མུའུ་ལུ།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:30ལ་འགྲུབ།

མུའུ་ལུ།

མུའུ་ལུ།
ཁོང་ནི་སྤྱི་ལོ1899ལོའི་ཟླ1པོའི་ཚེས12ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་ཨའོ་ཨེར་ཏེང་དུ་སྐུ་འཁྲུངས་ཤིང་། སུའེ་ཙེར་གྱི་རྫས་འགྱུར་རིག་པ་བ་ཞིག་ཡིན། ཁོང་གིསDDTཡི་འབུ་གསོད་ནུས་པ་ཤེས་རྟོགས་བྱུང་བར་བརྟེན་ནས་སྤྱི་ལོ1948ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ། སྤྱི་ལོ1965ལོའི་ཟླ10བའི་ཚེས12ཉིན་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保罗·赫尔曼·穆勒
ཕྱི་ཡིག་གི་མིང་།
Paul Hermann Müller
མཚན་ཧྲིལ་པོ།
པའོ་ལུའོ·ཧུ་ཨེར་མན·མུའུ་ལུ།
རྒྱལ་ཁབ།
སུའེ་ཙེར།
འཁྲུངས་ཡུལ།
སུའེ་ཙེར་རྒྱལ་ཁབ་ཀྱི་ཨའོ་ཨེར་ཏེང་།
འཁྲུངས་འདས་ལོ་ཚིགས།
སྤྱི་ལོ(1899.1.12-1965.10.12)
མཐར་ཕྱིན་སློབ་གྲྭ།
པཱ་སའེ་ཨེར་སློབ་ཆེན།
བསླབ་གནས།
འབུམ་རམས་པ།
གྲུབ་འབྲས་གཙོ་བོ།
སྤྱི་ལོ1948ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ།
1 ​ངོ་སྤྲོད།

པའོ་ལུའོ·ཧུ་ཨེར་མན·མུའུ་ལུ་ནི་སྤྱི་ལོ1899ལོའི་ཟླ1པོའི་ཚེས12ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་ཨའོ་ཨེར་ཏེང་དུ་སྐུ་འཁྲུངས་ཤིང་། སུའེ་ཙེར་གྱི་རྫས་འགྱུར་རིག་པ་བ་ཞིག་ཡིན། སྤྱི་ལོ1939ལོའི་སྟོན་ཁར་ཁོང་གིསDDTཡི་འབུ་གསོད་པའི་ནུས་པ་ཤེས་རྟོགས་བྱུང་པས། སྤྱི་ལོ1948ལོར་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པ་དང་། དེ་ནི་སྐྱེ་དངོས་རིག་པ་བ་མ་ཡིན་པའི་མཁས་པར་གཟི་བརྗིད་མཚན་སྙན་དེ་ཐོབ་པ་ཐོག་མ་དེ་རེད། སྤྱི་ལོ1965ལོའི་ཟླ10བའི་ཚེས12ཉིན་སུའེ་ཙེར་རྒྱལ་ཁབ་ཀྱི་པཱ་སའེ་ཨེར་དུ་སྐུ་གཤེགས།

2 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1899ལོའི་ཟླ1པོའི་ཚེས12ཉིན་རྫས་འགྱུར་རིག་པ་བ་པའོ་ལུའོ·ཧུ་ཨེར་མན·མུའུ་ལུ་སུའེ་ཙེར་གྱི་ཨའོ་ཨེར་ཏུན་དུ་འཁྲུངས། ཡུན་རིང་མ་འགོར་བར་ཁྱིམ་མི་ཚང་མ་པཱ་སའེ་ཨེར་དུ་གནས་སྤོ་བྱས། མཐོ་འབྲིང་མཐར་ཕྱིན་རྗེས་ཏུ་ལའེ་ཧྥེ་སི་ཀུང་སིར་སོང་ནས་ཞིབ་འཇུག་ལས་རོགས་པ་བྱས། རྗེས་སུ་ལུན་ཁྲ་ཀུང་སིའི་ཚན་རིག་བཟོ་ལས་ཞིབ་འཇུག་ཁང་གི་རྫས་འགྱུར་ལས་རོགས་པ་བྱས།

