩལ་གསར་སྐྲུན་དང་དབྱེ་བགོ། དང་ལེན། འཛད་སྤྱོད། བེད་སྤྱོད་བཅས་བྱེད་པའི་གོ་རིམ་གསལ་སྟོན་བྱས་ཡོད།《སྒྱུ་རྩལ་སྤྱི་ཚོགས་རིག་པའི》ནང་དུ་ད་དུང་སྒྱུ་རྩལ་བརྩམས་ཆོས་རང་སྟེང་དང་སྒྱུ་རྩལ་བརྩམས་ཆོས་ཀྱི་དོན་སྙིང་ཐད་ཉེ་ལམ་བྱུང་བའི་རྩོད་གླེང་ལ་གྲོས་བསྡུར་བྱས་ཡོད།

2 རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

ཝེ་ཏུའོ་ལི་ཡཱ་ཡཱ་ལི་ཧྲན་ཏཱVictoria D.Alexanderནི་ད་ལྟ་དབྱིན་ཇིའིSurrevསློབ་ཆེན་སྤྱི་ཚོགས་ཚན་ཁག་གི་འཆད་ཁྲིད་དགེ་རྒན་ཡིན་པ་དང་། ཁོང་གིས《བཤམས་སྟོན་ཁང་དང་གསེར་དངུལ། གསེར་དངུལ་གྱིས་འགྲེམས་སྟོན་དང་། རིག་གཞུང་གཉེར་སྐྱོང་བཅས་ལ་ཤུགས་རྐྱེན་ཐེབས་ཚུལ》(Museumsand Money:The Impact of Funding Exhibitions .Scholarship anagement)(1996)སོགས་ཆེད་རྩོམ་བྱས་ཡོད།

ཀྲང་ཧའོ། ཁྱབ་བསྒྲགས་རིག་པའི་འབུམ་རམས་པ་དང་དགེ་རྒན་ཆེན་མོ་གཞོན་པ། ནན་ཅིང་དགེ་འོས་སློབ་ཆེན་གྱི་གསར་འགྱུར་དང་ཁྱབ་བསྒྲགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་བཅས་ཡིན། བརྩམས་ཆོས་ལ《མང་ཚོགས་ལ་གོ་སྐོན་བློ་འགུག་བྱེད་པ》དང《དར་ཁྱབ་ཆེ་བའི་རིག་གནས་ཀྱི་ཐོན་སྐྱེད་མྱུར་མོ》《བརྙན་འཕྲིན་སྨྱན་སྦྱོར་ཞིབ་འཇུག》སོགས་ཡོད། 

ཧྲེན་དབྱང་ནི་དབྱིན་ཡིག་ཆེད་ལས་ནས་སློབ་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་གྱི་བརྒྱུད་རིམ་ལྡན། དུས་ཡུན་རིང་བོར་སྲིད་གཞུང་གི་ཕྱི་དོན་སྡེ་ཁག་ཏུ་ཡིག་བསྒྱུར་གྱི་ལས་ཀ་བྱེད་བཞིན་ཡོད་པས་སྒྱུ་རྩལ་སྤྱི་ཚོགས་རིག་པར་སྤྲོ་བ་ཆེན་པོ་ཡོད། 


དཔྱད་གཞིའི་ཡིག་ཆ།