ཝ་ཝུན་སཱ།སྔ་མའི་པར་གཞི་དེ མགོན11  ནས 2021-09-27 08:41ལ་འགྲུབ།

ཝ་ཝུན་སཱ།

ཝ་ཝུན་སཱ།
ཁོང་ནི་ཕོ་ལན་གྱི་ཆབ་སྲིད་པ་དང་མཐུན་སྒྲིལ་བཟོ་ཚོགས་ཀྱི་འགོ་ཁྲིད་པ་ཡིན། སྤྱི་ལོ1967ལོར་ཀེ་ཏན་སི་ཁུ་ལེ་ཉིན་གྲུ་གཟིངས་བཟོ་གྲྭར་གློག་ལས་བཟོ་བ་བྱས། སྤྱི་ལོ1980ལོའི་ཟླ8པ་ནས་ཟླ9པའི་བར་གྱི་བཟོ་པའི་རླབས་རྒྱུན་གྱི་སྐབས་སུ་ཀེ་ཏན་སི་ཁུ་མཉམ་འབྲེལ་ལས་མཚམས་འཇོག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་བཞེས། སྤྱི་ལོ1981ལོར《དུས་རབས་དུས་དེབ》ཀྱི་ལོ་འཁོར་གྱི་མི་སྣར་བདམས། སྤྱི་ལོ1983ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། སྤྱི་ལོ1989ལོར་ཨ་མེ་རི་ཁའི“ཧྥེ་ཁྲིན་རང་དབང་གི་བྱས་རྗེས་གཟེངས་རྟགས”ཐོབ། སྤྱི་ལོ1990ལོའི་ཟླ12པ་ནས་སྤྱི་ལོ1995ལོའི་ཟླ12པའི་བར་ཕོ་ལན་གྱི་ཙུང་ཐུང་གི་འགན་བཞེས་པ་དང་། སྤྱི་ལོ1995ལོར་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་དམངས་གཙོ་ཏང་གི་ཡཱ་ལི་ཧྲན་ཏཱ•ཁི་ཝ་ཞི་ཉེ་ཧྥུ་སི་ཅིས་ཕམ་པར་བྱས་ཏེ་སྲིད་སྟེགས་ནས་མར་བབས། སྤྱི་ལོ2000ལོར་ཙུང་ཐུང་འདེམས་བསྐོའི་འགྲན་བསྡུར་ལ་ཡང་བསྐྱར་ཕམ་ཁ་ཉོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
莱赫•瓦文萨
ཕྱི་ཡིག་གི་མིང་།
Lech Walesa
མཚན་ཧྲིལ་བོ།
ལའེ་ཧུ•ཝ་ཝུན་སཱ།
རྒྱལ་ཁབ།
ཕོ་ལན།
འཁྲུངས་ཡུལ།
ཕོ་ལན་གྱི་ཕོ་ཕོ་ཝོ།
འཁྲུང་ལོ།
སྤྱི་ལོ1943ལོའི་ཟླ9པའི་ཚེས29ཉིན།
ལས་རིགས།
ཆབ་སྲིད་པ།  གློག་ལས་བཟོ་བ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1983ལོར་ནོ་པེར་ཞི་བདེའི་བྱ་དགའ་ཐོབ། ཕོ་ལན་གྱི་ཙུང་ཐུང་དང་པོ།(སྤྱི་ལོ1990ལོ་ནས་སྤྱི་ལོ1995ལོའི་བར)སྤྱི་ལོ1981ལོའི་དུས་རབས་དུས་དེབ་ཀྱི་ལོ་འཁོར་གྱི་མི་སྣར་བདམས།
1 ངོ་སྤྲོད།

