རྒྱུ་སྲིན་ནར་མོའི་ནད།སྔ་མའི་པར་གཞི་དེ ཀླུKlu  ནས 2021-08-26 09:31ལ་འགྲུབ།

རྒྱུ་སྲིན་ནར་མོའི་ནད།

རྒྱུ་སྲིན་ནར་མོའི་ནད།
རྒྱུ་སྲིན་ནར་མོ(རླུང་སྲིན་ཐུར་མ་འདྲ་བ་ཡང་ཟེར)ཟེར་བ་དེ་ནི་རྒྱུ་མའི་ནང་སྐྱེ་འཕེལ་བྱུང་བའི་རྒྱུ་སྲིན་ནར་མོ་ཅན་དེར་ཕོག་ཐུག་བྱུང་ནས་གློ་བུར་དུ་ཁོག་པའི་ནང་གཟེར་ཟུག་ཛ་དྲག་པོ་གཏོང་བའི་ནད་ཅིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
蛔虫病
ཕྱི་ཡིག་གི་མིང་།
ascariasis
གསོ་བཅོས་ཚན་ཁག
ཁོང་ནད་ཚན་ཁག
ཁོངས་གཏོགས།
བོད་ལུགས་གསོ་རིག
1 སློང་རྐྱེན།

ཐོག་མར་ཟས་སྐོམ་བཙོག་པའི་རིགས་བསྟེན་པའི་རྐྱེན་གྱིས་རྒྱུ་མའི་ནང་སྲིན་དེ་སྐྱེ་འཕེལ་བྱུང་བ་དང་། དེ་རྗེས་ཟས་སྐོམ་དཀར་མངར་རིགས་བསྟེན་པ་དང་། ལུས་ཁམས་འཁྱགས་པ་སོགས་ཀྱིས་ནད་དེ་སློང་གི་ཡོད་པ་རེད།

2 ནད་རྟགས།

ལྟེ་བའི་གཡས་གཡོན་དུ་གླང་རུ་བཙུགས་པ་ལྟར་ལྡང་དུབ་ཅན་གྱིས་གཟེར་ཟུག་ཛ་དྲག་པོ་གཏོང་བ་དང་། གཅུས་འདྲིལ་རྒྱག་པ། རྔུལ་ནག་དོན་པ། སྐྱུག་ལྡང་བྱེད་པ། འགག་སྒྲེག་རྒྱག་པ། འོག་རླུང་དང་བཤང་བ་འགག་པ། དུས་རྒྱུན་སྲིན་འབུ་སྐྱུག་པའམ་ཡང་ན་བཤང་བ་དང་མཉམ་དུ་དོན་པ་སོགས་ཀྱི་མངོན་ཚུལ་ཡོད་ཅིང་། ད་དུང་སྲིན་དེ་མཁྲིས་པའི་ནང་འཛུལ་ཏེ་མཁྲིས་པའི་གླང་ཐབས་ཀྱི་ནད་དང་། རྒྱུ་མ་འགགས་པའི་ནད་ཀྱང་སློང་སྲིད་ཀྱི་རེད།

3 སྔོན་འགོག

དུས་རྒྱུན་ནས་ཟས་རིགས་བཙོག་པའི་རིགས་བཟའ་རྒྱུ་མེད་པ་དང་། ལྟོ་ཆས་ཟ་ཁར་ལག་པ་འཁྲུ་དགོས་ལ། ལུས་ཁམས་འཁྱགས་པ་དང་ཆུ་གྲང་མོ་འཐུང་བ་སོགས་ཀྱང་བྱེད་རྒྱུ་མེད།

4 བཅོས་ཐབས།

སྨན་ཆིག་ཐུབ་རིལ་བུ་དང་ཞི་ཁྱུང་། ཁྱུང་ལྔ། གཡུ་ཁྱུང་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་བེད་སྤྱོད་བྱས་ཆོག


བརྡ་འགྲེལ་གདོང་འཛར།

རྒྱུ་སྲིན། ཞི་ཁྱུང་། ཁྱུང་ལྔ།