སྤྱི་ལོ1918ལོར་པཱ་སའེ་ཨེར་སློབ་ཆེན་དུ་ཞུགས་ནས་རྫས་འགྱུར་སློབ་སྦྱོང་བྱས། སྤྱི་ལོ1922ལོར་སློབ་གྲྭ་དེ་གའི་འབུམ་རམས་པའི་བསླབ་གནས་ཐོབ་ཅིང་། པཱ་སའེ་ཨེར་སློབ་ཆེན་རྫས་འགྱུར་སློབ་དཔྱོད་ཁང་དུ་འཆད་ཁྲིད་དགེ་རྒན་གྱི་འགན་བཞེས།

སྤྱི་ལོ1925ལོར་པཱ་སའེ་ཨེར་གྱི་ཀའེ་ཅི་ཚོས་རྒྱུ་ཀུང་སིར་ལས་ཀ་བྱེད་པར་ཕེབས། སྤྱི་ལོ1946ལོར་རྩི་ཤིང་སྲུང་སྐྱོང་དངོས་པོ་གསར་སྤེལ་ཞིབ་འཇུག་པུའུ་ཡི་པུའུ་ཀྲང་གི་ལས་ཚབ་པུའུ་ཀྲང་དུ་གྱུར།

མུའུ་ལི་ཡིས་དུས་མགོར་རྩི་ཤིང་གི་ཚོས་རྒྱུ་དང་མཉེན་རྫས་ལ་ཞིབ་འཇུག་བྱས་པ་དང་། པགས་པའི་མཉེན་རྫས་ལ་ཞིབ་འཇུག་བྱས་པ་ཅུང་མང་། སྤྱི་ལོ1933ལོ་ནས་བཟུང་འབུ་གསོད་སྨན་རྫས་ལ་ཞིབ་འཇུག་བྱེད་འགོ་བརྩམས་ཏེ། ཐོག་མརMitinཟེར་བའི་གྱོན་ཆས་ཀྱི་འབུ་འགོག་སྨན་རྙེད་པ་དང་། སྤྱི་ལོ1935ལོར་དངུལ་ཆུ་མ་ཡིན་པའི་དུག་སེལ་སྨནGulaminonཚོད་བཟོ་ལེགས་འགྲུབ་བྱུང་།

སྤྱི་ལོ1935ལོའི་རྗེས་སུ་ལོ་བཞིའི་དུས་ཚོད་བེད་སྤྱད་ནས་ད་གཟོད་གནོད་འབུ་རིགས་མང་པོ་གསོད་ཐུབ་པའི་ནུས་པ་ལྡན་པའིDDTཚོད་བཟོ་བྱས། DDTསྤྱོད་སྒོ་རྒྱ་ཆེ་ལ་ཕན་འབྲས་ཀྱང་ལེགས་པོ་ཐོབ་པས། མི་རྣམས་ཀྱིས་དེ་དང་སྔོ་རླམ་རྒྱུ། རྡུལ་ཕྲན་འབར་མདེལ་གསུམ་ལ་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་ཀྱི་གསར་གཏོད་ཆེན་པོ་གསུམ་ཞེས་བརྗོད་ཀྱི་ཡོད། DDTའབུ་གསོད་སྨན་རྫས་གསར་གཏོད་བྱས་པས་ཁོང་ལ་སྤྱི་ལོ1948ལོའི་ནོ་པེར་ལུས་ཁམས་རིག་པའམ་གསོ་རིག་གི་བྱ་དགའི་དངུལ་ཐོབ། སྤྱི་ལོ1965ལོའི་ཟླ10བའི་ཚེས12ཉིན་དགུང་ལོ66ལ་སླེབས་པའི་མུའུ་ལུ་སུའེ་ཙེར་རྒྱལ་ཁབ་ཀྱི་པཱ་སའེ་ཨེར་དུ་སྐུ་གཤེགས།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

སུའེ་ཙེར། DDT དུག་སེལ་སྨན།