ལའེ་ཧུ•ཝ་ཝུན་སཱ་ནི་ཕོ་ལན་མཐུན་སྒྲིལ་བཟོ་ཚོགས་ཀྱི་འགོ་ཁྲིད་པ་ཡིན། སྤྱི་ལོ1967ལོར་ཡེ་ཞའོ་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཀེ་ཏན་སི་ཁུ་ལེ་ཉིན་གྲུ་གཟིངས་བཟོ་གྲྭར་གློག་ལས་བཟོ་བ་བྱས། སྤྱི་ལོ1970ལོར་ཁྲག་བཞུར་ལས་མཚམས་འཇོག་པའི་རྩ་འཛུགས་ནང་ཞུགས་པས་ལོ་གཅིག་ལ་བཙོན་འཇུག་བྱས། སྤྱི་ལོ1978ལོར་ཁྲིམས་འགལ་གྱི་གསང་བའི་བཟོ་ཚོགས་སུ་ཞུགས། སྤྱི་ལོ1980ལོར་ཀི་ཏན་སི་ཁི་ལེ་ཉིན་གྲུ་གཟིངས་བཟོ་གྲྭའི་འགོ་ཁྲིད་དེ་ལས་མཚམས་བཞག་པ་དང་མཐུན་སྒྲིལ་བཟོ་ཚོགས་བཙུགས། སྤྱི་ལོ1981ལོར་ཨ་མེ་རི་ཁའི《དུས་རབས་དུས་དེབ》ཞེས་པའི་ལོ་འཁོར་གྱི་མི་སྣར་བདམས།

སྤྱི་ལོ1989ལོར་མཐུན་སྒྲིལ་བཟོ་ཚོགས་ཀྱིས་མཉམ་འབྲེལ་སྲིད་གཞུང་སྲིད་སྟེགས་ཐོག་སླེབས། སྤྱི་ལོ1990ལོར་ཝ་ཝུན་སཱ་ཕོ་ལན་གྱི་ཙུང་ཐུང་ལ་བདམས། སྲིད་སྟེགས་ཐོག་སླེབས་རྗེས་ཝ་ཝུན་སཱ་ཡིས“རྩེ་ཏོག་དམག་འཁྲུག” སྤེལ་ཏེ། གོང་ནས་འོག་བར་སྲིད་གཞུང་ལ་བསྒྱུར་བཅོས་བྱས་མོད། འོན་ཀྱང་དམངས་ཚོགས་ཀྱིས་ལས་མཚམས་བཞག་ནས་གོ་གནས་བཙུགས་པའི་ཙུང་ཐུང་དེས་ཁོ་ཚོར་དམངས་གཙོ་སྤེལ་མི་ཐུབ་པ་ཤེས། སྤྱི་ལོ1995ལོར་ཕོ་ལན་སྤྱི་མཐུན་རྒྱལ་ཁབ་སྤྱི་ཚོགས་དམངས་གཙོ་ཏང་གི་ཡཱ་ལི་ཧྲན་ཏཱ•ཁི་ཝ་ཞི་ཉེ་ཧྥུ་སི་ཅིས་ཕམ་པར་བྱས་ཏེ་སྲིད་སྟེགས་ནས་མར་བབས།  འོན་ཀྱང་སྤྱི་ལོ2000ལོར་ཁོང་སླར་ཡང་ཙུང་ཐུང་འདེམས་བསྐོའི་ནང་ཞུགས་མཐར་འདེམས་ཤོག1.01%ལས་ཐོབ་མེད། སྐབས་དེར་ཕོ་ལན་གྱིས་ཝ་ཝུན་སཱ་ལ་ཟུར་ཟ་བྱེད་པའི་གླུ་གཞས་གཉིས་རྒྱལ་ཡོངས་སུ་དར་ཁྱབ་ཆེན་པོ་བྱུང་བ་སྟེ། གཅིག་ནི《ནམ་ཡང་གློག་ལས་བཟོ་བ་ལ་ཡིད་ཆེས་བྱེད་མི་རུང》དང་། གཞན་ཞིག་ནི《ཝ་ཝུན་སཱ། ངའི་སྒོར་དུང་ཕྱུར་གཅིག་དེ་གང་ལ་བུད་སོང》ཞེས་པ་དེ་ཡིན།

དཔྱད་གཞིའི་ཡིག་ཆ།